གསུང་རབ་གསེར་བྲིས།

གཡུང་དྲུང་བློ་གྲོས་བརྟན་པ།
2024-08-18


གསུང་རབ་གསེར་བྲིས།

经典金字画

Wrote   Golden scripture.



经典金字画才旺南杰 (13).jpg 经典金字画才旺南杰 (14).jpg

གསེར་བྲིས་པ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ། སྦྱིན་བདག་སྤེན་པ་རྒྱལ་མཚན།



经典金字画才旺南杰 (12).jpg


               སྐབས་འདིར་བཤད་པར་བྱ་བ་ལ།   སྟོན་པ་བཀའ་དྲིན་ཅན་གྱི་ཞལ་གསུང་དྲོན་མོ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྤྱི་ཆུན་ལག་ཁྲིགས་དང་། རབ་གནས་སྐོར་གསུམ་གྱི་ནང་ཚན་གླེག་བམ་གཞུང་། ཡི་གེ་སྒྲ་ཡི་མངའ་དབུལ་སོགས་ལས་གསུངས་པའི་བདེ་བར་གཤེགས་པའི་གསུང་རབ་བཞེངས་སུ་གསོལ་བའི་ཕན་ཡོན་དང་དགོས་ཆེད་སོགས་ཀྱི་དབུ་བརྩམས་ནས་སྐབས་ཀྱི་དོན་ལ་འཇུག་པར་སྤྲོ། དེ་ཡང་གླེག་བམ་གྱི་གཞུང་ལས། ཡིད་ཀྱི་ཁྱེའུ་ཆུང་གིས་སྟོན་པ་ལ། ཨུད་དུ་འབར་བའི་མེ་ཏོག་ཅིག་ཕུལ་ཏེ། ཞབས་སྤྱི་བོར་བླངས། ལྷ་ཕྱག་ལན་གསུམ་དུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་སྟེ། ཕྱག་ཐལ་མོ་སྦྱར་ནས་འདི་སྐད་ཅེས་ཞུས་སོ། སྟོན་པ་ལགས་གསུང་རབས་འདི་བཞེངས་པ་ལ་ཕན་ཡོན་ཅི་མཆིས། མཆོད་པ་ཕུལ་བ་ལ་བསོད་ནམས་ཅི་མཆིས་ཞེས་ཞུས་པས། སྟོན་པའི་ཞལ་ནས། འོ་ལགས་སོ། ཡིད་ཀྱི་ཁྱེའུ་ཆུང་འདི་ལྟ་སྟེ། གསུང་རབས་བཞེངས་སུ་གསོལ་བ་ལ་ནི། ཕན་ཡོན་འདི་ཙམ་ཞིག་ཡོད་སྟེ། གང་ཞིག་གཤེན་རབས་རྟོག་པ་ཆེ་བ་དང་། གང་ཞིག་སེམས་ཅན་དད་པ་མོས་པ་ཡིས། བདེར་གཤེགས་གསུང་རབས་བཞེངས་སུ་གསོལ་བ་ཡིས། ངན་སོང་གསུམ་ལས་གཏན་དུ་ཐར་པར་འགྱུར། གང་ཞིག་གསུང་རབས་སྐུའི་སྐོས་མཁན་བྱེད་པ་ནི། སྒམ་པོ་ཕྱའི་ལུས་སྦྱིན་ཐོབ་པར་འགྱུར། གང་ཞིག་གསུང་རབས་སྐུ་ལ་ལག་ལེན་བྱེད་པ་ནི། སྲིད་པའི་རྒྱལ་པོའི་ལུས་བཞིན་ཐོབ་པར་འགྱུར། གང་ཞིག་གསུང་རབས་སྐུའི་ཤོག་མཁན་བྱེད་པ་ནི། རིག་པའི་རྒྱལ་པོའི་སྐུ་རུ་སྐྱེ་བར་འགྱུར། གང་ཞིག་གསུང་རབས་སྐུའི་འབྲི་མཁན་བྱེད་པ་ནི། ཇི་སྙེད་ཡི་གེ་དེ་ནི་གྲངས་སྙེད་དུ། བསོད་ནམས་རྒྱན་ཀྱང་དེ་བཞིན་ཟད་མི་ཤེས། སོགས་ནས་གང་ཞིག་གསུང་རབས་སྐུ་ལ་ལྷ་ཕྱག་ཕུལ་བ་ནི། འཁོར་བ་མེད་ཅིང་མྱ་ངན་སངས་བར་འགྱུར། གང་ཞིག་གསུང་རབས་སྐུ་ལ་བཀྲ་ཤིས་གསོལ་བ་ནི། ཐམས་ཅད་བདེ་སྐྱིད་ཕུན་སུམ་འཚོགས་པར་འགྱུར། དེ་ལྟར་ངེས་ཀྱི་གསུང་རབས་སྐུ་ལ་ཕུད་དུད་ཆེ་བར་གྱིས།   ཞེས་གསུངས་པ་ལྟར་གཤེན་རབ་རྟོགས་པ་ཆེ་བ་རྒྱལ་བ་གཤེན་རབ་མི་བོའི་བཀའ་དྲི་མ་མེད་པ་སྒོ་བཞི་མཛོད་ལྔའི་ཡང་བཅུད་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་དང་། ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཐབས་བླ་མེད་རྫོགས་པ་ཆེན་པོའི་རྩ་གཞུང་རྣམས་སེམས་ཅན་མོས་པ་ཆེ་བ་སྦྲ་ཆེན་ཡེ་ཐའི་ཁུལ་དུ་དལ་འབྱོར་གྱི་རྟེན་བཟང་ཐོབ་པའི་སྒོ་རིགས་མི་བུ་སྤེན་པ་རྒྱལ་མཚན་ནས་བྲིས་མཁན་ཡོངས་ཀྱི་ཐུ་བོ་ཡིག་ལྷ་འཕྲུལ་བུ་ཆུང་གི་བྱིན་རླབས་ཞུགས་པའི་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ཡོན་མཆོད་གཉིས་ཀྱིས། སྐལ་ལྡན་དྭངས་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་དཔེ་སྟོན། མ་གྱུར་འགྲོ་བ་འདྲེན་པའི་མཆོད་སྡོང་། འདི་ཕྱིའི་བར་ཆད་སེལ་བའི་སྐྱབས་རྟེན། སོགས་ཀྱི་ཆེད་དུ་ཡོན་མཆོད་གཉིས་ནས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མ་འཛེམས་ནས་མ་དཔེ་འཚོལ་བསྡུ་ཤོག་བུའི་སྤུས་ཚད་དང་ཤོག་ལས་སོགས་ཀྱི་ཆ་རྐྱེན་འཛོམས་ཁར། རིན་ཆེན་དང་པོ་ཕངས་མེད་དུ་གཏོང་བ་དང་ཡི་གེ་འབྲུ་རེ་ལའང་བདེ་བར་གཤེགས་པའི་སྐུ་རེའི་འདུ་ཤེས་ཀྱི་སྒོ་ནས་ཕྱག་རྩལ་ཡོད་དོ་ཅོག་ངོམ་ནས་བཞེངས་པའི་དཔེ་ཆ་འདི་ལ་དགོས་པ་འདི་འདྲ་ཞིག་ཡོད་པ་སྟེ། ཡི་གེ་སྒྲ་ཡི་མངའ་དབུལ་ལས། དང་ཐོག་གཉིས་མེད་ཐར་པའི་ལམ་ཅེས་བྱ་སྟེ། དང་ཐོག་གི་སྒྲ་ལས་དྲངས་ནས། བོན་ཉིད་ཡོངས་སུ་རྒྱ་མ་ཆད་པའི་དབྱིངས་ནས། དེ་བཞིན་གཤེགས་པའི་ཐུགས་རྗེ། བགྲོད་དུ་མེད་པའི་སྒྲ་བྱུང་པ་ཡིན་ཏེ། སྔོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས། བེ་དུ་རྒྱ་ཞུན་མའི་གླེགས་བམ་ལ། གསེར་གྱི་དང་ཐོག་བྲིས་ནས། ཐུགས་མི་དམིགས་པའི་ཏིང་ངེ་འཛིན་ལ་ཞུགས་པས། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས། རབ་འབྱམས་དཔག་ཏུ་མེད་པ་ན། འགྲོ་བ་རིག་དྲུག་གི་བསྡུས་པའི་སེམས་ཅན་ཅི་སྙེད་གནས་པ་དེ་དག་གི་ཉོན་མོངས་པའི་སྒྲིབ་པ་བསལ་ཅིང་། ཤེས་པའི་རྒྱུད་སྦྱངས་ནས། གཡུང་དྲུང་མི་འགྱུར་བའི་དབྱིངས་སུ། བགྲོད་པ་མྱེད་པའི་འབྲས་བུ་ཐོབ་པར་བྱས་པ་ལྟར། ད་ལྟ་བཞུགས་པའི་གསུང་རབ་འདིའི་ནང་ནས་ཀྱང་། དང་ཐོག་བྱུང་པའི་སྒྲ་དེ་དག་གིས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཉོན་མོངས་པའི་སྒྲིབ་པ་ནི་བསལ། ཤེས་པའི་རྒྱུད་ཡོངས་སུ་སྦྱོངས་ནས། བོན་ཉིད་མི་འགྱུར་བ་གཡུང་དྲུང་དབྱིངས་སུ་བགྲོད་པ་མེད་པར་བླར་ཕྱིན་པའི་འབྲས་བུ་ཐོབ་པར་གྱུར་ཅིག དང་ཐོག་ཉིད་ལ་ཐུགས་རྗེ་འོད་འཕྲོས་པ། སྟོང་གསུམ་འཇིག་རྟེན་དང་ཐོག་སྒྲ་ཡི་བཀང་། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། ཤེས་པའི་རྒྱུད་སྦྱངས་ལས་རྣམས་ཀུན་སྤངས་ནས། ཐུགས་རྗེ་གཉིས་མེད་ངང་ལ་མཉམ་གྱུར་ཅིག སོགས་ཀྱིས་འཕྲུལ་ཡིག་བཞི་བཅུ་རེ་རེར་གསེར་གྱི་བྲིས་པའི་དགོས་པ་སོགས་གསལ་པོར་གསུངས་འདུག་པས་དེ་ལྟར་གྱི་དགོས་དབང་དང་བསྟུན་པའོ།

       སླད་སྨོན་དུ། ན་མོ་བོན་གྱི་སྐུ་ལ་གཟུགས་བརྙན་གྱི་སྐུ་རུ་བཞེངས་པའི་བདེ་བར་གཤེགས་པའི་རྟེན་མཆོག་གསུང་རབ་གསེར་བྲིས་འདི་བཞེངས་པའི་ཡོན་གྱི་བདག་པོ་དང་སུག་བྲིས་མཁན། གསུང་རབ་འདི་བཞུགས་པའི་ཡུལ་ལྗོངས་སོགས་སུ་ནད་མུག་འཁྲུག་རྩོད་ཀྱི་བསྐལ་པ་རབ་ཏུ་དབེན་ཞིང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་པ་དང་། གདུལ་བྱ་འཕྲིན་ལས་འཕེལ་བ། ཡངས་པའི་རྒྱལ་ཁམས་སུ་ཆར་ཆུ་དུས་སུ་འབེབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་བོན་དང་བདེ་སྐྱིད་དཔལ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་ཤིང་གསུང་རབ་འདིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ལག་ཕྱད་པར་མཛད་ཅིང་ཞལ་དྲོ་བྱིན་ཆེ་མངའ་ཐོབ་བཀྲ་ཤིས་པ་ཁོ་ནར་གྱུར་ཅིག ། དེ་ལྟར་གསུང་རབ་གསེར་བྲིས་ཀྱི། ། ལེགས་གྲུབ་བསྐལ་བཟང་རྟེན་འབྲེལ་ལ། ། རྒྱུད་ལས་བྱུང་བའི་ཕན་ཡོན་དག ། ཡིད་རངས་ཚུལ་དུ་བདག་གི་བྱས། ། འདི་ལྟར་བགྱིས་པའི་རྣམ་དཀར་དགེ ། དྲིན་ཅན་མ་རྣམས་ཐར་པ་དང་། །ཐམས་ཅད་མཁྱེན་པ་ཐོབ་ཕྱིར་བསྔོ། ། བསྔོས་པ་ཇི་བཞིན་འགྲུབ་གྱུར་ཅིག ། ཅེས་མཐུན་སྦྱོར་བསྔོ་སྨོན་དང་ཡིད་རང་ལྷག་བསམ་གྱི་སྒོ་ནས་གསུང་རབ་བཞེངས་པའི་ཕན་ཡོན་སོགས་ཚིག་ཉུང་དོན་བསྡུས་འདི་ནི་གྲོགས་སྤེན་པ་རྒྱལ་མཚན་གྱི་གསེར་བྲིས་གསུང་རབ་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་ལྷ་དར་དཀར་པོ་ཞིག་གི་ཚབ་ཏུ་དགེ་མིང་པ་གཡུང་དྲུང་བློ་གྲོས་བརྟན་པ་ནས་རང་ཤག་དཔེ་ཁང་གཡུང་དྲུང་འཁྱིལ་བའི་ནང་ནས་སྤྱི་ལོ།



经典金字画才旺南杰 (11).jpg


经典金字画才旺南杰 (10).jpg


经典金字画才旺南杰 (8).jpg


经典金字画才旺南杰 (9).jpg


经典金字画才旺南杰 (5).jpg


经典金字画才旺南杰 (7).jpg


经典金字画才旺南杰 (6).jpg









经典金字画才旺南杰 (1).jpg


经典金字画才旺南杰 (2).jpg


༢༠༢༤ལོའི་སྤྱི་ཟླ༨པའི་ཚེས༡༧གཟའ་སྐར་དགེ་བའི་ཉིན་དེར་བྲིས།



སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།

ཞུ་དག་པ།འཇམ་དཔལ་ཚེ་ལོ།བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ། མགོན་པོ་དོན་གྲུབ།


阅读750
分享
写下您的评论吧