“ཐོན་མིའི་ཡིག་རྒྱུན་”རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་བྱིན་པའི་མཛད་སྒོ་དང

མགོན་པོ་དོན་གྲུབ།
2023-07-24

“ཐོན་མིའི་ཡིག་རྒྱུན་”རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་བྱིན་པའི་མཛད་སྒོ་དང་ཡིག་གཟུགས་འགྲེམ་སྟོན་ཀན་སུའུ་ཀླུ་ཆུ་ནས་སྤེལ།


甘南建州70周年标志.jpg

          ཟླ་༧པའི་ཚེས་༢༤ཉིན།   ཀླུ་ཆུ་རྫོང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་སྟེ་“ཐོན་མིའི་ཡིག་རྒྱུན་”རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྟེར་བའི་མཛད་སྒོ་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤ་བཙོས་ཐང་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ནས་གཟབ་རྒྱས་ངང་སྤེལ།


第三届吞米真传颁奖典礼 (1).jpg

       ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གཙོར་འཛིན་བྱས་ནས་གཙོ་འཛིན་ཞི་ཅིན་ཕིང་གིས་རིག་གནས་ཀྱི་ཡིད་ཆེས་དང་རིག་གནས་ཀྱི་གདེང་ཚོད་མཐོ་རུ་གཏོང་དགོས་ཞེས་པའི་གསུངས་བཤད་གལ་ཆེན་དང་།   ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་ལྟ་བ་བརྟན་པོར་འཛུགས་པ།   ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་སོགས་ཀྱི་འཛུབ་སྟོན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་ནས་བོད་མདོ་དབུས་ཁམས་གསུམ་གྱི་བྲིས་པ་དང་།   ཁོ་ཚོས་ཕུལ་བའི་ཡིག་གཟུགས་སྣ་ཚོགས་ཀྱི་ཁུལ་སྟོན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་ཞིང་།   ཡིག་གཟུགས་སྣ་བརྒྱའི་སྒྱུ་རྩལ་གྱི་མཆོད་བསྟོད་ལ་རྟེན་ནས་ཀན་ལྷོ་ཁུལ་གྱི་ལོ་ངོ་བདུན་བཅུའི་འཕོ་འགྱུར་ལ་བསྔགས་བརྗོད་བྱས་ཡོད།


第三届吞米真传颁奖典礼 (0).jpg

རྫོང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་ཐོན་ལས་ཁུལ་སྒོ་ཕྱེ་བ་ཁྱབ་བསྒྲགས་བྱས།


        ཉིན་འདིའི་མཛད་སྒོ་ལ་རྫོང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་དང་། རྫོང་ཨུའུ་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཝུའུ་ཡུས། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁུའུ་ཞོ་ཧོང་།   རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔང་བན་མིན་སོགས་སྡེ་ཁག་ཆེ་བཞིའི་འགོ་ཁྲིད་རྣམ་པ་མཛད་སྒོར་ཞུགས།



第三届吞米真传颁奖典礼 (4).jpg

རྫོང་ཨུའུ་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཝུའུ་ཡུས་ཀྱིས་མཛད་སྒོར་མགོ་འཛིན་མཛད།


          འབྲེལ་ཡོད་འགན་འཛིན་པས་ངོ་སྤྲོད་བྱས་པ་ལྟར་ན།   ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་ནི།   ཀླུ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་དང་།   ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ། ཀླུ་ཆུ་རྫོང་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས།   རྫོང་རིག་གནས་ཁང་།   ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་སོགས་ཀྱིས་འགན་སྒྲུབ་མཛད་པའི་སྐབས་གསུམ་པའི་ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ཕུལ་བྱུང་བརྩམས་ཆོས་ཡིན་ལ།   ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་།   མི་རིགས་མཐུན་སྒྲིལ།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་༧༠ལོན་པའི་རྟེན་འབྲེལ་ཞུ་བའི་ཤིས་ཚིག་སྣ་ཚོགས།   སྔོན་བྱུང་མཁས་བའི་ལེགས་བཤད་དང་བསླབ་བྱ།   མི་རིགས་མཐུན་སྒྲིལ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས། རྒྱལ་གཅེས་ཆོས་གཅེས།   ཁོར་ཡུག་སྲུང་སྐྱོབ།   མི་རིགས་འཆམ་མཐུན་སོགས་བརྗོད་གཞིར་བཟུང་བའི་ཕུལ་བྱུང་བརྩམས་ཆོས་བརྒྱ་ལྷག་དངོས་སུ་འགྲེམས་སྟོན་བྱས་ཡོད།   


第三届吞米真传颁奖典礼 (2).jpg

རྫོང་ཨུའི་རྒྱུན་ཨུའམ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཡཱེན་ཧོང་གིས་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་གནས་ཚུལ་ངོ་སྤྲོད་བྱས།


               རྒྱུས་ལོན་བྱུང་བ་ལྟར་ན།   ཡིག་གཟུགས་འགྲན་བསྡུར་ལ་རྒྱལ་ཡོངས་ས་ཕྱོགས་སོ་སོ་ནས་ཐོན་པའི་ཡིག་གཟུགས་པ་༢༨༩ཡི་བརྩམས་ཆོས་སྣ་ཚོགས་རིགས་༣༦༤ལྷག་འབྱོར་བ་དང་། དེ་དག་ལ་ཐོག་མཐའ་བར་གསུམ་གྱི་དཔྱད་འདེམ་ཐེངས་གསུམ་བྱས་ནས་ཨང་དང་པོ་ཐོབ་མཁན་གྱི་ཡིག་གཟུགས་བརྩམས་ཆོས་༡་དང་། ཨང་གཉིས་པ་ཐོབ་མཁན་གྱི་ཡིག་གཟུགས་བརྩམས་ཆོས་༢། ཨང་གསུམ་པ་ཐོབ་མཁན་གྱི་ཡིག་གཟུགས་བརྩམས་ཆོས་༣། ཕུལ་བྱུང་ཐོབ་མཁན་གྱི་ཡིག་གཟུགས་བརྩམས་ཆོས་༣༠། འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་༡༤༦བཅས་གདམ་ཐོན་བྱུང་ཞིང་ཡུལ་དངོས་ནས་བརྩམས་ཆོས་༩༠ལྷག་དང་། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ལམ་ནས་བརྩམས་ཆོས་༡༡༠ལྷག་འགྲེམ་སྟོན་བྱས།


第三届吞米真传颁奖典礼 (3).jpg

རྫོང་དཔོན་གཞོན་པ་གཉན་ཕྲུག་གིས་ཐོན་ལས་ཁུལ་བཞེངས་བསྐྲུན་གནས་ཚུལ་ངོ་སྤྲོད་བྱས།


第三届吞米真传颁奖典礼 (5).jpg

ཀླུ་ཆུ་རྫོང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་ལྟ་བ་བརྟན་པོར་འཛུགས་པའི་བརྗོད་དོན་སློབ་གསོའི་ལག་ལེན་ཁང་ལ་གཟིགས་ཞིབ་གནང་བཞིན་པ།



第三届吞米真传颁奖典礼  (1).jpg

ཀླུ་ཆུ་རྫོང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་ལྟ་བ་བརྟན་པོར་འཛུགས་པའི་བརྗོད་དོན་སློབ་གསོའི་ལག་ལེན་ཁང་ལ་གཟིགས་ཞིབ་གནང་བཞིན་པ།



第三届吞米真传颁奖典礼  (2).jpg

བྱ་དགའ་ཐོབ་པའི་ཡིག་གཟུགས་སྒྱུ་རྩལ་གྱི་བརྩམས་ཆོས་མདུན་དུ་པར་བླངས་ནས་དྲན་རྟེན་འཇོག་བཞིན་པ།



第三届吞米真传颁奖典礼 (19).jpg

    ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཡུལ་དངོས་སུ་བརྩམས་ཆོས་ངོ་སྤྲོད་ལ་ཉན་བཞིན་པའི་ཏང་སྲིད་འགོ་ཁྲིད་དང་སྐུ་མགྲོན།

   


第三届吞米真传颁奖典礼 (7).jpg

བྱ་དགའི་དཔང་ཡིག



第三届吞米真传颁奖典礼 (13).jpg

ཐེངས་འདིའི་བྱེད་སྒོའི་བརྗོད་དོན་བརྩམས་ཆོས།



第三届吞米真传颁奖典礼 (6).jpg

བྱ་དགའ་ཐོབ་པའི་བརྩམས་ཆོས།



第三届吞米真传颁奖典礼 (12).jpg

ཐེངས་འདི་འགྲེམ་ཚུད་བརྩམས་ཆོས་ཁག་ཅིག


第三届吞米真传颁奖典礼 (8).jpg

ཕུལ་བྱུང་བྱ་དགའི་དཔེ་མཚོན།



第三届吞米真传颁奖典礼 (11).jpg

གདན་ཞུའི་བརྩམས་ཆོས་ཀྱི་དཔེ་མཚོན།



第三届吞米真传颁奖典礼 (9).jpg



第三届吞米真传颁奖典礼 (10).jpg






第三届吞米真传颁奖典礼 (14).jpg




第三届吞米真传颁奖典礼 (15).jpg



第三届吞米真传颁奖典礼 (16).jpg



第三届吞米真传颁奖典礼 (17).jpg




第三届吞米真传颁奖典礼 (18).jpg



སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

གསར་འགོད་པ་མགོན་པོ་དོན་གྲུབ།

སྒྲིག་སྦྱོར་བཀྲ་ཤིས་དང་མགོན་པོ་དོན་གྲུབ།


阅读1713
分享
写下您的评论吧