ཆུང་རྒྱུད་ཚེ་དབང་རྣམ་རྒྱལ།

ཆུང་རྒྱུད་ཚེ་དབང་རྣམ་རྒྱལ།
2024-08-20

ཆུང་རྒྱུད་ཚེ་དབང་རྣམ་རྒྱལ།


ཆབ་མདོའི་ཡིག་མཁན་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཁང་གསར་བ།


经典金字画才旺南杰 (13).jpg



     ཁོང་ནི་བོད་ལྗོངས་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་ཡིག་རིས་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི།   ཁྱུང་པོ་རྩེ་དྲུག་དགོན་གྱི་བཀའ་འགྱུར་གསེར་བྲིས་མའི་དབུ་མཛད།   སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་བཅས་ཡིན།



琼吉才让南杰作品2024 (27).jpg




     ཁོང་ནི་སྤྱི་ལོ1995ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་ཟམ་ཞིག་གྲོང་ཚོའི་ཆུང་རྒྱུད་ཚང་དུ་སྐྱེས། ལོ་ངོ་བདུན་གྱི་སྟེང་ནས་ཡབ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་འདོན་གསུམ་དང་རིམ་གྱིས་ཡིག་གཟུགས་ལ་ཆེད་སྦྱངས་བྱས་ཏེ་མི་ལོ་བཅུ་ཕྲག་ལྷག་གི་རིང་དུ་ལུང་པ་གཅིག་དང་མི་ཚང་གཅིག་ནས་རྣམ་གཡེང་དང་རྩེད་རྒོད་དོར་ཏེ་གཞན་གང་ཡང་མ་ཕྱིན་པར་སློབ་གཉེར་ལ་འབད་པ་ལྷོད་མེད་བྱས། དེ་ལྟར་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་དཔེ་བཞིན་ཡབ་ཆེན་གྱི་ལག་ཤེས་བུ་ལ་ཇི་བཞིན་འབྱོར་སྟབས་ད་སྐབས་ཁོང་ཉིད་ཡིག་གཟུགས་སྣ་ཚོགས་ལ་མཁས་ཤིང་ལྷག་པར་དུ་འབྲུ་ལྗིབ་གཟབ་གསུམ་ལ་ཁྱད་ཆོས་མངོན་པར་འཕགས་པས་ཕ་ས་ཁྱུང་ཡུལ་གྱི་བྲིས་པ་རྣམས་ཀྱི་ཡང་རྩེར་སོན་པ་ཞིག་ཡིན་ལ། ཡབ་ཀྱིས་ཕ་ནོར་བུ་ལ་འཕྲོད་པའི་ཐུགས་སྨོན་ལྷུན་གྱིས་གྲུབ་སྟེ་རྒྱུན་འཛིན་གྱི་ཐུགས་འགན་ཡོངས་སུ་ཁོང་ལ་སྤྲད་ཡོད། རྗེས་སུ་རྒྱལ་བ་གཤེན་རིན་པོ་ཆེ་དང་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གཙོས་པའི་གོང་འོག་བར་གསུམ་གྱི་ལས་མི་ཐུན་མོང་གིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ཚེ་དབང་རྣམ་རྒྱལ་རྒྱལ་བའི་བཀའ་རིན་པོ་ཆེ་འབྲི་བཞེང་གི་དབུ་མཛད་དུ་བསྐོས་བཞག་མཛད། 2018ལོར་སྟེང་ཆེན་རྫོང་གི་རྫོང་དཔོན་དང་རྫོང་སློབ་གསོ་ཅུད་ཀྱི་དབུ་ཁྲིད་རྣམས་དང་མི་ཆེན་ཁ་ཤས་ཀྱིས་སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭ་ལ་འཇོན་ནུས་ལྡན་ཞིང་མི་དམངས་ལ་ལྷག་བསམ་དཀར་བའི་ཡིག་གཟུགས་དགེ་རྒན་ཞིག་བདམ་པར་ཐུགས་གྲོས་ཡང་ཡང་གནང་བར་བརྟེན། རྒན་ཁོང་སློབ་གྲྭ་དེར་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭའི་དགེ་རྒན་དུ་གདན་ཞུས་བྱས། དེ་སྔོན་གསུང་རབ་རིན་པོ་ཆེ་པོ་ཏི་ཆེན་པོ་ཉི་ཤུ་ལྷག་བྲིས་ཟིན་པ་དང་།   སློབ་མ་བརྒྱ་ཕྲག་ལྷག་བསྐྱངས་མྱོང་ཡོད།


琼吉才让南杰作品2024 (3).jpg



སློབ་སྦྱོང་གི་བརྒྱུད་རིམ།

     ཁོང་ལོ་ངོ་བདུན་གྱི་སྟེང་ནས་ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་འདོན་གསུམ་དང་རིམ་གྱིས་ཡིག་གཟུགས་ལ་ཆེད་སྦྱངས་བྱས་ཏེ་མི་ལོ་བཅུ་ཕྲག་གཉིས་ལྷག་ཟིན་ལ་སྤྱི་ལོ2016ལོར་ཁྱུང་ཡུལ་གྱི་གྲྭ་ས་ཆེན་མོ་ཁྱུང་པོ་སྟེང་ཆེན་དགོན་དུ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་མདོ་སྔགས་རྒྱ་མཚོ་དང་ཤེལ་ཞིག་ཤེས་རབ་སྙིང་པོ་གཉིས་ཀྱི་དྲུང་ནས་བརྡ་སྤྲོད་སྲིད་པའི་སྒྲོན་མེ་དང་སྙན་འགྲེལ་ཨེར་སངས་ལྷ་མོ་བཅས་བརྡ་དག་སྙན་གསུམ་ལ་སྦྱངས་པ་མཛད།



琼吉才让南杰作品2024 (7).jpg




བྱ་བའི་གྲུབ་འབྲས།

      བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོ་བའི་ཡིག་རིས་སྒྱུ་རྩལ་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི། ཁོང་གིས་གཙོ་འགན་བཞེས་པའི༼་   ཞིང་བོད་ཡིག་གཟུགས་ཀུན་བཏུས་གསེར་ཐང་ཆེན་མོ   ༽    འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཚུད། རྒྱལ་ཡོངས་ཡིག་གཟུགས་འགྲན་བསྡུར་ཐེངས་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་ཨང་དང་པོའི་བྱ་དགའ་ཐོབ། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་སོགས་ཀྱིས་བཅར་འདྲི་བྱས།



琼吉才让南杰作品2024 (8).jpg




བརྩམས་ཆོས།

      གནའ་དཔེ་པོ་ཏི་ཆེན་པོ་ཉི་ཤུ་ལྷག་བཤུ་འབྲི་བྱས་པ་དང་།ད་དུང་གནའ་རབས་བོད་ཀྱི་ཕྱག་རྒྱུན་རྩལ་ཆེན་ཁྱུང་གི་སྨྱུག་འགྲོས་པར་ཐེངས་གཉིས་དང་འབྲུ་མའི་ཡིག་གཟུགས་བརྙན་ལམ་དཔེ་ཁྲིད་ལེའུ་ཆ་ཚང་བཅས་ཡོད།



琼吉才让南杰作品2024 (1).jpg



琼吉才让南杰作品2024 (6).jpg



琼吉才让南杰作品2024 (4).jpg



琼吉才让南杰作品2024 (9).jpg



琼吉才让南杰作品2024 (10).jpg



琼吉才让南杰作品2024 (13).jpg



琼吉才让南杰作品2024 (11).jpg



琼吉才让南杰作品2024 (14).jpg



琼吉才让南杰作品2024 (12).jpg




琼吉才让南杰作品2024 (15).jpg



琼吉才让南杰作品2024 (22).jpg



琼吉才让南杰作品2024 (16).jpg



琼吉才让南杰作品2024 (18).jpg



琼吉才让南杰作品2024 (17).jpg



琼吉才让南杰作品2024 (24).jpg



琼吉才让南杰作品2024 (19).jpg



琼吉才让南杰作品2024 (20).jpg



琼吉才让南杰作品2024 (21).jpg



琼吉才让南杰作品2024 (23).jpg



琼吉才让南杰作品2024 (25).jpg



琼吉才让南杰作品2024 (26).jpg




琼吉才让南杰作品2024 (28).jpg



琼吉才让南杰作品2024 (30).jpg



琼吉才让南杰作品2024 (5).jpg



琼吉才让南杰作品2024 (32).jpg



琼吉才让南杰作品2024 (31).jpg



琼吉才让南杰作品2024 (29).jpg



经典金字画才旺南杰 (2).jpg



经典金字画才旺南杰 (1).jpg




经典金字画才旺南杰 (3).jpg




སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

པར་རིས་སྒྲིག་བཟོ། མགོན་པོ་དོན་གྲུབ།

阅读431
分享
写下您的评论吧