བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྩལ་ཚད་རིམ་རྒྱུགས་ལེན་སྐོར་གྱི་བརྡ་སྦྱོར།

2024-07-11


༄༅༎རྒྱལ་ཡོངས་སྤྱི་ཚོགས་སྒྱུ་རྩལ་བྱང་ཚད་རིམ་རྒྱུགས་རྟེན་གཞིའི་བོད་ཡིག་ཡིག་གཟུགས་བྲིས་རྩལ་ཚད་རིམ་རྒྱུགས་ལེན་ལྟེ་གནས་ཀྱི་༢༠༢༤ལོའི་བྲིས་རྩལ་རྒྱུགས་ལེན་བརྡ་སྦྱོར།


རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་སློབ་གཉེར་བ་དང་ཡིག་མཁན་རྣམ་པ།

    རྒྱལ་ཡོངས་སྤྱི་ཚོགས་སྒྱུ་རྩལ་བྱང་ཚད་རིམ་རྒྱུགས་རྟེན་གཞིའི་བོད་ཡིག་ཡིག་གཟུགས་བྲིས་རྩལ་ཚད་རིམ་རྒྱུགས་ལེན་ལྟེ་གནས་ཀྱི་བྱ་བའི་བཀོད་སྒྲིག་ལྟར།   2024ལོའི་ལོ་སྨད་ཀྱི་བོད་ཡིག་ཡིག་གཟུགས་བྲིས་རྩལ་ཚད་རིམ་རྒྱུགས་ལེན་༼ གཤམ་དུ་ཡིག་རྒྱུགས་སུ་འབྲི་རྒྱུ། ༽ བྱ་བར་མིང་ཐོ་འགོད་ཚུལ་གཤམ་ལྟར།

དང་པོ།མིང་ཐོ་འགོད་པའི་དུས་བཅད།

   ཟླ7ཚེས12ཉིན་སྔ་དྲོའི་ཆུ་ཚོད་9ནས་ཟླ8ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད18བར་ཡིན།

གཉིས་པ།མིང་ཐོ་འགོད་ས།

    ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་དབུ་ཤོག་གི་ཡིག་བྱང་འདི་ལ་གནོན་དགོས།   དྲ་གནས་ནི་ www.zgzzsfw.com

གསུམ་པ།མིང་ཐོ་འགོད་སྐབས་དོ་སྣང་བྱ་དགོས་པ་འགའ།

    ༡.རྒྱུགས་ལེན་མཁན་ལ་ལོ་ཚོད་དང་ལས་རིགས་ཀྱི་ཚད་བཀག་མེད་པར་ཡིག་གཟུགས་སློབ་སྦྱོང་གི་གནས་ཚུལ་ལྟར་ཀ་རིམ་དང་པོ་དང་། ཀ་རིམ་གཉིས་པ། ཀ་རིམ་གསུམ་པ་གསུམ་ལ་གོམ་པ་རིམ་བགྲོད་དམ་དུས་མཉམ་དུ་རྒྱུགས་ལེན་ལ་ཞུགས་ཆོག

    ༢. འཕེལ་རིམ་ནས་བཟུང་རིམ་པ་འོག་མའི་ཡིག་རྒྱུགས་དཔང་ཡིག་མེད་ན་རིམ་པ་གོང་མར་རྒྱུགས་ལེན་མི་ཆོག་པ་མ་ཟད། ལོ་གཅིག་ལ་རིམ་པ་གཅིག་རེ་ལས་རྒྱུགས་ལེན་བྱ་མི་ཆོག།

    ༣.རྒྱུགས་ལེན་མཁན་གྱིས་མིང་ཐོ་འགོད་པར་རང་གི་གནས་ཚུལ་ཡང་དག་འབྲི་དགོས། རུས་མིང་དང་མིང་ཡིག། སྐྱེས་སྐར་སོགས་རང་གི་ཐོབ་ཐང་དཔང་ཡིག་དང་གཅིག་མཐུན་ཡིན་པ་དང་།

    ༤.རྒྱུགས་ལེན་མཁན་གྱིས་མིང་ཐོད་འགོད་སྐབས་སྤྲོད་རྒྱུའི་པར་ནི་རང་གི་ཉེ་དུས་ཀྱི་འདྲ་པར་ཏེ། ཞ་མོ་དང་ཤེལ་ནག་སོགས་མ་གྱོན་ལ་ངོ་གདོང་གསལ་བོར་མཐོང་ཐུབ་པའི་དཔང་ཡིག་འདྲ་པར་ཡིན་དགོས། རྒྱབ་ལྗོངས་དཀར་པོ་དང་སྔོན་པོ་གཉིས་ལས་མདོག་གཞན་ཡིན་མི་ཆོག   པར་གྱི་ཡིག་ཆའི་རྣམ་གཞག་ནི་JPGཡིན་དགོས།

བཞི་བ།བྲིས་རྩལ་ཚད་རིམ་གྱི་རྒྱུགས་ལེན་ནང་དོན།

书法等级分类表.jpg

   གསལ་བཤད། ༢༠༢༤ལོར་ཀ་རིམ་ལས་རྒྱུགས་ལེན་བྱ་རྒྱུ་མེད།

ལྔ་བ།ཡིག་རྒྱུགས་ཀྱི་རྒྱུགས་ཡོན།

   ཡིག་རྒྱུགས་ཀྱི་རྒྱུགས་ཡོན་གཏན་འཁེལ། རྒྱལ་ཡོངས་སྤྱི་ཚོགས་སྒྱུ་རྩལ་ཆུ་ཚད་ཚད་རིམ་རྒྱུགས་ལེན་རྟེན་གཞིའི་བྲིས་རྩལ་ཚད་རིམ་རྒྱུགས་ལེན་ལྟེ་གནས་ཀྱི་གཏན་འབེབས་ལྟར།

   ༡.ཀ་རིམ་དང་པོ་ནས་ཀ་རིམ་གསུམ་པའི་བར་རིམ་པ་གཅིག་ལ་སྒོརཡིན།

   ༢.འཕེལ་རིམ་དང་པོ་ནས་འཕེལ་རིམ་གསུམ་པའི་བར་རིམ་པ་གཅིག་ལ་སྒོརཡིན།

   ༣.གྲུབ་རིམ་དང་པོ་ནས་གྲུབ་རིམ་གསུམ་པའི་བར་རིམ་པ་གཅིག་ལ་སྒོར་ཡིན།

   ༤.རྫོགས་རིམ་དང་པོ་ནས་རྫོགས་རིམ་གསུམ་པའི་བར་རིམ་པ་གཅིག་ལ་སྒོར་ཡིན།

དྲུག་པ། ལྟེ་གནས་ངོ་སྤྲོད།

   རྒྱལ་ཡོངས་སྤྱི་ཚོགས་སྒྱུ་རྩལ་བྱང་ཚད་རིམ་རྒྱུགས་རྟེན་གཞིའི་བོད་ཡིག་ཡིག་གཟུགས་བྲིས་རྩལ་ཚད་རིམ་རྒྱུགས་ལེན་ལྟེ་གནས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཙོ་བདག་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྲིད་པུའུ་ནས་ཐོ་འགོད་བྱས་པའི་CAOCSའཆར་གཞིའམ། ཀྲུང་གོའི་ཤར་ཕྱོགས་རིག་གནས་ཞིབ་འཇུག་མཐུན་ཚོགས་སྤྱི་ཚོགས་སྒྱུ་རྩལ་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་ལས་ཐོབ་བདག་སྤྲོད་གནང་པའི་བོད་ཡིག་ཡིག་གཟུགས་བྲིས་རྩལ་ཚད་རིམ་རྒྱུགས་ལེན་སྐོར་གྱི་བྱ་བ་ལག་བསྟར་བྱེད་མཁན་གྱི་སྡེ་ཁག་ཅིག་ཡིན། སྡེ་ཁག་འདིས་2024ལོའི་ཟླ3་པ་ནས་བཟུང་དངོས་སུ་བོད་ཡིག་ཡིག་གཟུགས་བྲིས་རྩལ་ཚད་རིམ་འཆར་འགོད་དང་རྒྱུགས་ལེན་ལས་འགན་དངོས་སུ་ལག་བསྟར་བྱས་པ་ཡིན།

   ཚོག་མཆན་ཡིག་ཨང་DF1001199

   ཆོག་མཆན་བསླབ་ཚན། བོད་ཡིག་ཡིག་གཟུགས་ཀྱི་བསླབ་ཚན་ཧྲིལ་བོ།

   ཆོག་མཆན་ཐོབ་དུས།2024ལོའི་ཟླ3པ།

རྒྱལ་ཡོངས་སྤྱི་ཚོགས་སྒྱུ་རྩལ་བྱང་ཚད་རིམ་རྒྱུགས་རྟེན་གཞིའི་

བོད་ཀྱི་ཡིག་གཟུགས་བྲིས་རྩལ་ཚད་རིམ་རྒྱུགས་ལེན་ལྟེ་གནས་ཀྱིས།

2024ལོའི་ཟླ7ཚེས12ཉིན།

阅读34
分享
写下您的评论吧