བྲིས་དཔེ་འོས་སྦྱོར།

རིག་པའི་ཁུ་བྱུག
2022-01-25

མཚམས་སྦྱོར་རིན་ཆེན་འབྲུ་ཡི་ཚོམ་བུ།

རིག་པའི་ཁུ་བྱུག

    འཛམ་གླིང་འདིར་སྐད་ཡིག་རིག་གནས་སྣ་མང་ཡོད་པའི་ཁྲོད་ནས་ཞང་བོད་ཀྱི་ཤེས་རིག་ནི་དེང་དུས་འཛམ་གླིང་ན་ཧ་ཅང་དཀོན་པའི་རིག་གནས་ཀྱི་ནོར་བུའི་གྲས་ཤིག་ཡིན་འདུག།ལྷག་པར་དུ་བོད་ཀྱི་སྐད་ཡིག་རིག་གནས་འདི་རྩ་ཆེན་པོ་ག་འདྲ་ཡིན་མིན་སྐོར་ནས་འདི་འདྲ་ཞིག་འདུག

   བོད་ཀྱི་ཡིག་གཟུགས་འདི་ཐུན་མོང་མ་ཡིན་པ་ཞིག་ཡོད་རེད།འཛམ་གླིང་ལ་སྐད་༧༠༠༠ཡོད་པའི་ནང་ནས་ཡི་གེ་དམིགས་གསལ་ལྡན་པའི་སྐད་༥༠ལས་མེད།ཧ་ཅང་གི་ཉུང་ཉུང་རེད།དཔེ་ཆགས་བཞག་ན་དབྱིན་ཆའི་སྐད་ཁོ་རང་དམིགས་གསལ་ཡིག་གཟུགས་ཡོད་མ་རེད།ལ་ལྡིང་གི་ཡི་གེ་བེད་སྤྱོད་བྱེད་ཀྱི་ཡོད་རེད།སྐད་ཡིག་གཉིས་ཀ་ཡོད་པ་༥༠ནང་ནས་ལོ་༡༠༠༠ཡན་ཆོད་ལ་སྐད་དང་ཡིག་གཟུགས་གཉིས་ཀ་ཡོད་པའི་༡༥་ལས་ཡོད་མ་རེད།༡༥ཧ་ཅང་ཉུང་ཉུང་རེད། འདི་ཞེ་དྲག་རྩ་ཆེན་པོ་རེད།མི་མང་པོ་ཞིག་གིས་ཤེས་ཀྱི་ཡོད་མ་རེད།ཅེས་པ་འདི་འཛམ་གླིང་གི་སྐད་བརྡ་རིག་པའི་མཁས་དབང་ནིའི་ཀུ་ལ་སའི་ཊོ་ནིང་ཊུ།བོད་མིང་དུ་བདེ་ཆེན་རབ་ལྡན་འབོད་པས་གསུངས།ཁོང་གིས་བོད་སྐད་ཡིག་གཅིག་པུས་ཐོག་ལ་ལོ་བཞི་བཅུ་ཞེ་གསུམ་ལ་སློབ་སྦྱང་བྱས་པ་མ་ཟད།བོད་ཆོལ་ཁ་གསུམ་དང་།བོད་སྐད་ཡིག་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་སོགས་ལ་བོད་སྐད་ཡིག་ཞིབ་འཇུག་གནང་ནས་ཡུན་རིང་ཕེབས་མྱོང་བའི་མཁས་དབང་ཞིག་གི་ཉམས་མྱོང་དང་འབྲེལ་བའི་སྡོམ་ཚིག་ཅིག་རེད།གོང་གི་སྡོམ་ཚིག་དང་འབྲེལ་མ་འབྲེལ་བཤད་མི་དགོས་པའི་བོད་ཀྱི་འབྲུ་མའི་ཡིག་གཟུགས་ཀྱང་འདིའི་ཁྲོད་ཀྱི་གཅིག་ཡིན་ངེས་རེད།འདི་ནི་བཙན་པོའི་སྐབས་ནས་ཡོད་པར་གསལ་ཡོད་དེ།འབྲུ་ལ་ལི་ལུགས་ལྡན་ལུགས་གཉིས།ཞེས་པའི་ཁྲོད་ནས་མཁས་པ་ལི་དང་།འདན་མ་རྩེ་མང་གཉིས་བཙན་པོའི་དུས་ཀྱི་ཡིག་མཁན་ཡིན་པར་གསལ་ཡོད།ད་རེས་འདི་ན་ལ་<ཁྱུང་པོའི་འབྲུ་མའི་ཡིག་གཟུགས་མེས་པོའི་གཟི་འོད་འབར་བའི་ནོར་ཕྲེང་>ཞེས་པའི་དེབ་འདི་ནི་ད་ལྟའི་དུས་རབས་འདི་ཡི་གོང་གི་བྲིས་པ་རྒན་རབས་འབྲུ་མའི་བྲིས་ཁམས་རྩེར་སོན་དང་འབུར་ཐོན་དག་གིས་བྲིས་པའི་དཔེ་གཟུགས་གང་འཚམས་ལས་གྲུབ་པ་ཞིག་ཡིན།དེ་ཡང་དཔེ་གཟུགས་ཆོས་དཔེའམ་བོན་དཔེ་རྙིང་པ་ལས་ཆོག་གམ་སྒྲུབ་སྐོར་ནང་ནས་པར་བླང་ཏེ་འདིར་དེབ་གཟུགས་སུ་བྲིས་དཔེའི་ཚུལ་དུ་གྲུབ་པ་ཞིག་རེད། ཡིག་གཟུགས་འདི་དག་འབྲི་མཁན་ཁྲོད་ནས་ད་ལྟ་གཅིག་གཉིས་ལས་ཕར་ཆེར་དུས་འགྱུར་གོང་ནས་གཤེགས་ཟིན་པ་ཤ་སྟག་རེད།

   ད་དུང་འདིའི་ནང་མ་འཁོད་པའི་འབྲུ་མའི་བྲིས་ཁམས་འབུར་ཐོན་མང་པོ་ཡོད་།དེ་དག་པར་ཐེངས་རྗེས་མའི་རིམ་པའི་སྐབས་སུ་ཡོང་འཆར་ཡོད།འདི་དག་གི་ཡིག་འབྲུ་རེ་རེ་ནི་མེས་པོ་བྲིས་མཁན་དག་གིས་དཀའ་སྡུག་གིས་དངུལ་ཆུ་ལས་གྲུབ་པ་ཡིན་པ་སྨོས་ཅི།ཡིག་འབྲུ་འདི་དག་གི་གསེང་དུ་དད་མོས་ཀྱི་བྱིན་བརླབས་ཡོད་ལ།རང་རིགས་ཀྱི་ཤ་ཞེན།ལོ་རྒྱུས་ཀྱི་གཏེར་ཁ།མི་རབས་འོག་མ་ལ་བཅངས་བའི་བརྩེ་སེམས་སོགས་ཁུད་དུ་སྦས་ནས་ཡོད་པས།འདི་དག་ད་ལྟའི་དུས་འདིར་ང་ཚོས་ངོ་སྤྲོད་དང་།སྲུང་སྐྱོབ།རྒྱུད་འཛིན།དར་སྤེལ་དགོས་པ་ནི་ང་ཚོའི་མི་རབས་འདི་ཡི་འོས་འགན་ཡིན་པས་སྣང་མེད་དུ་དོར་མི་རུང་བར་ངེས་སོ།།གལ་སྲིད་སྣང་མེད་དོར་ན་རང་ཉིད་སྣང་མེད་དུ་དོར་བ་དང་གཅིག་མཚུངས་སུ་འཁུམས།སྤྱིར་འབྲུ་མའི་ཡིག་གཟུགས་འདི་ནི་གནའ་དེང་གང་གི་དུས་དང་།ལྷག་ཏུ་དེང་དུས་བོད་ཁྱོན་ཡོངས་ལ་དར་ཁྱབ་ཆུང་བས་ཡིག་མཁན་དང་ཡིག་བྲིས་ཕར་ཆེ་བས་འདི་ངོ་མི་ཤེས་པར་གྱུར་ཏེ་ལྷག་ཡོད།ཁ་ཤས་ཀྱིས་འབྲུ་ཚའམ་འབྲུ་ཚའི་རིགས་ཤིག་ཡིན་པར་ངོས་འཛིན་མཁན་ཡང་སྣང་།འབྲུ་མེད་ན་འབྲུ་ཚ་མི་ཡོང་བ་དེ་ཡང་གནད་འགག་གཅིག་མཐོང་།འབྲུ་མ་འདི་ནི་བཙན་པོའི་དུས་ནས་ཡོད་པར་འབྲུ་ལ་ལི་ལུགས་འདན་ལུགས་ཞེས་པས་གསལ་ཡོད།འདི་ལྟ་བུའི་འབྲུ་མ་ཕུལ་བྱུང་ཡོང་བ་ལ།ལོ་དང་ལོ་མཐུད་དེ།འཐེན་སྟངས་དང་།མཉེན་ལྕུག་འཁྲིལ་གསུམ།ཤ་ལྷུ་རུས་གསུམ།ལི་ཁམས་ཟག་གསུམ།དཀར་ཆ་ནག་གསུམ།དགྱེ་ལྷུ་སྒུར་གསུམ།ལྷུ་རུས་ཚུགས་གསུམ།དཔའ་བརྟན་མཛེས་གསུམ་སོགས་འཛོམས་དགོས་པས་མཉེན་དོད་ན་ཚུགས་མི་ཡོང་།ཚུགས་ཕོག་ན་མཉེན་ཤོར་བ།མཉེན་ཤོར་ན་ཡིག་འབྲུའི་བཟོ་ལྟ་མི་ཡོང་བས།དེ་དག་ཡིད་ལ་བསམ་ཡང་ལག་པས་མི་ཐོན་པས་བསམ་པ་བཞིན་ལག་ཐོག་ཏུ་མ་བསླེབས་བར་སྦྱང་བདར་བྱེད་དགོས་པས་ཡིག་གཟུགས་གཞན་པ་ལས་འདི་བྱང་ཤ་ཆོད་གྱུར་དཀའ།ཁ་རྒྱུན་དུ་<བྲིས་བྲིས་གཉིས་ཀྱིས་བྲིས་པ།བཏོན་བཏོན་གཉིས་ཀྱིས་འདོན་པ་>ཟེར་སྲོལ་ཡོད་པ་བཞིན་དུ་མོས་པ་ཡོད་པའི་ཐོག་སྡུག་རུས་ཡུན་རིང་བྱེད་ཐུབ་མཁན་ཞིག་མ་ཡིན་ན་འབུར་ཐོན་ཞིག་ཡོང་རྒྱུ་དཀའ་ལས་ཆེན་པོ་ཡོད་པ་རེད།དེས་ན་འདི་དག་རིན་ཐང་ཆེན་པོར་མཐོང་སྟེ་འདས་མ་ད་གསུམ་མང་པོ་ལ་བསམ་བློ་བཏངས་ནས་ད་རེས་འདིར་རོབ་ཙམ་བསྡུས་ཁུལ་བྱས་ཡོད་།འདི་ནི་བོད་གངས་ཅན་ལྗོངས་ཀྱི་རིག་གནས་ཡིན་པས་མི་ནུབ་དར་ཞིང་རྒྱས་དགོས་པའི་རིགས་ཡིན་པས་སྣང་མེད་དུ་མ་སོང་བ་གནང་རྒྱུ་ནི་གནད་འགག་ཆེན་པོ་མཐོང་།ཁྱུང་ཡུལ་ལ་གནའ་དེང་གི་འབྲུ་བྲིས་བྲིས་པའི་དཔེ་ཆ་མང་ཡང་།ད་རེས་འདིར་མེས་པོ་གོང་མའི་ཕྱག་བྲིས་ལས་ཕྱག་བྲིས་གཞན་མེད།དེབ་འདི་མཁས་པ་རྣམས་ལ་དཔྱད་གཞི་དང་།འབྲུ་མར་དགའ་མཁན་རྣམས་ལ་བྲིས་དཔེ་ལྟ་ས་རུ་བསམ་ནས་ཉམ་ཆུང་ཁྱུ་ཚོགས་ཆུང་ཆུང་ཞིག་གིས་བསྒྲིགས་བཟོ་བྱས་པ་ཡིན།དེ་ཡང་ཚོང་ལས་ཀྱི་ཆེད་དུ་མ་ཡིན་པས་ཡོང་འབབ་གང་བྱུང་རང་ཡུལ་སློབ་གྲར་འགྲོ་འདོད་ཀྱང་ཆ་རྐྱེན་མ་འདངས་བ་དག་ལ་ཞལ་འདེབས་རོགས་རམ་ཆུ་ཐིགས་ཙམ་ཞིག་ཨེ་འགྲུབ་བསམ་པའི་རེ་བའི་ངང་ནས་དེབ་འདི་འགྲེམས་སྤེལ་བྱེད་པ་ཡིན་པས་དེབ་འདི་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཆེད་དུ་མིན།ཚོང་བསྒྱུར་ཆེད་དུ་པར་བསྐྲུན་མི་རུང་བ་ཡིན་པ་ཡང་མཁྱེན་དགོས་པ་བཅས་སོ།།


柔白克秀 (1).jpg



柔白克秀 (3).jpg


柔白克秀 (2).jpg



柔白克秀 (4).jpg



柔白克秀 (5).jpg


柔白克秀 (8).jpg



柔白克秀 (9).jpg



柔白克秀 (10).jpg



柔白克秀 (11).jpg



柔白克秀 (12).jpg



柔白克秀 (13).jpg



柔白克秀 (14).jpg



柔白克秀 (15).jpg



柔白克秀 (16).jpg



柔白克秀 (17).jpg



柔白克秀 (18).jpg



柔白克秀 (19).jpg



柔白克秀 (6).jpg




柔白克秀 (20).jpg

阅读1453
分享
写下您的评论吧