ལོ་འཁོར་བྱ་བའི་སྤྱི་སྡོམ་འདི་ལྟར་མཛད།
བོད་ཀྱི་གསེར་བྲིས་རིག་གནས་རྒྱུན་འཛིན་བྱེད་མཁན་ནམ། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ན་ཡོད་པའི་པད་མ་གསེར་བྲིས་གླིང་གིས་ཁེ་ལས་དོ་དམ་དང་གསེར་བྲིས་རིག་གནས་རྒྱུན་འཛིན་གྱི་ལས་ཀ་ལེགས་པོར་གཉེར་ཆེད་དུ། 2024ལོའི་ཟླ་2ཚེས་4ཉིན་༢༠༢༣ལོའི་ལོ་འཁོར་བྱ་བར་ཕྱོགས་སྡོམ་ཚོགས་འདུ་འཚོགས་ཤིང་བོད་ཤིང་ཕོ་འབྲུག་ལོའི་ལོ་སར་བསུ་མའི་དགྱེས་འཛོམས་མཛད་སྒོ་སྤེལ།
པདྨ་གསེར་བྲིས་གླིང་ངམ་སི་ཁྲོན་ནུབ་རྒྱུད་བོད་བཟོ་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་དགེ་རྒན་དང་འགན་འཛིན། ལས་བཟོ་བ་ཡོངས་དང་ཡིག་གཟུགས་འཛིན་གྲྭའི་སློབ་མ་ཡོངས། ད་དུང་ཕྱོགས་སོ་སོ་ནས་ཕེབས་པའི་མགྲོན་པོ་བཅས་ཁྱོན་མི་སྣ་བརྒྱད་ཅུ་ལྷག་མཛད་སྒོར་ཞུགས།
པདྨ་གསེར་བྲིས་གླིང་གི་དགེ་རྒན་དང་སི་ཁྲོན་ནུབ་རྒྱུད་བོད་བཟོ་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ་པདྨ་ཚུལ་ཁྲིམས་ལགས་ཀྱིས་ཕྱོགས་སྡོམ་གྱི་གཏམ་བཤད་གནང་བཞིན་པ།
སྡེ་ཁག་སོ་སོའི་འགན་འཛིན་པས་ཕྱོགས་སྡོམ་གྱི་གཏམ་བཤད་གནང་བཞིན་པ།
སྡེ་ཁག་སོ་སོའི་འགན་འཛིན་པས་ཕྱོགས་སྡོམ་གྱི་གཏམ་བཤད་གནང་བཞིན་པ།
གཞན་པདྨ་གསེར་བྲིས་གླིང་ལ་ཕུལ་དུ་བྱུང་བའི་ལས་ཀའི་གྲུབ་འབྲས་འདི་ལྟ་བུ་ཞིག་བྱུང་བ་ལ་འགན་འཛིན་དང་ལས་བཟོ་བ་དག་གི་མཐུན་པའི་སྟོབས་ཤུགས་མཉམ་དུ་འབྲེལ་བ་ལ་འབྲལ་ཐབས་མེད་པས། ལོ་གཅིག་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་བཟོ་བ་དག་ལ་བྱ་དགའི་གཟེངས་རྟགས་སོགས་བྱིན་ཏེ་མ་འོངས་པར་ཡང་ལས་ལ་བརྩོན་པའི་སྐུལ་སློང་བྱས་པ་དང་། ཡན་ལག་ཡིག་གཟུགས་འཛིན་གྲྭའི་ཡིག་གཟུགས་རྩེ་གྲའི་སློབ་མ་ཚོར་བྱ་དགའ་སྟེར་བའི་མཛད་སྒོ་སོགས་གཟབ་རྒྱས་ངང་འཚོགས།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
མཁོ་འདོན། པད་མ་གསེར་བྲིས་གླིང་།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་གཏགས། མགོན་པོ་དོན་གྲུབ།
ཞུ་དག དཔལ་མགོན་ཚེ་རིང་།