བསོད་ནམས་ཚེ་རིང་གངས་ལྗོངས་གསེར་སྨྱུག་ཡིག་མཁན།

བསོད་ནམས་ཚེ་རིང་།
2024-02-02


བསོད་ནམས་ཚེ་རིང་གངས་ལྗོངས་གསེར་སྨྱུག་ཡིག་མཁན།


甘南建州70周年标志.jpg


ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་མི་༣༦གི་ཁྲོད་དུ་ཚུད་པའི་ཡིག་མཁན་གྱི་བརྩམས་ཆོས་འགྲེམ་སྟོན།


索南才让甘南书法家 (7).jpg


     བསོད་ནམས་ཚེ་རིང་ནི1970ལོའི་ཟླ་5བའི་ཚེས་20ཉིན་བསང་ཆུ་རྗོང་ཁོ་ཚེ་ཞང་ཁོ་ཚེ་ལྷ་སྡེ་རུ་སྐྱེས། ཆུང་དུས་སུ་ཁོ་ཚེ་སློབ་ཆུང་ནས་ཡི་གེའི་འབྲི་ཀློག་ཐོག་མར་སྦྱངས་པ་སྟེ། སློབ་ཆུང་ལོ་རིམ་གསུམ་པའི་སྐབས་སུ་ཞང་བོ་འཇམ་དབྱངས་ཤེས་རབ་ལས་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་འབྲི་སྲོལ་ཐོག་མར་བསླབས། དེ་ནས་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་སུ། ཞོར་དུ་ལོ་ལྔ་དང་ཕྱེད་ཀྱི་རིང་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཇམ་པའི་དབྱངས་གུང་ཐང་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་དྲུང་ཡིག་ཆེན་མོ་དགེ་བའི་བཤེས་གཉེན་རྗེ་ངག་དབང་རྒྱ་མཚོའི་དྲུང་ནས་དབུ་ཅན་དང་དབུ་མེད་ཀྱི་འབྲི་སྟངས་ལ་རིམ་པ་ལྟར་སྦྱངས།

        1990ལོར་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭར་ཞུགས། དེའི་ཞོར་ལ་རྒན་སངས་རྒྱས་བཀྲ་ཤིས་ཀྱི་མདུན་ནས་ལོ་བཞི་ལྷག་ལ་ཡིག་གཟུགས་ཁྲིད་སྦྱོང་དང་ལས་བྱ་སྤྲད།   1993ལོར་གཙོས་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་གནས་བགོས། ད་ལྟའི་བར་དུ་དམའ་འབྲིང་དང་མཐོ་འབྲིང་གི་སྐད་ཡིག་སློབ་ཁྲིད་ཀྱི་ལས་ལ་གཞོལ་ཏེ་དུས་འདས།   ལོ་འདི་དག་གི་རིང་ལ་ལས་ཞོར་དུ་ཡིག་གཟུགས་འགྲན་སྡུར་མང་བོར་ཞུགས་ཏེ། ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པ་སོགས་རྒྱལ་ཁབ་རིམ་པའི་བྱ་དགའ་གསུམ་དང་ཁུལ་རིམ་པའི་བྱ་དགའ་བཅུ་ལྷག་ཐོབ་ཡོད་ལ། དེ་ལས་ཡིག་གཟུགས་བརྩམས་ཆོས་གཉིས་རྒྱལ་ཁབ་རིམ་པའི་བདག་གཉེར་བརྩམས་ཆོས་སུ་ཚུད་ཡོད། ད་ལྟ་ཀན་ལྷོ་ཁུལ་ཡིག་མཁན་ཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དཔྱད་བརྗོད་པ། ཀན་སུའུ་ཞིང་ཆེན་ཡིག་གཟུགས་དང་རི་མོ་ཐུན་ཚོགས་ཀྱི་ཚོགས་མི   གཞན་ཡིག་གཟུགས་དང་མི་གཤིས་སོགས་རིག་གཞུང་དཔྱད་རྩོམ་གསུམ་ལྷག་ཡོད་ལ། དེ་ལསཡིག་གཟུགས་དང་མི་གཤིསཞེས་པ་ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་ནས་བོད་མདོ་དབུས་ཁམས་གསུམ་ལ་སྙན་སྒྲོན་ཞུས།



索南才让甘南书法家 (1).jpg


索南才让甘南书法家 (2).jpg


索南才让甘南书法家 (3).jpg





索南才让甘南书法家 (4).jpg


索南才让甘南书法家 (5).jpg


索南才让甘南书法家 (6).jpg


索南才让甘南书法家 (8).jpg






索南才让甘南书法家 (9).jpg




索南才让甘南书法家 (11).jpg



索南才让甘南书法家 (12).jpg



索南才让甘南书法家 (14).jpg


索南才让甘南书法家 (15).jpg


索南才让甘南书法家 (13).jpg



索南才让甘南书法家 (10).jpg


阅读563
分享
写下您的评论吧