ཡིག་མཁན་དཔལ་ལྷ་མོ།
༢༠༢༣ལོའི་དུས་ཚིགས་བཞི་པའི་གངས་ལྗོངས་བུད་མེད་ཡིག་མཁན།
འགྲེམ་སྟོན་ཁང་དང་པོ།
གཉིས་སྟོང་ཉེར་གསུམ་ལོའི་དུས་ཚིགས་བཞི་བའི་འདེམས་ཐོན་ཡིན་མཁན་ཆེད་སྒྲིག
(འགྲེམ་སྟོན་ཁང་གཉིས་པ་གཟིགས་འདོད་ན་འདི་མནོན།)
དཔལ་ལྷ་མོ་ནི། པིར་མིང་སོག་དཔལ་ཟེར། 1979ལོར་བོད་ལྗོངས་ནག་ཆུ་སོག་རྫོང་དུ་སྐྱེས་ཤིང་།1999ལོར་ལྷ་ས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་ཏེ། ད་བར་མི་ལོ་ཉིར་བཞིའི་རིང་སློབ་ཆུང་བོད་ཡིག་དགེ་རྒན་བྱས་ནས་སྔ་རྗེས་སུ་སློབ་མ་སྟོང་ཕྲག་མང་པོ་གསོ་སྐྱོང་གནང་ཡོད། ལྷག་པར་དུ་ཁོང་ཉིད་ནི་ཆུང་ནས་ཡིག་གཟུགས་ལ་དགའ་ཞེན་ཆེ་བས་དབུས་ཀྱི་ཡིག་མཁན་རྣམ་པའི་ཕྱག་རྒྱུན་ལ་ཁུངས་བཅོལ་ཏེ། ལོ་མང་རིང་སྦྱང་པ་བྱས་ཤིང་། རྒྱུན་གཏན་ནས་ལས་དང་པོ་བའི་སློབ་མ་ཚོར་ཡིག་གཟུགས་སློབ་ཁྲིད་བྱེད་སྐབས་ཇི་ལྟར་ཁྲིད་ན་ལེགས་མིན་སོགས་དཔྱད་ཞིབ་ཐེངས་མང་བྱས་པས། བོད་རང་སྐྱོང་ལྗོངས་གཡག་གུ་བྱིས་པའི་རིག་གནས་ཀྱིས་སྤེལ་བའི་ཡིག་གཟུགས་བྱེད་སྒོ་ཐེངས་དང་པོའི་ཐོག་མཛུབ་སྟོན་དགེ་རྒན་གྱི་གཟེངས་བསྟོད་ཐོབ། དེ་བཞིན་སྔ་རྗེས་སུ་རིམ་པ་མི་འདྲ་ཡིག་གཟུགས་འགྲན་སྡུར་གྱི་བྱ་དགའ་འང་ཐེངས་མང་རག་མྱོང་། དེ་ཡང་རྒྱུན་གཏན་སློབ་གྲྭའི་ནང་སློབ་ཁྲིད་བྱས་པ་ཕུད། ད་དུང་དབྱར་སེང་དང་དགུན་སེང་། དེ་བཞིན་ལས་ཀའི་གནས་སྐབས་སུ་ཞོགས་སྔ་ལང་དང་དགོང་ཕྱི་ཉལ་སོགས་ཀྱིས་རང་རྫོང་ཁོངས་ཀྱི་མང་ཚོགས་ཡིག་གཟུགས་ལ་དགའ་མོས་ཡོད་མཁན་རྣམས་ལ་དངོས་ཁྲིད་དམ་དྲ་ལམ་སོགས་རྒྱུད་ནས་ཡིག་གཟུགས་ཚུགས་རིང་དང་། ཚུགས་ཐུང་། འཁྱུག་ཡིག་སོགས་ཟུར་ཁྲིད་བྱས་ནས། སློབ་ཕྲུག་དང་ཁྱིམ་བདག དེ་བཞིན་མང་ཚོགས་ཡིག་གཟུགས་སྦྱོང་མཁན་མང་པོས་གདེང་འཇོག་ལེགས་པོ་ཐོབ་ཡོད་ལ་སྤྱི་ཚོགས་ཐོག་ལའང་ཕན་འབྲས་ཆེན་པོ་ཐོན་ཡོད། རྒྱུན་གཏན སྤྱི་ཚོགས་ཐོག་དང་སློབ་གྲྭའི་ནང་དུ་ཡིག་གཟུགས་ཀྱི་བྱེད་སྒོ་ཁག་ནང་དཔྱད་འདེམ་དགེ་རྒན་གྱི་འགན་ཁུར་གྱི་ཡོད།