མཐིང་མདོག་གི་ལོ་སར་ཤིས་ཚིག

བློ་བཟང་འཇིགས་མེད།
2025-01-19

མཐིང་མདོག་གི་ལོ་སར་ཤིས་ཚིག


བློ་བཟང་འཇིགས་མེད་ནི་མཚོ་སྔོན་ཞིང་ཆེན་གྱི་ཡིག་མཁན་ཞིག་ཡིན་ལ།   ཁོང་གིས་ཡིག་གཟུགས་བརྩམས་ཆོས་གསར་རྩོམ་གྱི་ཁྲོད་དུ་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ནང་དོན་དང་།   སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་གྱི་ཉིང་བཅུད་ཟུང་དུ་སྦྲེལ་ཏེ།   དག་སྙོམ་མཛེས་གསུམ་གྱི་ཁྱད་ཆོས་ལྡན་པའི་སྨྱུག་རྩལ་ལ་ཤ་རུས་ཁྲག་གསུམ་གྱི་ཟུང་ཤུགས་འདུས་ཤིང་། སྨྱུག་རིས་ཀྱི་འགྱུར་ཁུགས་རེ་རེའི་ཁྲོད་ན་མི་རྣམས་ཀྱིས་འཚོ་བར་བཅངས་པའི་དགའ་ཞེན་དང་འབྱུང་འགྱུར་ལ་རེ་བའི་སྨོན་འདུན་བཅས་འདུས་ཡོད།

གཤམ་ནས་ངེད་དྲ་ལམ་པར་རིས་བརྒྱུད་དེ་ཁོང་གི་ལོ་སར་ཤིས་ཚིག་གི་སྒྱུ་རྩལ་ལ་རོལ་མྱོང་དང་། མ་འོངས་འཚོ་བའི་སྨོན་འདུན་དག་མངོན་དུ་འགྱུར་བའི་ལས་སུ་གཞོལ་བར་བྱའོ།།




洛桑久美1 (2).jpg

ཐེངས་འདིའི་ཤིས་ཚིག་གི་རྩོམ་པ་པོ།




洛桑久美1 (1).jpg



洛桑久美1 (3).jpg




洛桑久美1 (4).jpg




洛桑久美1 (5).jpg




洛桑久美1 (6).jpg




洛桑久美1 (7).jpg




洛桑久美1 (8).jpg




洛桑久美1 (9).jpg




洛桑久美1 (10).jpg





洛桑久美1 (11).jpg




洛桑久美1 (12).jpg





洛桑久美1 (13).jpg






རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

      རྫོང་སྔོན་བློ་བཟང་འཇིགས་མེད། སྨྱུག་མིང་ལ་གངས་རྩེ་སྨྱུག་ཏུ་འབོད། རེབ་གོང་རྩེ་ཁོག་ཏུ་སྐྱེས། ལང་ཚོའི་ཟུངས་ཁྲགཅེས་པའི་སྙན་དེབ་པར་བསྐྲུན་བྱས།སྦྲང་ཆར་དང་གངས་རྒྱན་མེ་ཏོག་སོགས་བོད་ཁུལ་གྱི་དུས་དེབ་སྟེང་སྙན་ངག་གང་མང་བཀོད། རྒྱལ་ཡོངས་སྐབས་དང་བོའི་གངས་རྒྱན་མེ་ཏོག་རྟགས་མའི་རྩོམ་རིག་བྱ་དགའ་ཐོབ།རྒྱལ་ཡོངས་དང་ཞིང་ཆེན། ཁུལ་རིམ་པའི་ཡིག་གཟུགས་བྱ་དགའ་གང་མང་ཐོབ།མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་ཡིག་གཟུགས་བརྩམས་ཆོས་ཕྱོགས་བསྒྲིགས》《མཚོ་སྔོན་རེབ་གོང་།》《རེབ་གོང་སྒྱུ་རྩལ་ཞིབ་འཇུག》《གསེར་མོ་ལྗོངས།》《རོང་བོ་དགུ་ཆུ།》《ཝང་གཉིས་རྒྱལ་ཡོངས་སྐབས་བཞི་བའི་ཡིག་རིས་བྱ་དགའ་ཐོབ་པའི་བརྩམས་ཆོས་འདེམ་བསྒྲིགས།》《ཀྲུང་གོ་བོད་ཀྱི་དྲ་བ།》《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ》《མཚོ་སྔོན་བོད་ཡིག་གསར་འགྱུར།》《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།》《གངས་རྒྱན་ན་ཆུང་ཚགས་པར།》《ཁམས་པའི་ཚགས་པར།》《རྔ་བའི་གསར་འགྱུར་ཚགས་པར།》《རྨ་ལྷོ་བོད་ཡིག་ཚགས་པར།》《མཚོ་སྔོན་པོ་དྲ་བ》《མཚོ་ལྷོའི་བོད་ཡིག་ཡིག་གཟུགས་འཕྲིན་སྟེགས།》《རྨ་ལྷོ་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགསསོགས་ཀྱི་སྟེང་ཡིག་གཟུགས་བརྩམས་ཆོས་བདམས་བཀོད་བྱས།གཞན་ཡང་བརྩམས་ཆོས་ཁག་ཅིག་ལ་ཉར་ཚགས་འཛིན་ཡིག་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་།མཚོ་སྔོན་ཞིང་ཆེན་སྲ་སྨྱུག་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི།རྫོང་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ་བཅས་ཡིན།


སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།

阅读586
分享
写下您的评论吧