ཡུལ་ཤུལ་གླིང་གེ་སར་གསེར་བྲིས་ཁང་འོས་སྦྱོར།

ཡུལ་ཤུལ་གླིང་གེ་སར་གསེར་བྲིས་ཁང་།
2024-02-27

ཡུལ་ཤུལ་གླིང་གེ་སར་གསེར་བྲིས་ཁང་གི་མཚམས་སྦྱོར་མདོར་བསྡུས།






      ཡུལ་ཤུལ་ཁུལ་གླིང་གེ་སར་གསེར་བྲིས་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ནི། ༢༠༡༨ ལོར་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་དབུ་བརྙེས། སྤྱི་གཉེར་ཁང་འདི་ནི་གསེར་བྲིས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཞབས་ཞུ་ལས་རིགས་གཙོ་བོར་གཉེར་བའི་ཁེ་ལས་ཤིག་དང་། གསུང་རབ་གསེར་བྲིས་བྱེད་པའི་མི་སྣས་གྲུབ་པའི་དཔུང་སྡེ་ཞིག་ཡིན་ལ་ད་ལྟ་གསེར་བྲིས་པ་༡༢ དང་། ཤོག་བུ་ལས་སྣོན་བྱེད་མཁན་༣དང་། ཞུ་དག་པ་༢བཅས་ཁྱོན་མི་སྣ་༡༧ཡོད། གསེར་བྲིས་པ་ཚང་མར་ལོ་ངོ་ལྔ་ལྷག་གི་གསེར་བྲིས་འབྲི་བཞེང་གི་ཉམས་མྱོང་ལྡན་པར་མ་ཟད། གསེར་བྲིས་པའི་གྲས་སུ་གསུང་རབ་ཀྱི་དབུ་ཤོག་སོགས་ས་བརྩིགས་སམ་འབུར་མའི་ཡིག་གཟུགས་ཀྱི་ལམ་ནས་འབྲི་བཞེང་བྱེད་པའི་མིང་གྲགས་ཅན་གྱི་དགེ་རྒན་ཡང་ཡོད་དོ།།


岭格萨金写1.jpg


     སྤྱི་གཉེར་ཁང་གིས་གསུང་རབ་མི་འདྲ་བ་རེ་རེ་ལ་གཞིགས་ནས་གསེར་བྲིས་པ་འཚམ་ཤོས་བཀོད་སྒྲིག་བྱས་ཏེ། གསེར་བྲིས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་ཀྱིན་ཡོད། ད་ལྟའི་བར་དུ་བོད་ཁུལ་གང་དུའང་སྤུས་ཚད་རབ་འབྲིང་ཐ་གསུམ་གྱི་གསེར་བྲིས་ཁང་མང་དུ་ཡོད་ཀྱང་། ངེད་སྤྱི་གཉེར་ཁང་གིས་གསེར་བྲིས་ལས་རིགས་ལ་སྔར་ལས་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། གསེར་བྲིས་ཁྲོམ་ར་ཡི་སྤུས་ཚད་དང་མྱུར་ཚད་ལྡན་པའི་གསེར་བྲིས་ཀྱི་དགོས་མཁོར་གཞིགས་ནས། ཚད་དང་ལྡན་ཞིང་གཞི་རྒྱ་ཆེ་བའི་གསེར་བྲིས་ཀྱི་ཁེ་ལས་ཤིག་འཛུགས་སྐྲུན་བྱེད་བཞིན་ཡོད།


岭格萨金写2.jpg


     ད་ལྟའི་བར་དུ་ངེད་སྤྱི་གཉེར་ཁང་གིས་འབུམ་པོ་ཏི་བཅུ་གཉིས་དང་། གཟུངས་བསྡུས་པོ་ཏི་གཉིས་གཙོ་བོར་བྱས་པའི་བཀའ་བརྒྱུད་མགུར་མཚོ་པོ་ཏི་གཅིག་དང་། ཐར་མདོ་སོགས་དགོན་སྡེ་ཁག་དང་དད་ལྡན་མི་སྒེར་གྱི་དགོས་མཁོར་གཞིགས་ནས་ཆོ་ག་ཆོས་སྤྱོད་རིང་ཐུང་མི་འདྲ་བ་བགྲང་གིས་མི་ལང་བ་འབྲི་བཞེང་བྱས་ཟིན་པར་མ་ཟད།   ད་ལྟའི་དུས་སུ་སླར་ཡང་འབུམ་པོ་ཏི་བཅུ་གཉིས་འབྲི་བཞེང་ལ་འབད་བཞིན་ཡོད།


岭格萨金写3.jpg



岭格萨金写4.jpg



岭格萨金写5.jpg



岭格萨金写6.jpg



岭格萨金写7.jpg



岭格萨金写8.jpg



岭格萨金写9.jpg



岭格萨金写10.jpg




岭格萨金写11.jpg



岭格萨金写12.jpg



岭格萨金写13.jpg



岭格萨金写14.jpg




岭格萨金写15.jpg



岭格萨金写16.jpg



岭格萨金写17.jpg



岭格萨金写18.jpg



岭格萨金写21.jpg



岭格萨金写22.jpg



岭格萨金写23.jpg



岭格萨金写19.jpg



岭格萨金写20.jpg


སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།   ཚེ་རིང་སྒྲོལ་མ།

ཡིག་གཏགས།མགོན་པོ་དོན་གྲུབ།

ཞུ་དག་པ།དཔལ་མགོན་ཚེ་རིང་།

阅读2001
分享
写下您的评论吧