བྲིས་པ་སྐལ་བཟང་ཚེ་རིང་གི་བརྩམས་ཆོས་འགྲེམས་སྟོན་ཁང་།
དངོས་མིང་ལ་སྐལ་བཟང་ཚེ་རིང་དང་སྨྱུག་མིང་ལ་ཁྱུང་གཡུ་སྲས་སུ་འབོད་པའི་བྲིས་པ་ཁོང་ནི་ཁྱུང་པོ་སྟེང་ཆེན་བྲག་ལ་སྡེ་བའི་ཡུལ་དགོན་གྲོང་ཚོར་ཞིང་འབྲོག་གཉིས་ཀ་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་ན་ཆུང་དུས་ནས་མ་ཡུམ་སློབ་གླིང་དུ་ཐོས་བསམ་གྱི་ཞོར་ལ་ཁུ་བོ་ཚེ་དབང་དར་རྒྱས་ཀྱི་དྲུང་དུ་ཡིག་གཟུགས་འབྲི་བའི་ལམ་ལ་ཐོག་མར་ཞུགས། རིམ་གྱིས་དགེ་རྒན་སྐལ་བཟང་ཚེ་བརྟན་གྱི་དྲུང་དུ་བརྡ་སྤྲོད་དང་ཡིག་གཟུགས་ལ་སྦྱངས་པ་བྱས་ཏེ་ཡིག་གཟུགས་ཀྱི་ཕྱོགས་ལ་དགའ་སྤྲོ་དང་འདུན་པ་ཆེན་པོ་སྐྱེས། སློབ་གསེང་གི་སྐབས་དང་བསྟུན་ཏེ་ཆེད་དུ་ལོ་ཆེན་བཻ་རོ་ཙ་ནའི་ཕྱག་རྒྱུན་ལས་འཁྲུངས་པའི་རྒྱལ་ཁབ་རིམ་པའི་མགོ་ལོག་སྡེར་ནང་ས་བྲིས་རྒྱུན་འཛིན་པ་དགེ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་དུ་ས་བྲིས་ཡིག་ཆེན་དང་འབྲུ་ཚ་བཅས་ལ་སྦྱངས་པ་བྱས། སླར་ཡང་མ་ཡུམ་སློབ་གླིང་དུ་ཐོས་བསམ་གྱི་ཞོར་ལ་དགེ་རྒན་ལྷུན་གྲུབ་དབང་རྒྱལ་གྱི་མདུན་ནས་ཁམས་བྲིས་དབུ་ཅན་དང་། འབྲུ་ཚ་བཅས་ལ་སྦྱངས་པ་བྱས། ད་སྐབས་སློབ་གླིང་དུ་ཐོས་བསམ་སློབ་གཉེར་དང་ཞོར་དུ་ཡིག་གཟུགས་ཀྱང་སྦྱོང་མུས་སུ་མཆིས།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
པར་རིས་སྒྲིག་བཟོ། མགོན་པོ་དོན་གྲུབ།