པདྨ་གསེར་བྲིས་གླིང་གི་ངོ་སྤྲོད།

ཚེ་བརྟན།
2024-06-24


པདྨ་གསེར་བྲིས་གླིང་གི་ངོ་སྤྲོད།


白玛金书苑简介 (13).jpg

      པདྨ་ཚུལ་ཁྲིམས་བཀའ་བསྟན་གསེར་བྲིས་རིག་གནས་ཞིབ་འཇུག་གླིང་ངམ་པདྨ་གསེར་བྲིས་གླིང་ནི། བོད་ཀྱི་སྲོལ་རྒྱུན་ལག་རྩལ་རིག་གནས་དང་། ཁྱད་པར་གསུང་རབ་འབྲི་བཞེངས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཞིབ་འཇུག་བཅས་ཀྱི་ཆེད་དུ་བཙུགས་པའི་དེང་རབས་བོད་ཀྱི་ཁེ་ལས་ཚད་ལྡན་གཉེར་བའི་ཚོགས་པ་ཞིག་ཡིན།


白玛金书苑简介 (12).jpg


      དང་པོ། ལས་ཁུངས་བཙུགས་པའི་བརྒྱུད་རིམ།

     ༢༠༡༣ལོར་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་ནས་ཡིག་གཟུགས་དང་མགར།   རྐོས་བཟོ་སོགས་ཀྱི་འཛིན་གྲྭ་ཐོག་མ་བཙུགས་ནས་སློབ་མ་གསོ་སྐྱོང་བྱས་ཏེ་རྨང་གཞི་བཏིངས་ཤིང་།   ༢༠༡༦ལོར་ཁྲིན་ཏུའུ་རུ་གསེར་བྲིས་འབྲི་བཞེངས་ཀྱི་ཚོད་ལྟ་བྱས། ༢༠༡༧ལོར་ཁྲིན་ཏུའུ་གྲོང་ཁྱེར་དུ་པདྨ་གསེར་བྲིས་གླིང་ཞེས་དངོས་སུ་དབུ་བཙུགས་པ་ཡིན།   ད་ལྟ་བོད་ལྗོངས་ལྷ་ས་དང་རྔ་བ་ཁྱུང་མཆུ་རྫོང་དུ་ཡང་ཡན་ལག་གི་ལས་ཁུངས་བཙུགས་ཡོད།


白玛金书苑简介 (1).jpg


      གཉིས་པ། ལས་བཟོ་བའི་གནས་ཚུལ།     

     དེང་སྐབས་ལས་ཁུངས་ནང་ལོ་ངོ་མང་པོར་ཆེད་སྦྱོང་བྱས་མྱོང་བའི་ཆེད་ལས་ལག་རྩལ་པ་དང་ལས་བཟོ་བ་བརྒྱ་ལ་ཉེ་བ་ཡོད།


白玛金书苑简介 (3).jpg


白玛金书苑简介 (20).jpg


白玛金书苑简介 (4).jpg


白玛金书苑简介 (5).jpg


白玛金书苑简介 (6).jpg


白玛金书苑简介 (7).jpg


白玛金书苑简介 (9).jpg


     གསུམ་པ།   ང་ཚོའི་ལས་གཞི་གཙོ་བོ་ལ།   རིག་གནས་རྒྱུད་འཛིན་དང་ཆེད་ལས་མི་སྣ་གསོ་སྐྱོང་གཉིས་ཡོད།

     ༡ དང་པོ་ལ་བོད་ཀྱི་སྲོལ་རྒྱུན་ལག་རྩལ་དང་སྒྱུ་རྩལ་སོགས་རིག་གནས་སྤྱི་དང། ཁྱད་པར་གསུང་རབ་འབྲི་བཞེངས་དང་འབྲེལ་བའི་རིག་གནས་ལག་རྩལ་སྐོར་ཏེ།     སྲོལ་རྒྱུན་གྱི་བོད་ཤོག་དང་མཐིང་ཤོག་བཟོ་སྟངས། རིན་ཆེན་སྣ་ལྔའི་འདུལ་ཐབས་དང་སྤྱོད་ཐབས།   ཐང་ག   ཡིག་གཟུགས། གསེར་བྲིས། འཇིམ་བཟོ། མགར་བཟོ། ཤིང་རྐོས། རྡོ་རྐོས། རིན་པོ་ཆེའི་ཕྲ་རྒྱན་བཟོ་བ། འཚེམ་བཟོ་སོགས་ལ་རིག་གཞུང་དང་ལག་ལེན་གཉིས་ཟུང་འབྲེལ་གྱིས་ཞིབ་འཇུག་དང་སླར་གསོ།   རྒྱུད་འཛིན་དང་དར་སྤེལ་བཅས་ལ་འབད་བཞིན་ཡོད།


白玛金书苑简介 (16).jpg


       ༢ ཆེད་ལས་མི་སྣ་གསོ་སྐྱོང་སྐོར་ལ།

        བོད་ཁུལ་གྱི་མིང་དུ་གྲགས་པའི་རིག་གནས་རྒྱུད་འཛིན་མཁན་མང་པོ་ལས་ཁུངས་ནང་དུ་གདན་འདྲེན་ཞུས་ནས་ཆེད་ལས་རང་བཞིན་ཅན་གྱི་བྲིས་པ་དང་ལྷ་རིས་པ་སོགས་གསོ་སྐྱོང་བྱེད་པ། ཕྱོགས་མང་པོའི་ཆེད་ལས་དགེ་རྒན་དག་གི་མདུན་ནས་དུས་ཡུན་ངེས་ཅན་ནང་སློབ་སྦྱོང་གི་གོ་སྐབས་སྤྲད་ནས་ལག་རྩལ་མཐར་ཕྱིན་པར་བྱེད་པ། མདོ་དབུས་ཁམས་གསུམ་སོགས་སུ་ཡུལ་དངོས་བརྟག་དཔྱད་དུ་བསྐྱོད་ནས་རྩ་ཆེ་བའི་རིག་དངོས་དང་ལག་རྩལ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་སོགས་ཀྱི་སྒོ་ནས་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད་ལ།   དེ་མིན་དུས་ཐུང་གི་ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭ་ཡང་ཐེངས་མང་པོར་བསྡུས་ནས་སྔ་ཕྱིར་སློབ་མ་ཉིས་བརྒྱ་ལྷག་གསོ་སྐྱོང་བྱས་ཡོད།



白玛金书苑简介 (10).jpg


白玛金书苑简介 (24).jpg


     བཞི་བ།     གྲུབ་ཟིན་པའི་ཚབ་མཚོན་བརྩམས་ཆོས་སྐོར།

     མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་གསུང་འབུམ༼འཇིགས་མེད་སྤྲུལ་བའི་གླེགས་བམ་༽པོད་དྲུག་ཅན།   མཉམ་མེད་དྭགས་པོ་ལྷ་རྗེའི་གསུང་འབུམ་༼མཐོང་གྲོལ་ཡིད་བཞིན་ནོར་བུ་༽པོད་བཞི་ཅན།   རོང་ཟོམ་ཆོས་བཟང་མཆོག་གི་གསུང་འབུམ་༼རོང་ཟོམ་སྤྲུལ་བའི་གླེགས་བམ་༽པོད་བརྒྱད་ཅན།   ད་དུང་༼དཔལ་ལྡན་རྒྱུད་བཞི།༽༼བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ།༽ ༼ལམ་རིམ་ཆེན་མོ།༽༼མཚན་འབུམ།༽སོགས་གཙོར་བྱས་སྲོལ་རྒྱུན་ལག་རྩལ་གྱི་ཁྱད་ཆོས་མ་བོར་བའི་གསེར་བྲིས་ཀྱི་བརྩམས་ཆོས་མང་པོ་ལེགས་གྲུབ་བྱུང་བ་ལ་བོད་ཀྱི་ཤེས་ལྡན་པ་མང་པོས་ཚད་མཐོ་བའི་གདེང་འཇོག་དང་སྤྱི་ཚོགས་ཁྲོད་དགའ་བསུ་ཆེན་པོ་ཐོབ་ཡོད།

白玛金书苑简介 (15).jpg



白玛金书苑简介 (17).jpg



白玛金书苑简介 (14).jpg


      ལྔ་བ།     མ་འོངས་པའི་འཆར་གཞི།

      ༡   མ་འོངས་པར་ཚོགས་པ་འདི་ཁེ་ལས་ཚད་ལྡན་ཅན་དུ་བསྐྱོད་དེ།   ཁེ་ལས་རིག་གནས་དང་།   ཁེ་ལས་ཀྱི་སྒྲིག་གཞི་སོགས་གང་ཐད་ནས་བོད་ཀྱི་དེང་རབས་ཁེ་ལས་ཀྱི་ཚབ་མཚོན་དང་མིག་དཔེའི་རང་བཞིན་ཅན་དུ་འགྱུར་བ།


白玛金书苑简介 (23).jpg


      ༢ ཚོང་རྟགས་ཚད་ལྡན་བསྐྲུན་པ།

     ང་ཚོས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ཁེ་ལས་ཀྱི་ཁྱད་ཆོས་ཟུང་འབྲེལ་གྱིས་ཐོན་རྫས་ཚད་ལྡན་མང་པོ་ཐོན་སྐྱེད་དང་།   རིན་ཐང་ལྟ་ཚུལ་དང་ཐོན་རྫས་ཁྱབ་བསྒྲགས་བྱེད་པའི་སྒོ་ནས་སྤྱི་ཚོགས་ཁྲོད་ཁེ་ལས་ཀྱི་སྣང་བརྙན་ལེགས་པོ་བསྐྲུན་ནས་ཚོང་རྟགས་རང་བཞིན་ཅན་དུ་འགྱུར་རྒྱུའོ།།   







阅读600
分享
写下您的评论吧