ཏང་གི་བཀའ་དྲིན་དྲན། དུས་རབས་གསར་བར་སྐྱོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་༧༥དང་མི་དམངས་སྲིད་གྲོས་ཚུགས་ནས་ལོ་འཁོར་༧༥ལོན་པར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཀན་སུའུ་ཀླུ་ཆུ་ནས་སྤེལ་བ།
དེ་རིང་སྟེ་ཟླ༩པའི་ཚེས༢༧ཉིན་“ཏང་གི་བཀའ་དྲིན་དྲན། དུས་རབས་གསར་བར་སྐྱོད་”ཅེས་པ་བརྗོད་དོན་དུ་བཟུང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་༧༥དང་མི་དམངས་སྲིད་གྲོས་ཚུགས་ནས་ལོ་འཁོར་༧༥ལོན་པའི་ཉིན་བཟང་སྐལ་བཟང་གི་དུས་སྐབས་སུ། རྫོང་མི་དམངས་སྲིད་གྲོས་དང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་མཛད་པ་དང་། རྫོང་སློབ་གསོ་ཅུས། རྫོང་ཡུལ་སྐོར་ཅུས་བཅས་ཀྱིས་རོགས་སྒྲུབ་བྱས་ཤིང་། རྫོང་རིག་གནས་ཁང་དང་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་སོགས་ཀྱིས་འགན་སྒྲུབ་མཛད་པའི་རྒྱ་བོད་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཀན་ལྷོ་ཀླུ་ཆུ་རྫོང་རིག་གནས་ཐོག་ཁང་ནས་སྤེལ།
ཐེངས་འདིའི་བྱེད་སྒོར་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཀྲུང་ལིའི་ཡེན་ཧེན་དང་དེ་སྔའི་དམངས་ཆེན་ཀྲུའུ་རེན་ཟུར་བ་མགོན་པོ་དབང་འདུ། རྫོང་སྲིད་གྲོས་རྒྱུན་ཨུ་ཁང་གི་ཀྲུའུ་ཞི་གཞོན་པ་ཡང་ཡེ་ཧོང་དང་། ཁུལ་དང་རྫོང་གི་སྲིད་གྲོས་ཀྱི་ཨུ་ཡོན་ཆོས་སྐྱོང་དང་རྟ་རོ་བཅས་མཛད་སྒོར་དབུ་བཞུགས་མཛད།
རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཡང་ཡེ་ཧོང་གིས་བྱེད་སྒོར་མདོ་འཛིན་བྱེད་བཞིན་པ།
རྫོང་ཨུའི་དྲིལ་བསྒྲགས་པུའུ་ཀྲང་ལིའི་ཡེན་ཧེན་གྱིས་བྱེད་སྒོར་ཤིས་ཚིག་འབུལ་བཞིན་པ།
བྱེད་སྒོ་ཧྲིལ་བོར་རྫོང་སྲིད་གྲོས་རྒྱུན་ཨུ་ཁང་གི་ཀྲུའུ་ཞི་གཞོན་པ་ཡང་ཡེ་ཧོང་གིས་མདོ་འཛིན་བྱས་ལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཀྲང་ལིའི་ཡེན་ཧེན་གྱིས་ཤིས་ཚིག་ཕུལ། གཞན་ད་དུང་ཡིག་མཁན་གྱི་སྐུ་ཚབ་བཞི་ཡིས་དུས་ཆེན་ལ་ཤིས་ཚིག་དང་འགྲེམ་སྟོན་ལ་གཏམ་བཤད་སྤེལ།
ཡིག་མཁན་ཧོའུ་ཐེན་ཅེད་ཀྱིས་གཏམ་བཤད་སྤེལ་བཞིན་པ།
རྫོང་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་སློབ་མའི་སྐུ་ཚབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།
རྫོང་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་སློབ་མའི་སྐུ་ཚབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།
རྫོང་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་སློབ་མའི་སྐུ་ཚབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།
ཡིག་གཟུགས་བརྩམས་ཆོས་འོས་སྦྱོར་དང་བརྩམས་ཆོས་རོལ་མྱོང་གནང་བཞིན་པ།
བྱེད་སྒོའི་གོ་རིམ་གྱི་མཐོ་རླབས་དང་བསྟུན་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་འགན་འཁུར་བས་གཟིགས་མོ་བ་རྣམས་ལ་ཐེངས་འདིའི་བརྩམས་ཆོས་གནས་ཚུལ་དང་ཡིག་གཟུགས་སྒྱུ་རྩལ་གྱི་བརྩམས་ཆོས་ཁག་གི་རྣམ་གྲངས་དང་བརྩམས་ཆོས་སོ་སོའི་ཁྱད་ཆོས། ལོ་འདི་འགར་བྱུང་བའི་འཕེལ་རྒྱས། མ་འོངས་པའི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་རྣམས་གཟིགས་མོ་བའི་སྙན་ལམ་དུ་ཕུལ་བ་མ་ཟད། ཡུལ་དངོས་གསར་རྩོམ་ལ་ཞུགས་མཁན་གྱི་ཡིག་མཁན་སོ་སོ་གོ་རིམ་བཞིན་འོས་སྦྱོར་བྱས།
གཞན་སློབ་གྲྭ་ཆེ་འབྲིང་དང་རྒྱ་བོད་ཡིག་གཟུགས་ཀྱི་སྒྱུ་རྩལ་གསར་རྩོམ་བྱེད་སྒོར་བཀོད་སྒྲིག་གི་རིམ་པ་བཞིན་མཚམས་སྦྱོར་དང་རོལ་མྱོང་བྱས་ཏེ་ཚོགས་ཞུགས་འགོ་ཁྲིད་དང་སྲིད་གྲོས་ཨུ་ཡོན། རྒྱ་ཆེའི་ལས་བྱེད་པ་དང་སློབ་མ་རྣམས་ལ་སྒྱུ་རྩལ་གྱི་བག་ཆགས་ཟབ་མོ་བཞག
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
གསར་འགོད་པ།སྲིད་གྲོས་གཞུང་ལས་ཁང་།
ལོ་ཙཱ་བ།རྟ་མགྲིན་མགོན་པོ།
ཞུ་དག་པ་བཀྲ་ཤིས་དོན་གྲུབ།