མགར་ཟླ་བའི་འོད་ཟེར།

མགར་ཟླ་བའི་འོད་ཟེར།
2024-03-13


མགར་ཟླ་བའི་འོད་ཟེར།



达哇吾赛.jpg


           ཡིག་མཁན་ཆུང་ཆུང་མགར་ཟླ་བའི་འོད་ཟེར་རམ་རིག་པའི་མྱུ་གུ་ནི།   སྤྱི་ལོ་2013 ལོའི་ཟླ་3ཚེས་3ཉིན་ལྟེ་ཁྲག་བྱང་འབྲོག་རྩྭ་ཐང་དུ་འཐོར།   
ཁོ་རང་ཆུང་དུས་ནས་ཡི་གེ་དང་རི་མོ་འབྲི་བར་དགའ་བས་ལོ་བཞི་ཙམ་ནས་ཀ་མད་སུམ་ཅུ་འདོན་མི་ཤེས་ཀྱང་ཡིག་གཟུགས་འཁྱོག་པོ་འགའ་ནམ་ཡང་འབྲི་བར་བྱེད།   དེའི་རྗེས་ལོ་ལྔ་ལོན་དུས་དགེ་བའི་བཤེས་གཉེན་གཅུང་བསླབ་གསུམ་གམ་ནས་ཚུགས་རིང་བྲིས་གཟུགས་ཐོག་མར་སྦྱངས།    དེ་བཞིན་དགེ་རྒན་སྐར་མ་ལྷུན་གྲུབ་ཀྱིས་ཁྲིད་སྟོན་སོགས་ལ་བརྟེན་ནས་ཚུགས་རིང་བྲིས་གཟུགས་ལ་བྱ་དགའ་ཨང་དང་པོ་གཉིས་དང་ཕུལ་བྱུང་བྱ་དགའ་གཅིག     ཧུར་བརྩོན་བྱ་དགའ་བཅས་ཐོབ་ཡོད།     དེ་ཡང་སྤྱི་ལོ་2020ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་བཞི་པར་ཤག་ཆུ་སློབ་ཆུང་སློབ་མའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་རིམ་པ་དང་པོ་ཐོབ།   སྤྱི་ལོ་2020ལོའི་ཟླ་8ཚེས་9ཉིན་ཤག་ཆུ་བྱིས་གསོ་ཁང་གི་སློབ་མའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།    གཞན་ཧུར་བརྩོན་དང་ཕུལ་བྱུང་སོགས་རབ་དང་རིམ་པ་གནང་བས་ཁོ་རང་བརྩོན་པ་དང་སྐུལ་ལྕག་ཡག་པོ་ཐོབ་འདུག        རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཐེངས་གཉིས་ལ་བྱ་དགའ་ཨང་དང་པོ་ཐུབ་ཡོད།    འབྲི་རུ་རྫོང་སློབ་ཕྲུག་ཡོངས་ཀྱི་ཡིག་གཟུགས་འགྲན་ཞུགས་ཁྲོད་ཨང་དང་པོ།   གཞན་ཡང་།   བོད་རྒྱ་དབྱིན་གསུམ་དང་ཨང་རྩིས་སོགས་ཀྱི་གཟེངས་བསྟོད་ཨང་དང་པོ་དང་།   ཨང་གཉིས་པ་ཕུལ་བྱུང་སོགས་གྲངས་སུམ་ཅུ་ལྷག་ཙམ་ཐོབ་ཡོད།   2021ལོར་ཤག་ཆུ་གྲོང་ཚོ་དྲུག་པའི་ལོ་སར་སྐབས་ཡིག་གཟུགས་ཨང་དང་པོ་ཐོབ་ཡོད།    ད་ལྟ་སློབ་ཆུང་བོད་ཡིག་དགེ་རྒན་དངོས་གྲུབ་དབང་མོ་སོགས་བསྟེན་ནས། བོད་ཡིག་འབྲི་ཀློག་བསྐྱར་སྦྱོང་དང་འབྲེལ་ཡོད་ཤེས་བྱ་དག་ལ་བརྩོན་པ་ལྷོད་མེད་གནང་བཞིན་ཡོད། མ་ཟད་2022 ཟླ།12 ཚེས།11 ཉིན།   བྱང་ཆུབ་བུམ་པ་ལོ་ཆུང་བྱིས་པའི་དྲྭ་ཐོག་ཡིག་གཟུགས་འགྲན་བསྡུར་ནང་ཚུགས་རིང་ཕུལ་བྱུང་གི་བྱ་དགའ་ཡི་མཚན་སྙན་ཐོབ་ཡོད།   གཞན་ཤག་ཆུ་གྲོང་རྡལ་གྲོང་ཚོ་དྲུག་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་འགྲན་བསྡུར་སྐབས་རིམ་བྱུང་ནང་བོད་ཡིག་ཨང་དང་པོ་དང་རྒྱ་ཡིག་དང་རི་མོ་སོགས་ཨང་གཉིས་པ་དང་གསུམ་པ་ཐེངས་མང་ཐུབ་མྱང་ཡོད།

    འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི།   དགེ་བའི་བཤེས་གཉེན་གཅུང་བསླབ་གསུམ་མཆོག་གཙོས་པའི་དགེ་རྒན་རྣམས་ཀྱི་བཀའ་དྲིན་གྱིས་བོད་ཡིག་ཡིག་གཟུགས་ལ་དགའ་ཞེན་དང་དུངས་བ་ཟབ་པའི་སློབ་མ་ཆུང་ཆུང་འདི་ད་ལྟ་ཤག་ཆུ་གྲོང་རྡལ་ལྟེ་བའི་སློབ་ཆུང་ལོ་རིམ་བཞི་པའི་ནང་དུ་སློབ་གཉེར་བྱེད་བཞིན་ཡོད།


达哇吾赛 (1).jpg


达哇吾赛 (2).jpg


达哇吾赛 (3).jpg


达哇吾赛 (4).jpg


达哇吾赛 (5).jpg


达哇吾赛 (6).jpg


达哇吾赛 (8).jpg


达哇吾赛 (7).jpg


སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

ཞུ་དག་པ།དཔལ་མགོན་ཚེ་རིང་།




阅读807
分享
写下您的评论吧