བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་དང་བོད་ཡིག་ཡིག་གཟུགས་སློབ་གྲྭར་སྐྱོད་པའི་བྱེད་སྒོ་འབྲུག་ཆུ་བ

འབྲུག་ཆུའི་ཡིག་མཁན་མཐུན་ཚོགས།
2022-06-17

     ༢༠༢༢ལོའི་ཟླ་༦ཚེས་༩ཉིན།ཏང་གི་ཚོགས་ཆེན་ཉི་ཤུ་བ་བསུ་ཕྱིར་འབྲུག་ཆུ་རྫོང་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པབརྗོད་དོན་གཙོ་བོར་བྱས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་དང་བོད་ཡིག་ཡིག་གཟུགས་སློབ་གྲྭར་སྐྱོད་པའི་བྱེད་སྒོ་འབྲུག་ཆུ་བོད་རིགས་སློབ་འབྲིང་དུ་སྤེལ་ཞིང་སློབ་གྲྭའི་དགེ་སློབ་ཡོངས་བྱ་འགུལ་ལ་ཞུགས།

     སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རིག་གནས་ཀྱི་གདེང་ཚོད་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག དེ་བཞིན་སྲིད་ཏང་ཞིག་གིས་རང་ངོས་ཀྱི་རིག་གནས་རིན་ཐང་ཁས་ལེན་དང་ཧུར་ཐག་གིས་ལག་ལེན་ཡིན་ཞེས་གསུང་བ་མ་ཟད། རིག་གནས་ཀྱི་སྐྱེ་སྟོབས་ལ་བཅངས་བའི་ཡིད་ཆེས་བརྟན་པོ་དེ་ཡིན་པར་གསུངས་ཡོད་པས།བོད་ཡིག་ཡིག་གཟུགས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེའི་ནང་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་འདུས་ཡོད་པ་དང་མི་རིགས་རིག་གནས་ཀྱི་མཛེས་དཔྱོད་མཚོན་ཡོད།རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བྱ་ཆེད།རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྫོང་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱིས་ད་ཐེངས་ཀྱི་བོད་ཡིག་ཡིག་གཟུགས་སློབ་རར་སྐྱོད་པ་ཞེས་བའི་བྱ་འགུལ་ཇུས་འགོད་བྱས།ད་ཐེངས་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་དང་ཚོགས་མིའི་ཕུལ་བྱུང་བརྩམས་ཆོས་༥༦བདམས་ཤིང་།དེའི་ནང་ཡིག་གཟུགས་སྣ་ཁ་༧གཙོ་བོར་བཟུང་ནས་བོད་ཡིག་ཡིག་གཟུགས་མྱོང་རོལ་བྱེད་པར་ཀུན་གྱི་སྤྱན་ལམ་དུ་ཕུལ་ཡོད།དེའི་ནང་ཡིག་གཟུགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་འདུ་ཤེས་འཛུགས་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་ཚིག་གལ་ཆེན། བོད་ཡུལ་གྱི་ཅང་ནན་འཛུགས་པ་དང་། སྙན་ངག་དང་ཡིག་རིས་ཀྱི་འབྲུ་ཆ་གསར་བཞེང་བྱེད་པ་ཅེས་པའི་སྙན་ཚིག   ལེགས་བཤད་སོགས་བརྩམས་ཆོས་༥༦བཀོད་པ་ནི་མི་རིགས་ལྔ་དྲུག་གི་མཐུན་སྒྲིལ་མཚོན་ཡོད།

    ཁྱད་པར་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་སློབ་གྲྭར་སྤེལ་བ་དང་།ཡུལ་དངོས་ནས་བརྩམས་ཆོས་གསར་རྩོམ་ཀྱི་ཉམས་མྱོང་སྤེལ་རེསདང་།དེ་བཞིན་དགེ་སློབ་ཚོས་གཙོ་གནད་ས་དེའི་ཕྱོགས་ལ་སློབ་སྦྱོང་བྱེད་པ་བཅས་བརྒྱུད་བོད་ཡིག་ཡིག་གཟུགས་འཕེལ་རྒྱས་དང་རྒྱུན་འཛིན་གྱི་བརྒྱུད་རིམ་ཕྱོགས་ཡོངས་ནས་མངོན་པས་ང་ཚོས་བོད་ཀྱི་རིག་གནས་ཤེས་རྟོགས་དེ་བས་གཏིང་ཟབ་དུ་གཏོང་ཐུབ་པ་དང་།ང་ཚོར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་སྟོན་མོ་ཞིག་བཤམས་པ་མ་ཟད། མི་རིགས་ཀྱི་སྒྱུ་རྩལ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་ཐད་ཀྱི་བག་ཆགས་བཟང་པོ་དང་ཉམས་སད་ཐེངས་ཤིག་ཐེབ་ཡོད་པ་རེད།


舟曲县书展2022 (1).jpg


舟曲县书展2022 (2).jpg


舟曲县书展2022 (3).jpg


舟曲县书展2022 (4).jpg


舟曲县书展2022 (5).jpg


舟曲县书展2022 (6).jpg


舟曲县书展2022 (7).jpg


舟曲县书展2022 (8).jpg


舟曲县书展2022 (9).jpg


舟曲县书展2022 (10).jpg


舟曲县书展2022 (11).jpg


舟曲县书展2022 (12).jpg


舟曲县书展2022 (13).jpg


       2022年6月9日,“喜迎二十大”舟曲县书法家协会“铸牢中华民族共同体意识”主题藏文书法作品展暨藏文书法进校园活动在舟曲县藏族中学如期举行,全体师生参加。

       习总书记提出文化自信是一个民族、一个国家以及一个政党对自身文化价值的充分肯定和积极践行,并对其文化的生命力持有坚定信心。藏文书法作为藏族文化的重要组成部分,它蕴含着藏族传统文化的精髓,承载着民族文化的审美意趣。为了引导和激发广大青少年树立传承和发扬传统文化的信心,县文联与县藏文书法家协会特意策划了本次藏文书法进校园活动。本次藏文书法展览征集、筛选会员优秀作品56幅,包括七种藏文字体,主要以藏文硬笔书法为主。其中欣赏型作品有铸牢中华民族共同体意识、加强民族团结进步、社会主义核心价值观、习近平总书记语录、“筑梦藏乡江南,绘就诗画舟曲”的诗词、格言、名句。展出的56幅作品象征着56个民族大团结的美好寓意。

      通过藏文书法展览进校园、现场交流创作以及师生观摩这一主线,全方位立体呈现了藏文书法发展与传承的脉络,使我们对藏文化有了更深入的了解,为我们提供了一场别开生面的民族文化盛宴,经受了一次民族艺术和中华传统文化精神的熏陶和洗礼。






阅读740
分享
写下您的评论吧