ཕུན་ཚོགས་ནོར་བུ།

ཕུན་ཚོགས་ནོར་བུ།
2023-04-21

ཕུན་ཚོགས་ནོར་བུ།


       ༄༅།། ཡིག་མཁན་ཆུང་ཆུང་༼ཕུན་ཚོགས་ནོར་བུ་ ༽ནི་ཕ་དཀོན་མཆོག་ཆོས་འཕེལ་དང་མ་ཚེ་རིང་ནོར་འཛོམས་གཉིས་ཀྱི་བུར༢༠༡༡ལོའི་ཟླ་བ་༦པའི་ཚེས་༨ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚྭ་ཆུ་ཡུལ་ཤོག་དཀོན་གནའ་གྲོང་ཚོ་ཞེས་པའི་ས་མ་འབྲོག་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་ཚེ་སྲོག་གི་མྱུ་གུ་ཐོག་མ་འབུས།    ཕ་མ་གཉིས་ཀྱི་བཀའ་དྲིན་དང་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་འོག་ཏུ་༢༠༡༧ལོར་འབྲི་རུ་རྫོང་བུ་བཅོལ་ཁང་གཉིས་པ་རུ་སློབ་གསོ་ཐོག་མ་མྱོང་བའི་བསྐལ་བ་རག     དེ་རྗེས་ལོ་ན་བདུན་ལ་བསླེབས་སྐབས་༢༠༡༨ལོར་འབྲི་རུ་རྫོང་སློབ་ཆུང་དང་པོར་ཕྱིན་པ་དང་བསྟུན་ནས་བོད་ཀྱི་ཡིག་གཟུགས་མཁས་ཅན་རྒན་བསླབ་གསུམ་ལགས་ཀྱི་བྱམས་བརྩེའི་ལྷག་བསམ་འོག་ཏུ་བོད་ཡིག་ཡིག་གཟུགས་སྦྱོང་བའི་མགོར་བརྩམས།   དེ་བཞིན་དགུན་གསེང་དང་དབྱར་གསེང་སྐབས་སུ་འབྲི་རུའི་ཡིག་གཟུགས་མཁས་ཅན་ཕྱགསུམ་ཆོས་དགའི་འགྲམ་ནས་སྦྱངས་པ་ཆེན་པོ་བྱས།    དེ་བཞིན་རང་ཉིད་ཀྱི་འབད་འབུངས་དང་དགེ་རྒན་དག་གི་མཛུབ་སྟོན་འོག་ཏུ་བོད་ཡིག་ཡིག་གཟུགས་ཚུགས་རིང་ལ་སྦྱངས་པ་བྱས།   ༢༠༡༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བ་དང་རྒྱལ་སྟོན་དུས་ཆེན་བསུ་བ་ཞུ་ཆེད་སློབ་མའི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། ན་ཆུང་བྱིས་པའི་སོར་རྩལ་འགྲན་སྡུར་ཆེན་མོའི་ཁྲོད་དུ་ཨང་ལྔ་པ་ཐོབ།   ༢༠༢༠ལོར་འབྲི་རུ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་སྤེལ་བའི་ཏང་སྲིད་ཁྲི་གདུགས་ཉི་མའི་འོད་སྣང་གིས། རི་གྲོང་སློབ་གསོའི་སྐལ་བཟང་མེ་ཏོག་་ཞེས་ཞེསཔའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།   ༢༠༢༡ལོར་འབྲི་རུ་རྫོང་སློབ་ཆུང་དང་པོའི་དུས་དེབ་ལྗང་མྱུག་འདོན་ཐེངས་བཞི་པའི་ནང་དུ་ཡིག་གཟུགས་ཀྱི་མཚན་སྙན་ལག་འཁྱེན་ཐོབ། ༢༠༡༩ལོར་དཀོར་གནའ་གྲོང་གི་གྲོང་གསབ་སྦྱོང་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།   ༢༠༢༡ལོར་ལོར་འབྲི་རུ་རྫོང་སློབ་ཆུང་དང་པོས་སྤེལ་བའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་བཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།     སྐབས་བཅུ་བཞི་པའི་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་དབྱར་རྩྭ་དགུན་འབུའི་ཚོང་འདུས་ཀྱི་སྐབས་སུ་དགེ་རྒན་གཅུང་བསླབ་གསུམ་དང་ལྷན་དུ་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་བྱས་པ་དང་དེ་བཞིན་ཡུལ་དངོས་ལ་ཡིག་གཟུགས་བྲིས་ནས་གཟིགས་མོ་བས་དགའ་བསུ་གྲངས་མེད་ཐོབ་ཡོད།

        ད་ལྟ་སྔར་བཞིན་འབྲི་རུ་རྫོང་སློབ་ཆུང་དང་པོའི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པར་སློབ་སྦྱོང་དང་བོད་ཡིག་ཡིག་གཟུགས་ལ་སྦྱངས་བརྩོན་བྱེད་དང་བྱེད་མུས་ཡིན་ནོ།



朋措罗布 (1).jpg


朋措罗布 (2).jpg


朋措罗布 (3).jpg


朋措罗布 (4).jpg


朋措罗布 (5).jpg


朋措罗布 (6).jpg


朋措罗布 (7).jpg


朋措罗布 (8).jpg


朋措罗布 (9).jpg


朋措罗布 (10).jpg


朋措罗布 (11).jpg


朋措罗布 (12).jpg


朋措罗布 (13).jpg


朋措罗布 (14).jpg



阅读453
分享
写下您的评论吧