བོད་ཀྱི་དེང་རབས་ཡིག་མཁན་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་ལ་རྗེས་དྲན་དུ།
དམ་པ་གང་གི་ཡིག་གཟུགས་ཕྱག་བྲིས་མཐོང་བ་ཀུན་སྨོན།
ལུགས་རྙིང་གི་ཟླ་12པའི་ཚེས་12ཉིན་ནི། བོད་ཀྱི་ཡིག་མཁན་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་སྐུ་ཞི་བར་གཤེགས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པས། ཉིན་མོ་འདིར་དམ་པ་ཁོང་ལ་རྗེས་དྲན་གྱི་ཚུལ་དུ་གཤམ་གྱི་ཡིག་གཟུགས་བཤམས་སྟོན་འདི་སྤེལ་བ་བོད་ཀྱི་ཡིག་གཟུགས་དར་ཤིང་རྒྱས་པ་དང་། དམ་པ་གོང་མ་རྣམས་ཀྱི་སྐུ་དྲིན་མི་བརྗེད་པར། ཤུལ་བཞག་རིག་དངོས་འདི་དང་འདི་འདྲ་བ་ཉམ་པ་སླར་གསོ་དང་མ་ཉམ་གོང་སྤེལ་ཡོང་བའི་སྨོན་འདུན་དང་བཅས་སོ།།