ཐོན་མི་དགྱེས་འཛོམས་སྐབས་ཀྱི་བྱ་དགའི་ཨང་རིམ་ཐོབ་པའི་མིང་ཐོ།

ཟླ་༥པའི་ཚེས་༢ཉིན། ཆུ་ཆེན་རྫོང་ཐུགས་ཆེན་གྲོང་རྡལ་དུ་ཐོན་མི་དགྱེས་འཛོམས་ཞེས་པའི་ཡིག་གཟུགས་འགྲེམ་སྟོན་དང་གཟུགས་མེད་ཤུལ་བཞག་རིག་གནས་བགྲོ་གླེང་ཟབ་རྒྱས་ངང་འཚོགས། བོད་ཀྱི་སློབ་དཔོན་ཆེན་མོ་རྣམས་ཀྱིས་ཡིགས་གཟུགས་དང་འབྲེལ་བའི་གཟུགས་མེད་ཤུལ་བཞག་རིག་གནས་སྐོར་ལ་བགྲོ་གླེང་རྒྱ་ཆེར་གནང་བ་དང་།

ཚོགས་འདུའི་སྔོན་དུ་དཔྱད་བསྐོས་པ་རྣམས་ཀྱིས་འགྲན་ཞུགས་པའི་བརྩམ་ཆོས་ལ་དཔྱད་འདེམས་སྐར་མ་གནང་པ་མ་ཟད། དཔྱད་བསྐོས་དགེ་རྒན་རྣམས་ནི་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ཆེད་མཁས་བྲིས་མཁན་རྐྱང་རྐྱང་དང་། དཔྱད་འདེམས་སྐར་མ་གནང་བའི་དུས་སུ་ཐེངས་མང་པོར་ཞིབ་གཟིགས་དང་གྲོས་མོལ་ཡང་དག་བྱས་རྗེས་ད་གཟོད་བྱ་དགའི་ཨང་རིམ་གཏན་ཁེལ་བྱས་པ་ཡིན།
ཐེངས་འདིར་འགྲན་ཞུགས་པ་ཡུལ་དངོས་ལ་ཐོན་མེད་པའི་རྐྱེན་གྱིས་འགྲན་བསྡུར་རྩམ་ཆོས་ཀྱི་བྱ་དགའི་ཨང་རིམ་འབུལ་སྟངས་དམིགས་གསལ་བ་ཞིག་སྟེ། ཨང་རིམ་ཐོབ་པའི་བརྩམ་ཆོས་དག་ཆེད་མཁས་པ་དང་བྲིས་མཁན་རྣམས་ཀྱི་མདུན་དུ་སྐོར་བ་བྱས་ནས་གཟིགས་འབུལ་བྱས་པ་མ་ཟད། མདོ་འཛིན་པ་རྒན་བྱམས་པ་རྡོ་རྗེས་བྱ་དགའ་ཐོབ་པའི་བྲིས་མཁན་རྣམས་ཀྱིས་མཚན་ཐོ་ཡང་ཚོགས་ཐོག་ཏུ་ཁྱབ་བསྒྲགས་བྱས།
འོག་ཏུ་ཐོན་མི་དགྱེས་འཛོམས་ཞེས་པའི་ཡིག་གཟུགས་འགྲེམ་སྟོན་དང་། གཟུགས་མེད་ཤུལ་བཞག་རིག་གནས་བགྲོ་གླེང་འཚོགས་འདུ་སྐབས་ཀྱི་ཡིག་གཟུགས་འགྲན་ཞུགས་པའི་བྱ་དགའ་ཐོབ་པའི་བརྩམ་ཆོས་དང་མིང་ཐོ་དག་གཟིགས་འབུལ་ཞུ་རྒྱུ་ཡིན།
ཨང་དང་པོ་གཉིས།




ཨང་གཉིས་པ་གཉིས།




ཨང་གསུམ་པ་གསུམ།






ཕུལ་བྱུང་བྱ་དགའ་ཐོབ་མཁན་བཅུ་དྲུག
01
རྔ་བ་བློན་ཚང་བསྟན་ཁོ།
02
ཀི་རྟི་སྐལ་བཟང་བློ་གསལ།
03
སྨྱུག་འཛིན་པ་བསྟན་པ་རྒྱ་མཚོ།
04
སྤྲུལ་འཇམ་དབྱངས་བློ་གྲོས།
05
ཨ་ཡར་བསྟན་འཛིན་ནོར་བུ།
06
བྱམས་པ་ཆོས་རྒྱལ།
07
སྐྱི་སྤྲུལ་འཇིག་མེད་བཀྲ་ཤིས།
08
འཇམ་དབྱངས་བཀྲ་ཤིས།
09
བཟང་ལྡན།
10
ཀི་རྟི་བསྟན་འཛིན་རྒྱ་མཚོ།
11
ལྷོ་ཁ་ངག་དབང་བློ་གྲོས།
12
གངས་བུ་སེམས་ཆུང་།
13
བསྟན་འཛིན་བློ་བཟང་།
14
དགེ་རྒན་ཉི་མ།
15
རྔ་བ་གྲུ་ཆར།
16
བསམ་འཕེལ།
ས་གནས། 四川省阿坝藏族羌族自治州金川县观音桥镇嘉绒非遗研学中心。
འབྲེལ་གཏུགས་བྱེད་ས། ཁྲོཾ་སྐལ་བཟང་དང་དཀར་ཟས་པ།
ཁ་པར། 18884760658,18382281632