དཔལ་མཆོག་

དཔལ་མཆོག
2023-12-31

དཔལ་མཆོག་གངས་ལྗོངས་གསེར་སྨྱུག་ཡིག་མཁན།


甘南建州70周年标志.jpg


ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་བྱ་དགའ་ཐོཔ་པའི་ཡིག་མཁན་༣༦གི་བརྩམས་ཆོས་འགྲེམ་སྟོན།




杰多 (9).JPG


     ༄༅།། སྐྱ་མིང་འཇིག་རྡོ་དང་སེར་མིང་དཔལ་མཆོག་ཏུ་འབོད་པ་ཁོང་ནི་དྲ་མིང་མྱྀ་ཁྲ་ཁྲ་རུ་འབོད་པ་ཁོང་ནི་ལོ་རབས་དགུ་བཅུའི་སྟོད་དང་དུས་རབས་ཉེར་གཅིག་ལ་ཉེ་བའི་སྐབས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དཀར་ཤོད་སྤུ་ལ་ཞེས་པའི་ཕ་རྒྱུད་དབྲ་ཚ་དང་མ་རུས་གཅུང་པ་ཡིན་པའི་འབྲོག་སྡེ་དཀྱུས་མའི་གཞིས་ཁྱིམ་ཞིག་ན་སྐྱེས།   ཆུང་བྱིས་དུས་ཕྱུགས་རྫི་ཕལ་བའི་མི་ཚེ་རྩེད་མོ་ལ་འགྲོགས་ནས་འཚོ་གནས་སྐྱེལ་བ་ལས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གང་ལའང་འགྲོ་བའི་བསྐལ་བ་མ་སྨིན།   རང་ལོ་བཅུ་ཁ་རུ་བསླེབས་སྐབས་ཕ་ཡུལ་གྱི་བྲིས་པ་རྒན་གྲས་ཁོ་བོའི་ཨ་ཁུ་ཀུན་དགའི་མདུན་དུ་བྲིས་ཀྱི་སྨྱུག་ཁ་ཐོག་མར་བསྒྱུར།   དེ་ནས་ཡུན་རིང་ཞིག་ལ་འཁྱམ་ཉུལ་གྱི་མི་ཚེ་རོལ་ནས་བསྡད་པ་ལས་རིག་གནས་སློབ་པའི་ཁོར་ཡུག་གི་མཐུན་རྐྱེན་མ་གྲུབ། གང་མཚམས་ཞིག་ལ་རིག་གནས་སྦྱོང་བའི་འདུན་པ་ཟབ་མོར་སྐྱེས་པས་སྐྱ་གོས་ཕུད་དེ་སེར་ཆས་གྱོན་པའི་ལམ་སྒོར་ཞུགས་ནས་ཕ་ཡུལ་གྱི་དགོན་སྡེ་བཤད་སྒྲུབ་ཀྱི་མཚན་ཉིད་གྲྭ་ཚང་ཞུགས་ནས་ད་བར་བགྲང་བྱ་བཅུ་ལྷག་འགོར།   ལྷག་པའི་བཀའ་དྲིན་ཅན་མདོ་སྔགས་རབ་འབྱམས་པ་གྲྭ་ས་༧སྨན་རིའི་མཚན་ཉིད་སློབ་དཔོན་ཆེན་མོ་རྒན་«གཤེན་བསྟན་རབ་གསལ་»མཆོག་གི་སྐུ་ཡི་དྲུང་དུ་རྩ་བ་སྡུད་གྲྭ་བཟུང་རྩེ་མོ་སྔགས་རྫོགས་ལ་འཆང་ནས་ད་ལྟའི་བར་སློབ་གཉེར་བྱེད་མུས་སུ་མཆིས།   ད་ཆར་ཡང་«བོད་ལྗོངས་ནང་བསྟན་སློབ་གྲྭ་»«བོད་རིག་པའི་ཞིབ་འཇུག་ལྟེ་གནས»་སུ་སློབ་གཉེར་བྱེད་པའི་སྒང་ཡིན།   གཞུང་ལུགས་ཀྱི་སློབ་སྦྱོང་གཙོ་བོར་བྱེད་ཀྱིན་རྩོམ་རིག་དང་ལོ་རྒྱུས་ཡིག་བྲིས་སོགས་འགྲོ་ཞོར་འདུག་ཞོར་དོ་སྣང་ཅུང་བྱས་པའི་སྦྱོང་འབྲས་གང་འཚམ་དངོས་གྱུར་ཐོབ།   ད་ཆར་ཡང་བོད་རིགས་ཞིང་ལྗོངས་ལྔ་ཡི་ཚུན་མི་རིགས་ཀྱི་བླ་སྲོག་ལྟར་བོད་ཡིག་བྲིས་གཟུགས་ཚ་རླབས་ཤིན་ཏུ་འབར་གྱིན་པའི་སྒང་དུ་ཁོ་བོར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་སྐབས་ཨང་རིམ་དང་པོ་སོགས་བྱ་དགའ་མི་ཉུང་བར་ཐོབ་ཅིང་ཉེ་ཆར་«བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་དང་ནག་ཆུ་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་»ཀྱི་ཚོགས་མི་བཅས་འདེམས་ཐོན་བྱུང་བ་ལགས་སོ།   


杰多 (1).JPG



杰多 (2).JPG



杰多 (3).JPG



杰多 (4).JPG



杰多 (5).JPG



杰多 (6).JPG




杰多 (12).JPG



杰多 (14).JPG




杰多 (15).jpg



杰多 (16).JPG



杰多 (17).JPG



杰多 (23).JPG



杰多.JPG





杰多 (7).jpg杰多 (8).jpg杰多 (13).jpg杰多 (19).jpg杰多 (21).jpg杰多 (22).jpg杰多 (20).jpg





阅读1365
分享
写下您的评论吧