འཁྱུག་བྲིས་བརྙན་རིས་མ།

རྒན་བསྟན་འཛིན།
2024-07-02



       རྒན་བསྟན་འཛིན་ལགས་ཀྱིས་ལས་ཞོར་དུ་ཅོག་གྲྭ་ཆོས་ཀྱི་སེང་གེ་དང་། རྒན་བྱམས་པ་འཕྲིན་ལས་སོགས་མཁས་པའི་དབང་པོ་བཅུ་ཕྲག་ལྷག་བཤེས་གཉེན་དུ་བསྟེན་ནས་བོད་ཀྱི་རིག་གནས་སྤྱི་དང་བྲིས་གཟུགས་སོགས་ལ་སྦྱངས་པ་ལྷུར་ལེན་བྱས་ཏེ་དར་མའི་ཡིག་རྒྱུགས་སྤྲད་ཅིང་ཆེད་ལས་སློབ་ཆེན་གྱི་སློབ་གནས་བླངས་རྗེས་ཐལ་སྤུངས་སྒང་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་གྱི་ལས་ལ་གཞོལ་ཞིང་། ལས་ཞོར་དུ་ཡིག་གཟུགས་སྦྱོང་འདོད་ཀྱི་སློབ་བུ་གང་མང་ལ་དཔེ་ཁྲིད་ཀྱི་དཀའ་བ་དང་དུ་ལེན་བཞིན་བཞུགས་སོ།།   ཁོང་གི་ལོ་རྒྱུས་ཞིབ་དུ་མི་སྣ་ངོ་སྤྲོད་ཀྱི་ལེ་ཚན་ལ་གཟིགས་པར་འཚལ།

ད་རེབ་དྲ་ལམ་ཁག་ནས་རྒན་ལགས་ཀྱི་ཕྱག་བྲིས་བརྙན་རིས་ཤིག་ལག་ལ་བྱུང་བ་གསར་སློབ་རྣམས་ལ་ཕན་པའི་དོན་དུ་དྲ་འགོད་བྱས་པ་ཡིན། འདིར་བརྙན་ཆ་ཚང་མེད་ནའང་གང་ཡོད་ལ་རྟེན་ནས་སྦྱང་བ་བྱེད་པ་དང་ཕྱིས་སུ་གོ་སྐབས་བྱུང་ན་དགེ་རྒན་དངོས་དང་མཇལ་ནས་བསླབ་ན་འབྲས་བུ་ལྡབ་འགྱུར་དུ་ཐོན་སྲིད་དོ།


བརྙན་རིས་འདི་ཙམ་བོད་ཀྱི་ཡིག་གཟུགས་དྲ་བ་ནས་རིན་མེད་གཟིགས་ཐུབ་པས་གང་བསམ་བསམ་གྱིས་ཕབ་ལེན་མི་བྱེད་པར་དྲ་དངོས་ནས་གཟུགས་རོགས་ཞུ། དེ་ལྟ་བུའི་རེ་བ་འདོན་པའི་རྒྱུན་མཚན་ནི་བརྙན་རིས་པར་དབང་མེད་པ་དང་དྲ་གྲོགས་རྣམས་ཀྱིས་ཚོགས་པ་ན་སྐུར་བཞིན་པ་གཞི་གཅིག་ཏུ་སྒྲིག་པ་ཡིན་པས་སོ།།བརྙན་འདིས་གལ་ཏེ་མི་སྒེར་དང་ཐུན་མོང་གི་ཁེ་དབང་ལ་ཕོག་ཐུག་ཐེབས་ཡོད་ན་ངེད་ལ་གསུངས་དང་མྱུར་དུ་སུབ་ངེས་ཡིན། རྒན་ཁོང་གི་ཡིག་གཟུགས་དཔེ་ཁྲིད་བརྙན་རིས་མ་ཆ་ཚང་དགོས་ན་ཁོ་ཚོར་འབྲེལ་བ་བྱས་ནས་མངགས་ཉོ་གནང་རོགས་ཞུ།


འཁྱུག་བྲིས།











阅读132
分享
写下您的评论吧