མདོ་སྨད་ཀྱི་ཡིག་མཁན་རྡོ་སྦིས་གྲགས་པ།

2021-11-17


མདོ་སྨད་ཀྱི་ཡིག་མཁན་རྡོ་སྦིས་གྲགས་པ་ལགས་མཚམས་སྦྱོར།


智华简介.png


    རྡོ་སྦིས་གྲགས་པའམ་གྲགས་པ་རྒྱ་མཚོ་ལགས་ནི་སྤྱི་ལོ༡༩༣༡ལོར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་དུ་འཁྲུངས། སྤྱི་ལོ༡༩༣༩ལོ་ནས་སྤྱི་ལོ༡༩༥༦ལོའི་བར་ཁོང་ཉིད་ཕ་ཡུལ་གྱི་རྡོ་སྦིས་གྲྭ་ཚང་དུ་ཞུགས་ནས་བསླབ་པ་དོན་གཉེར་མཛད། སྤྱི་ལོ༡༩༥༦ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕྱིན་ཏེ་དགེ་རྒན་གྱི་འགན་བཞེས་ཤིང་། སྤྱི་ལོ༡༩༥༧ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ཕེབས་ཏེ་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་རྩོམ་སྒྲིག་གི་ལས་ཀ་གཉེར། ཁོང་གིས་སྔ་རྗེས་སུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་།

    ཁོང་གིས་བོད་ཡིག་གི་དཔེ་ཆ་བཅུ་ཕྲག་མང་བོའི་རྩོམ་སྒྲིག་འགན་འཁུར་པ་མཛད་པ་ལས། རྗེ་ཤེས་རབ་རྒྱ་མཚོའི་གསུང་རྩོམ 》(པོད་དང་པོ་ནས་གསུམ་པདང བོད་ཀྱི་བསྟན་བཅོས་ཁག་ཅིག་གི་མཚན་བྱང》《འཕགས་པ་བསྐལ་པ་བཟང་བོའི་མདོ སོགས་ལ་རྒྱལ་ནང་གི་བྱ་དགའ་སྣ་ཚོགས་ཐོབ་པར་མ་ཟད། རྒྱ་ཆེའི་བོད་རིགས་ཤེས་ལྡན་མི་སྣ་མང་བོས་ཀྱང་དགའ་བསུ་ཆེན་པོ་བྱས། དུས་མཚུངས་སུ། ཁོང་ཉིདདག་ཡིག་གསར་བསྒྲིགས ཀྱི་རྩོམ་སྒྲིག་དང་། རྒྱ་བོད་ཤན་སྦྱར་ཚིག་མཛོད ཀྱི་ཐོག་མའི་ཞུ་དག་གི་ལས་ཀར་ཡང་ཞུགས་ལ། བོད་ཀྱི་པར་ཡིག་གཅིག་འགྱུར་དང་འཐུས་ཚང་དུ་འགྲོ་བའི་བྱ་བ་ལའང་བྱས་རྗེས་བླ་ན་མེད་པ་བཞག་མྱོང་། དེར་མ་ཟད། ཁོང་གིསསྦྲང་ཆརདངགངས་རྒྱན་ན་ཆུང་ཚགས་པརགཉིས་གསར་སྤེལ་གྱི་བྱ་བའི་ཐད་ནུས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་པས། བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བའི་ཞིང་ས་གསར་གཏོད་དང་རྒྱ་སྐྱེད་པའི་རྨང་གཞི་ལེགས་པོ་བཏིང་ཡོད་པ་བཅས་སོ།།

   གཞན་ཁོང་ནི་བྲིས་ལག་བྱང་དུ་སོང་བའི་ཡིག་མཁན་ཞིག་སྟེ། དཔེ་དེབ་བརྒྱ་ཕྲག་ལ་ཉེ་བ་ཞིག་གི་ཁ་བྱང་བྲིས་པར་མ་ཟད། མཚོསྔོན་མི་རིགས་པར་ཁང་དངཔེ་ཏ་ཧྥང་ཀྲིནཚོགས་ཁག་ཀུང་ཟི་སོགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་ཡིག་གཟུགས་རྣམས་ཀྱང་ཁོང་གི་སོར་མོའི་འཕྲུལ་ལས་བྱུང་བ་ལགས།

   ཁོང་ནི་མཚོ་སྔོན་ཞིང་ཆེན་སྐབས་ལྔ་པ་དང་དྲུག་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་ལ། ཀྲུང་གོ་ཡིག་གཟུགས་མཁས་པའི་མཐུན་ཚོགས་མཚོ་སྔོན་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཡང་བཞེས་མྱོང་།

   སྤྱི་ལོ༡༩༩༡ལོར་ལས་འཁྱུར་ངལ་གསོ་མཛད་ཟིན་ན་ཡང་། བོད་ཀྱི་རིག་གནས་དང་ཡིག་གཟུགས་དར་སྤེལ་གཏོང་བར་ནུས་ཤུགས་མ་ལུས་འདོན་བཞིན་ཡོད།   

༡༩༩༨ལོའིསྦྲང་ཆརདེབ་བཞི་པ་ལས་དྲངས།





རྩོམ་སྒྲིག་པ། སྨན་བླ་ཐར།

གཙོ་སྒྲིག་པ།རྟ་མགྲིན་མགོན་པོ།

ཞུ་དག་པ་གཅོད་པ་དོན་གྲུབ།





阅读338
分享
写下您的评论吧