བོད་ཡིག་དབུ་ཁྱུད་ཀྱི་གནའ་དཔེའི་འབྲི་ལུགས།

རྩོམ་སྒྲིག་ཁང་གིས།
2024-01-23

བོད་ཡིག་དབུ་ཁྱུད་ཀྱི་གནའ་དཔེའི་འབྲི་ལུགས།



    བོད་ཡིག་གི་དབུ་ཁྱུད་ནི་དབུ་ཅན་དང་དབུ་མེད་ཀྱི་ཡི་གེ་བྲི་བའི་དུས་སུ་ཐོག་མར་ཡི་གེའི་མགོ་ལ་བྲི་རྒྱུའི་ཡི་གེ་ཞིག་ཡིན་པ་ཀུན་ལ་ཁྱབ་པའི་སྤྱི་བཏང་གི་གནད་དོན་ཞིག་ཡིན། ཆེས་སྤྱི་བཏང་གི་གནས་ཚུལ་ཞིག་ཡིན་པས་མི་རྣམས་ཀྱིས་དེ་ལ་དོ་སྣང་དང་བསམ་གཞིགས་བྱེད་མཁན་ཡང་ཧ་ཅང་ཉུང་སྟེ།   དཔེར་ན་ཨ་ཕ་དང་ཨ་མའི་མིང་འདི་ཇི་བཞིན་རང་ཉིད་མི་ཡུལ་དུ་ཐོན་རྗེས་ཆེས་རྒྱུས་མངའ་ལྡན་པ་དང་ཆེས་བྱམས་བརྩེ་ལྡན་པ། ཆེས་ཐོས་གོམས་ཆེ་བའི་མིང་ཞིག་ཡིན་པས་དེ་ལ་དེ་ལྟར་འདོག་པའི་རྒྱུ་མཚན་ཅི་དང་གང་ཡིན་ཞེས་ཞིབ་འདང་རྒྱག་མི་སྲིད་པ་བཞིན་དུ།   དབུ་ཁྱུད་འདིའང་བོད་ཡིག་སློབ་སྦྱོང་བྱེད་མཁན་ཚོས་ཆེས་ཐོག་མར་ཀ་ཁ་སློབ་པའི་དུས་ནས་བཟུང་བྲིས་མྱོང་པ་དང་། རྒྱུན་ལྡན་འཚོ་བའི་ཁྲོད་དེ་ལ་དབུ་ཁྱུད་དང་། དང་ཀྱོག་གམ་བེརྒ་སོགས་དོན་གཅིག་མིང་གི་རྣམ་གྲངས་དུ་མ་ཞིག་ཡོད་མོད།   དེ་ལྟར་འདོག་པའི་རྒྱུ་མཚན་དང་། ཡིག་གཟུགས་འདི་ཅི་ལྟར་བྱུང་བ་དང་གཟུགས་འགྱུར་ག་ཚོད་ཡོད་པ་ཡིག་མཁན་མང་ཆེ་བར་གསལ་ཆ་མེད་ལ། ཡིག་གེ་འདོན་ཤེས་མཁན་ཚང་མར་མཚོན་ན་དེའང་ཆེས་རྒྱུས་མངའ་མེད་པའི་གནད་དོན་ཞིག་ཡིན།

      གཤམ་ནས་འོག་གི་གནའ་དཔེ་འདི་ལས་ཁྱེད་ལ་ཐོག་མའི་མྱོང་ཚོར་དང་དེ་ལ་བསམ་གཞིགས་ཀ་འདྲ་ཞིག་སྐྱེད་ཡོང་ངམ།



藏文首字符演变2.jpg




阅读125
分享
写下您的评论吧