བོད་ལྗོངས་འབྲི་རུའི་“དབྱར་རྩ་དགུན་འབུ་རྟགས་མའི”ཡིག་གཟུགས་འགྲན་བསྡུར།

རྒན་བསླབ་གསུམ།
2024-06-11

བོད་ལྗོངས་འབྲི་རུའི་“དབྱར་རྩ་དགུན་འབུ་རྟགས་མའིཡིག་གཟུགས་འགྲན་བསྡུར


       བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རྩ་ལ་འབུ་རྐོའི་ས་ཚུགས་བཞི་པའི་བཅའ་སྡོད་ལས་དོན་ཚོགས་ཆུང་ནས་༢༠༢༤ལོའི་ཟླ༦ཚེས༦ཉིན་དབྱར་རྩ་དགུན་འབུ་རྟགས་མའིཡིག་གཟུགས་འགྲན་བསྡུར་སྤེལ་བ།



比如县1.jpg



      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།   ཡིག་གཟུགས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ནོར་ཡིན་ལ། བློ་གྲོས་ཀྱི་དྭངས་མ་དང་ཟུངས་ཁྲག   སྟོབས་ཤུགས་སོགས་མང་པོ་འདུས་ཡོད་པས།   ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་དགོས་གསུངས་པའི་དགོང་དོན་བཞིན། བོད་ལྗོངས་ནག་ཆུ་འབྲི་རུ་རྫོང་རྩ་ལ་ཤང་འབུ་བརྐོའི་ས་ཚུགས་བཞི་པའི་བཅའ་སྡོད་ལས་དོན་ཚོགས་ཆུང་ནས་དམངས་ཡོངས་ལ་མི་རིགས་མཐུན་སྒྲིལ་དང་། ཁོར་ཡུག་སྲུང་སྐྱོང་ཤེས་དཔལ་ཡར་ཐོན་སོགས་ཀྱི་ལྟ་བ་བརྟན་པོ་འཛུགས་སྐྱོང་དང་།   ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་ཡོང་བ་བརྗོད་དོན་བྱས་པའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དགའ་སྟོན་ལ་མཉམ་རོལ་བྱས་ཏེ་བོད་ཤིང་འབྲུག་ལོའི་ཟླ་བཞི་པའི་ཚེས་སུམ་ཅུའི་ངལ་གསོའི་ཉིན་མོར་ཡིག་གཟུགས་འགྲན་བསྡུར་ཞིག་སྤེལ་པའི་གནས་ཚུལ་པར་རིས་སུ་བཀོད་པ་གཤམ་ལྟར།


比如县13.jpg


       འབྲི་རུ་རྫོང་རྩ་ལ་ཤང་སེར་བཀྲ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཀྲུའུ་རིན་གཅིག་ཆོག་བསོད་ནམས་ཡེ་ཤེས་ལགས་དང་རྩ་ལ་ཤང་གི་བསོད་ནམས་མཚོ་མོ་ལགསསྨན་པ་ཨ་བུ་ཆེ་དང་ཤག་ཆུ་གྲོང་རྡལ་གྱི་ཧྲུའུ་ཅི་ཀུན་སྐྱབས་སོགས་ཐེངས་འདིའི་མཛད་སྒོར་ཞུགས་ཡོད།


比如县12.jpg



       དུས་ཚིགས་འདི་ནི་ལོ་གཅིག་དུས་གཅིག་གི་ཡོང་འབབ་བསྡུ་བའི་ཆེས་ཛ་དྲག་གི་དུས་ཚིག་ཡིན་ནའང་། ཡིག་གཟུགས་སྒྱུ་རྩལ་ལ་དགའ་དད་སྤྲོ་གསུམ་ལྡན་པའི་སློབ་ཕྲུག་དང་ཁྱིམ་བདག   སེར་སྐྱ་ཕོ་མོ་མང་པོ་ཚ་ཚ་འུར་འུར་གྱིས་ཡིག་གཟུགས་འགྲན་བསྡུར་གྱི་བརྩམས་ཆོས་འགྲེམ་སྟོན་དང་བྱ་དགའ་བྱིན་པའི་ཡུལ་དངོས་སུ་ཞུགས་ནས་ལྟད་མོ་བ་༥༠༠ཡས་མན་དང་འགྲན་ཞུགས་པ་༡༣༠ལས་རྒལ་བར་གྱུར


比如县6.jpg


比如县9.png


       བྱིས་པ་ཚོས་ཆེས་རེ་སྒུག་བྱེད་ས་དང་། ཆེས་སྤྲོ་བ་འཕེལ་པའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་སུ་བྱིས་པ་རྣམས་ཀྱིས་ལུས་ལ་གོན་པ་གསར་བ་གྱོན་ཞིང་། སྐེ་ལ་གདོང་ལེན་རུ་མིའི་མཚན་རྟགས་གལ་ཆེན་དུ་གྱུར་བའི་སྐེ་རས་དམར་པོ་བཏགས་ཏེ་དུས་ཆེན་ལ་རོལ་རྒྱུ་ནི་སློབ་མ་དང་ཁྱིམ་བདག་ཚོའི་ཡིད་སེམས་ཀྱི་གཏིང་རོལ་དུ་ཐིམས་པའི་ཆེས་སྤྲོ་བ་རྒྱས་ས་དང་། ཆེས་རེ་སྒུག་བྱེད་སའི་དུས་ཆེན་ཞིག་ཡིན་པ་ལ། ད་ལོའི་དུས་ཆེན་སྐབས་སྔར་དང་མ་འདྲ་བར་ཡིག་གཟུགས་འབྲི་སྦྱོང་དང་འགྲན་བསྡུར་གྱི་ཁྲོད་ནས་ཡིག་གཟུགས་སྒྱུ་རྩལ་ལ་རོལ་མྱོང་བྱེད་པའི་ཆ་རྐྱེན་འདི་འདྲ་འཛོམས་རྒྱུ་ནི་ཚང་མའི་ཡིད་ལ་ཤར་མ་མྱོང་བའི་དོན་དག་ཞིག་ཡིན།


比如县3.jpg


比如县8.jpg


比如县4.jpg


        རྩ་འཛུགས་ཀྱིས་འབུ་བརྐོའི་ས་ཚིགས་དུ་སྣག་ཤོག་སྨྱུ་གུ་སོགས་ཅ་ནོམ་པ་གྲ་སྒྲིག་བྱས་ཏེ་ཡིག་གཟུགས་རིག་གནས་ཀྱི་དགའ་ཕྱོགས་གསོ་སྐྱོང་དང་ཀྲུང་ཧྭ་རིགས་གནས་ཀྱི་བང་མཛོད་ཁྲོད་ཀྱི་གཟི་འོད་ལམ་ལམ་འཕྲོ་བའི་མི་རིགས་ཀྱི་སྔོན་ཐོན་རིག་གནས་ལ་བཅང་པའི་རིག་གནས་ཀྱི་ཡིད་ཆེས་དང་རིག་གནས་ཀྱི་རང་སྟོབས་སྲ་བརྟན་དུ་བཏང་བ་མ་ཟད ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་རྨང་གཞི་ཟབ་མོ་འདིང་རྒྱུར་ནུས་པ་མི་དམན་པ་ཐོབ་ཡོད།།


比如县17.jpg



undefined


比如县15.jpg   比如县16.jpg


undefined


比如县2.jpg





སྤྱི་ཁྱབ་ལྟ་སྐུལ། རྟ་མགྲིན་མགོན་པོ།

གསར་འགོད་པ། རིག་པའི་རལ་གྲི།

ཞུ་དག་པ། རྟ་མགྲིན་མགོན་པོ།

སྒྲིག་བཟོ་བ། རྟ་མགྲིན་མགོན་པོ།


阅读625
分享
写下您的评论吧