གསེར་བྲིས་ཡིག་མཁན་གྲགས་པ་རྒྱ་མཚོ།

གྲགས་རྒྱམ།
2024-10-21


གསེར་བྲིས་པ་གྲགས་རྒྱམ་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།


49知华加措16.jpg



      དྲ་མིང་ལ་བྲིས་པའམ་དངོས་མིང་ལ་གྲགས་པ་རྒྱ་མཚོར་འབོད་པའི་གསེར་བྲིས་པ་ཁོང་ནི་རེབ་གོང་མདོ་བ་འབྲོག་ནས་ཡིན་ལ།   བྱིས་པ་རྣམས་དང་ལྷན་དུ་སློབ་ཆུང་གི་སྒོ་ཐེམ་འགྲིམ་ཅིང་སློབ་མཐར་ལེགས་པར་ཕྱིན། ༢༠༡༣ལོར་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གྲྭར་ཞུགས་ཤིང་རིག་གནས་སྣ་མང་ལ་སློབ་གཉེར་བྱས།   ༢༠༡༧ལོར་སློབ་མཐར་ཕྱིན་རྗེས་ཁྲིན་ཏུའུ་གྲོང་ཁྱེར་པདྨ་གསེར་བྲིས་གླིང་དུ་ཞུགས་ནས་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི་དངོས་སློབ་སྒོ་དམར་དགེ་འདུན་དོན་གྲུབ་དང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་སྤྱི་གཉེར་བ་བོད་ཀྱི་བྲིས་མཁན་ཆེན་མོ་དགེ་རྒན་རྟ་མགྲིན་མགོན་པོ་གཉིས་དགེ་རྒན་དུ་བསྟེན་ཏེ་ཨ་ལགས་ཚེ་ཏན་ཞབས་དྲུང་ལགས་ཀྱི་བྲིས་རྒྱུན་དང་དྲུང་ཡིག་སྨོན་ལམ་རྒྱ་མཚོའི་བྲིས་རྒྱུན་ལ་སྦྱངས་པ་བྱས།   དེའི་ཞོར་དུ་གསེར་བྲིས་རིག་གནས་ལ་སློབ་སྦྱོང་དང་གསེར་བྲིས་འབྲི་སྦྱོང་གི་མགོ་ཚུགས།   ༢༠༢༠ལོར་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གླིང་དུ་སོང་ནས་ལོ་གསུམ་ལ་ཡིག་གཟུགས་དགེ་རྒན་གྱི་བྱ་བ་གཉེར། ༢༠༢༣ལོ་ནས་བཟུང་པདྨ་གསེར་བྲིས་གླིང་དུ་གསེར་བྲིས་ཀྱི་ལས་སུ་ཞུགས་ཤིང་ད་ལྟ་མ་ཡུམ་སློབ་གླིང་སྟེ་པདྨ་ཚུལ་ཁྲིམས་བཟོ་རིག་སློབ་གྲྭ་རུ་ཡིག་གཟུགས་དགེ་རྒན་གྱི་ཞོར་དུ་རྒྱལ་བའི་བཀའ་འགྱུར་གསེར་བྲིས་འབྲི་བཞེངས་ཀྱི་ལས་སུ་འབད་བཞིན་ཡོད་དོ།།


49知华加措15.jpg



49知华加措1.jpg


49知华加措5.jpg


49知华加措2.jpg


49知华加措3.jpg


49知华加措4.jpg


49知华加措11.jpg


49知华加措10.jpg


49知华加措6.jpg


49知华加措8.jpg


49知华加措7.jpg


49知华加措9.jpg


49知华加措12.jpg


49知华加措14.jpg


49知华加措13.jpg




སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་པ་པོ། གསེར་བྲིས་པ་གྲགས་རྒྱམ།

སྒྲིག་སྦྱོར་བ། མགོན་པོ་དོན་གྲུབ།

ཞུ་དག་པ་མགོན་པོ་དོན་གྲུབ།

阅读15
分享
写下您的评论吧