ཤངས་དགོན་གྱི་བྲིས་པ་གསུམ་གྱིས་ཡིག་གཟུགས་བདམས་བཀོད།

ཤངས་དགོན་བྲིས་པ་གསུམ།
2023-10-19

ཤངས་དགོན་གྱི་བྲིས་པ་གསུམ་གྱིས་ཡིག་གཟུགས་བདམས་བཀོད།

           ཁམས་ཀྱི་ཆོས་སྡེ་ཆེན་མོ་དཔལ་ལྡན་ཤངས་ཐོ་དགོན་ལྔ་རིག་ནང་བསྟན་སློབ་གླིང་ནས་ལྔ་ཟུང་བཅུ་ཕྲག་རིག་པས་ན་སོན་པའི་བོད་ཀྱི་གྲྭ་བཙུན་སྨྱུག་འཛིན་པ། བྲ་བོའི་ཞོགས་སྨྱུག་གམ་མཁྱེན་རབ་བློ་ལྡན་ནི་དེ་སྔོན་ཡིག་གཟུགས་འགྲན་རྩོད་དུ་མའི་ནང་ནས་བྱ་དགའ་བཅུ་ཕྲག་ལས་ཉེར་བ་ཞིག་ཐོབ་མྱོང་།




ཤངས་དགོན་གྱི་བྲིས་པ་གསུམ (1).jpg




ཤངས་དགོན་གྱི་བྲིས་པ་གསུམ (2).jpg




ཤངས་དགོན་གྱི་བྲིས་པ་གསུམ (3).jpg




ཤངས་དགོན་གྱི་བྲིས་པ་གསུམ (4).jpg



ཤངས་དགོན་གྱི་བྲིས་པ་གསུམ (5).jpg





           ལང་ཚོ་ཡི་མེ་ཏོག་གངས་ཀྱི་རི་འདབས་ནས་བཞེད་ཅིང་།དུང་ཞེན་གྱི་ལྷག་བསམ་དྭངས་མ་གཙང་ཆུའི་བཞུད་སྒྲ་དང་འགྲོགས་པའི་མཐོ་བརྗིད་ཧི་མ་ལའི་ཕོ་ཉ་གསར་པ།ཤངས་གྲྭ་འཇམ་དབྱངས་དཔལ་ལྡན་ནམ་གངས་སྨྱུག་དམར་པོར་གྲགས་པའི་དཔྱོད་ཤེས་རིག་སྨྲ་བ་ཁོང་གིས་ཡང་ཁ་བ་གངས་ཅན་པའི་བླ་ཚེ་སྲོག་གསུམ་གྱི་ཚབ་མཚོན་བགྱིས་པའི་སམ་བྷོ་ཊའི་ཟུངས་ཁྲག་རིག་རྩལ་སོར་འཕྲུལ་དུ་བཞད་པའི་སྣ་མང་ཡིག་རིགས་དགད་ལན་གཤམ་གསལ་གྱི་མེ་ལོང་ནང་ནས་གཞལ་ཏེ།མ་འོངས་པའི་གཞོན་སྐྱེས་མིང་སྲིང་ཡོངས་ལ་དབྱངས་གསལ་ཉི་ཟླའི་འོད་ལམ་རེ་འཆར་ཐུབ་པའི་དགོངས་གསོལ་ལྟར་ལེགས་གྲུབ་ཤིས་རྒྱལ་ཅིགགུས་བཙན་མིང་གིས།


ཤངས་དགོན་གྱི་བྲིས་པ་གསུམ (6).jpg



ཤངས་དགོན་གྱི་བྲིས་པ་གསུམ (7).jpg


ཤངས་དགོན་གྱི་བྲིས་པ་གསུམ (8).jpg



ཤངས་དགོན་གྱི་བྲིས་པ་གསུམ (12).jpg



ཤངས་དགོན་གྱི་བྲིས་པ་གསུམ (15).jpg


ཤངས་དགོན་གྱི་བྲིས་པ་གསུམ (9).jpg


ཤངས་དགོན་གྱི་བྲིས་པ་གསུམ (13).jpg


ཤངས་དགོན་གྱི་བྲིས་པ་གསུམ (14).jpg


ཤངས་དགོན་གྱི་བྲིས་པ་གསུམ (11).jpg


ཤངས་དགོན་གྱི་བྲིས་པ་གསུམ (10).jpg


ཤངས་དགོན་གྱི་བྲིས་པ་གསུམ (16).jpg





           དངོས་མིང་ལ་ཚེ་དབང་རྣམ་རྒྱལ་ལམ་སྨྱུག་མིང་ལ་བདེ་ཆེན་ངག་གྲོལ་ཞུ་བའི་དུས་ཀྱི་ཡིག་གཟུགས་པ་ཁོང་ནི།མདོ་སྨད་འཇོ་མདའ་རྫོང་།ཕྱི་འདའ་ཤམ་ཉག་སྟོད་སྡེ་བ་རུ་ལང་ཚོའི་མེ་ཏོག་བཞད་ཅིང་ཆུང་དུས་ནས་འབྲི་ཀློག་གཉིས་ལ་འབད།དུས་ཡུན་མ་འགོར་བ་རང་དགོན་༼ཤངས་ཐུབ་བསྟན་དགེ་འཕེལ་གླིང་༽དུ་ཞུགས་ནས་སློབ་སྦྱོང་ལ་འབད་འབུངས་ཆེན་པོར་བྱས།ཁོང་ནི་གཞུང་ཆེན་ཁག་ལ་བརྩོན་འགྲུས་ཀྱི་རྟ་མཆོག་ལྷོད་པ་མེད་པས་བར་སྟོང་གི་དུས་ཚོད་ཤིན་ཏུ་སྐྱེན་ན་ཡང་།སྔ་ཕྱི་བརྒྱུད་དེ་ཡིག་གཟུགས་ལ་བྱང་ཆུབ་པའི་དགེན་(གཤོག་ཟུང་)དང་ཡིག་གཟུགས་ཀྱི་སྒྱུ་རྩལ་བོད་རྒྱ་གཉིས་ལ་སྐད་གྲགས་ཆོད་པའི་དགེན་(འདན་མ་བཀྲ་དགའ་)སོགས་མིང་དོན་འབྱོར་བའི་དུས་ཀྱི་ཡིག་གཟུགས་པ་གང་མང་ལ་བསྟེན་ཏེ།དུས་ཚོད་གྲོན་དུ་མ་བཏང་པས་ཡིག་གཟུགས་རྒྱུག་སྤྲོད་ཀྱི་ཁྲོད་ནས་བྱ་དགའ་གང་མང་རགས་མྱངས་ལ།དེ་ལས་ག་ལ་ཚད་དེ་(རྒྱ་ཡོངས་ཡིག་གཟུགས་འགྲན་བསྡུར་)ཁྲོད་ནས་ཀྱང་བྱ་དགའ་གཉིས་གསུམ་ཐོབ།ད་དུང་མི་དགོས་ས་ལ་ཆོག་ཤེས་མ་བྱས་པར་ཡིག་གཟུགས་ཀྱི་སྒྱུ་རྩལ་དུ་རང་མུས་སུ་སྐྱོད་བཞིན་གནས།


ཤངས་དགོན་གྱི་བྲིས་པ་གསུམ (17).jpg



ཤངས་དགོན་གྱི་བྲིས་པ་གསུམ (19).jpg


ཤངས་དགོན་གྱི་བྲིས་པ་གསུམ (20).jpg


ཤངས་དགོན་གྱི་བྲིས་པ་གསུམ (24).jpg


ཤངས་དགོན་གྱི་བྲིས་པ་གསུམ (25).jpg


ཤངས་དགོན་གྱི་བྲིས་པ་གསུམ (27).jpg


ཤངས་དགོན་གྱི་བྲིས་པ་གསུམ (21).jpg


ཤངས་དགོན་གྱི་བྲིས་པ་གསུམ (23).jpg


ཤངས་དགོན་གྱི་བྲིས་པ་གསུམ (26).jpg


ཤངས་དགོན་གྱི་བྲིས་པ་གསུམ (22).jpg


ཤངས་དགོན་གྱི་བྲིས་པ་གསུམ (18).jpg


阅读947
分享
写下您的评论吧