མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དྲུག་པ་བསུ་བའི་ཡིག་གཟུགས

མགོ་ལོག་ཁུལ་མི་རིགས་སློབ་འབྲིང
2022-06-05

མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དྲུག་པ་བསུ་བའི་ཡིག་གཟུགས་འགྲན་སྡུར་སྤེལ།



果络州民族中学书法节 (1).jpg

     རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།།དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།། ཞེས་གསུངས་པ་ནང་བཞིན་བོད་ཀྱི་ཡིག་གཟུགས་ཀྱིས་བོད་ཀྱི་རིག་གནས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དར་སྤེལ་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པའི་ཆེད་དུ།ངེད་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གི་སློབ་གཙོ་ཀརྨ་གཙོ་བྱས་པའི་སློབ་གྲྭའི་མགོ་ཁྲིད་དག་གི་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་འོག་ཏུ།   བོད་ཡིག་ཁྲིད་དཔྱོད་ཁང་གིས་༢༠༢༢ལོའི་ཟླ༤བའི་ཚེས༢༧ཉིན་སློབ་གྲྭའི་ནུས་མང་ཚོམས་ཆེན་དུ།རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དྲུག་པ་བསུ་བའི་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།



果络州民族中学书法节 (2).jpg


     ཐེངས་འདིར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་མཁན་གྲགས་ཅན་དགེན་སྐལ་བཟང་ཡེ་ཤེས་ལགས་གཙོ་བྱས་པའི་སློབ་གྲྭའི་སློབ་གཙོ་དང་བོད་ཡིག་དགེ་རྒན་རྣམས་འགྲན་སྡུར་གྱི་ཡུལ་དངོས་སུ་འབྱོར་ནས་བྱ་འགུལ་གྱི་ཐོག་མཐའ་བར་གསུམ་དུ་རང་འགན་ལེགས་བསྒྲུབས་བྱས།


果络州民族中学书法节 (3).jpg

    བྱ་འགུལ་འདིའི་ཁ་གཏད་ཡུལ་ནི་མཐོ་གཅིག་མཐོ་གཉིས་ཡིན་ལ་བསྡོམས་པས་བྲིས་པ་ལེགས་པའི་སློབ་བུ༥༠ལྷག་འགྲན་སྡུར་དུ་ཞུགས།འགྲན་སྡུར་གྱི་ནད་དོན་ནི་དབུ་མེད་དང་དབུ་ཅན་གཉིས་ཡིན་པ་དང་།དབུ་མེད་ནི་གཙོ་བོ་སྡེར་ནང་ས་བྲིས་ཡིན།


果络州民族中学书法节 (4).jpg

སློབ་བུ་དག་གིས་རང་ནུས་རྩལ་དུ་སྤྲུགས་ནས་ཡི་གེ་འབྲི་བཞིན་པའི་རྣམ་པ།



果络州民族中学书法节 (5).jpg

དགེན་སྐལ་བཟང་ཡེ་ཤེས་གཙོ་བྱས་པའི་བོད་ཡིག་དགེ་རྒན་རྣམས་ཀྱིས་ཐེངས་དུ་མར་ཞིབ་བསྡུར་དང་དཔྱད་བསྡུར་བྱས་ནས་དབུ་ཅན་དང་དབུ་མེད་ལས་བྲིས་པ་ལེགས་པའི་བརྩམས་ཆོས་ལྔ་རེ་བདམས་ནས་ཨང་རིམ་བཀར།


果络州民族中学书法节 (6).jpg

ཐེངས་འདིའི་བྱ་འགུལ་ཁྲོད་བདམས་ཐོན་བྱུང་བའི་བརྩམས་ཆོས་མཐོང་བ་ཀུན་སྨོན།


果络州民族中学书法节 (7).jpg

སློབ་གྲྭའི་མགོ་ཁྲིད་དག་གིས་བྱ་དགའ་ཐོབ་མཁན་གྱི་སློབ་བུ་དག་གི་དགའ་ཕྱོགས་སྐྱེད་སྲིང་དང་སྐུལ་འདེད་ཀྱི་ཚུལ་དུ་རིམ་པ་བཞིན་བྱ་དགའ་གནང་།


果络州民族中学书法节 (8).jpg

མཐར་དགེན་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་བྱུང་བ་རགས་ཙམ་ངོ་སྤྲོད་བྱས་པ་བརྒྱུད་ནས་བྱ་འགུལ་ཡོངས་སུ་མཇུག་བསྡུས།


阅读85
分享
写下您的评论吧