ཀྱ་བཟའ་ཀུན་འཛོམས།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཉེར་ལྔ་བ།
ཀྱ་བཟའ་ཀུན་འཛོམས། ༡༩༩༩ ལོར་མགོ་ལོག་པདྨ་རྫོང་ཀྱི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ཆུང་དུས་ནས་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་དགའ་བོ་ཆེན་པོ་ཡོད་པ་མ་ཟད་། བྱེ་བྲག་བོད་ཀྱི་ཡིག་གཟུགས་ལ་དགའ་མོས་ཆེན་པོ་ཡོད། ༢༠༠༨ ལོ་ནས་བཟུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ཐེམ་སྙེག་ཤིང་། མཐོ་འབྲིང་སྐབས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཀྱི་ཚབ་མཚོན་རྒྱུད་འཛིན་པ་རྒན་སེང་གེ་དར་རྒྱས་ལགས་ཀྱི་ཞབས་ཀྱིས་པདྨོར་བསྟེན་ཏེ་མགོ་ལོག་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འབྲི་སྦྱོང་དང་སློབ་གཉེར་བྱས། ༢༠༡༨ ལོར་མགོ་ལོག་སྡེར་ནང་ས་བྲིས་བྲིས་རྒྱུན་སློབ་རའི་སྒྱུ་རྩལ་ཞིབ་འཇུག་སྟེ་གནས་ཀྱི་སྐབས་དང་པོས་མཐར་ཕྱིན་སློབ་མ་ཡིན། སློབ་ཆེན་སྐབས་ཅིན་དགེ་རྒན་(金广瑞)བསྟེན་ནས་རྒྱ་ཡིག་ཡིག་གཟུགས་རང་ནུས་ཅི་ལྕོགས་ཀྱིས་སྦྱང་བ་སོགས་བྱས། སློབ་ཆེན་མཐར་ཕྱིན་རྗེས་ཧུར་ཐག་འབད་རྩོན་གྱི་དགའ་ཕྱོགས་ཤིག་གི་རྒྱུན་བསྐྱངས་ལ།དགའ་ཕྱོགས་ཀྱི་འོས་འགན་ཞིག་ཁུར་དུ་བླངས་པའང་ཡིན།ད་ལྟའང་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་བྱེད་བཞིན་ཡོད། ད་ལོའང་དགའ་འོས་པ་ཞིག་ལ་རྒྱལ་ཁབ་རིམ་པའི་གཟུགས་མིན་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་གླེགས་བམ་ཆེན་མོ༼གཡུ་ཐོག་སྙིང་ཐིག༽རིན་ཆེན་སྣ་ལྔས་འབྲི་བཞེངས་བྱས་ཏེ་མགོ་ལོག་ཁུལ་བོད་སྨན་རྩིས་ཁང་གི་བོད་ལུགས་གསོ་རིག་རིག་གནས་བཤམས་མཛོད་ཁང་དུ་བསྡུ་ཉར་བྱས་ཏེ་གཙུག་ཆེན་བྱས་པ་དང་བསྡུ་ཉར་དཔང་ཡིག་བཞིན། གཞན་བོད་ཀྱི་ཡིག་གཟུགས་དྲུང་ཡིག་པ་སྨོན་ལམ་རྒྱ་མཚོའི་བྲིས་རྒྱུན་དང་རྒྱ་ཡིག་ཡིག་གཟུགས། གཞུང་བྲིས་སོགས་ཡིག་རིགས་སྣ་ཚོགས་སྦྱངས་བཞིན་གདའ།
གདུགས་དཀར། བྱུ་རུའི་བྲིས།
རྡོ་རྗེ་གཅོད་པ། རིན་ཆེན་སྣ་ལྔའི་བྲིས།
མདོ། གསེར་དངུལ་གྱི་བྲིས།
འཇམ་དཔལ་མཚན་བརྗོད། གསེར་བྲིས།
སྒྲོལ་མ། གཡུ་དང་བྱུ་རུའི་བྲིས།