བྲིས་པ་ཆུང་ཆུང་སྐལ་བཟང་ལུང་རྟོགས་རྒྱ་མཚོའི་བརྩམས་ཆོས་ཁག་ཅིག

སྐལ་བཟང་ལུང་རྟོགས་རྒྱ་མཚོ།
2021-09-14


བྲིས་པ་ཆུང་ཆུང་སྐལ་བཟང་ལུང་རྟོགས་རྒྱ་མཚོའི་བརྩམས་ཆོས་གསར་བ་ཁག་ཅིག


སྐལ་བཟང་ལུང་རྟོགས་རྒྱ་མཚོ།


      སྐལ་བཟང་ལུང་རྟོགས་རྒྱ་མཚོ།   སྨྱུག་མིང་ལྡན་མ་རྩེ་སྨྱུག།   སྤྱི་ལོ༢༠༡༠ལོའི་ཟླ༩ཚེས་༡༢ཉིན་མདོ་སྟོད་མི་ཡི་ཆོལ་ཁའི་ཁོངས་གཏོགས་ཡིག་མཁན་ཆེན་མོ་ལྡན་མ་རྩེ་མང་གི་འཁྲུངས་ཡུལ་ཁམས་ལྡན་མའམ་འདན་ཁོག་ཏུ་མི་ལུས་རིན་པོ་ཆེའི་སྐྱེ་བ་བཞེས།   ཆུང་ནས་རྣམ་རིག་གསལ་ཞིང་ཕ་མ་ལ་གུས་པ།     རོགས་པ་ཆུང་ཆུང་ཚོ་དང་རྩེ་རྒྱུར་དགའ་ཞིང་གཞན་དང་མཐུན་པ།   

旦玛则尼 .jpg

བགྲང་བྱ་བདུན་པའི་ཐོག་སློབ་ཆུང་དུ་ཞུགས་ཤིང་འབད་བརྩོན་ཆེ་བས་འཛིན་གྲྭའི་ནང་གྲུབ་འབྲས་རྩེར་སོན་འབའ་ཞིག་བླངས།      ཞོར་དུ་ཕ་རྒན་འདན་ཚ་འཇམ་དབྱངས་ཆོས་དར་གྱིས་ཁྲིད་སྟོན་དང་རང་འགུལ་ཐོག་བོད་ཀྱི་ཡིག་གཟུགས་ལ་འབད་པ་ཤ་ཐང་དུ་བགྱི་བཞིན་ཡོད།       ༢༠༢༠ལོའི་ཟླ་༦པར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་གནང་བའི་གྲོང་ཁྱེར་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ལས་སློབ་ཆུང་སློབ་མའི་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༢༠ལོའི་ཟླ་༨པར་༼སྒ་ཆབ་མདོ་ནོར་བུའི་ཕ་ས་རེད༽༼ཚངས་དབྱངས་རྒྱ་མཚོའི་མགུར་གླུ༽༼སྡེར་ནང་ས་བྲིས་ཡིག་ཆེན་གྱི་སྡོམ་ཚིག་གསལ་བའི་མེ་ལོང༽ཅེས་པའི་བརྩམས་ཆོས་གསུམ་ཆབ་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་གནང་བའི་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲེམ་སྟོན་གྱི་བརྩམས་ཆོས་སུ་བདམས་ནས་འགྲེམ་སྟོན་བྱས།   ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་༢༠༢༠ལོའི་ཟླ་༡༠པར་སྤེལ་བ

འི་དགེ་སློབ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་སློབ་མའི་འགྲན་ཚོགས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ།   ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་ལྟེ་བའི་སློབ་ཆུང་གི་༢༠༢༠ལོའི་ཟླ་༡༡པར་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ལས་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༢༡ལོའི་ཟླ་༡པོར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སློབ་རའི་སྡེར་ནང་ས་བྲིས་བྲིས་རྒྱུན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ནས་སྦྱངས་འབྲས་འབུར་ཐོན་གྱི་བྱ་དགའ་ཐོབ།   ༢༠༢༠ལོ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚོམས་ཡོངས་ནས་ལོ་ན་ཆེས་ཆུང་བའི་ཡིག་མཁན་དུ་བདམས་པའི་གཟེངས་རྟགས་ཐོབ།   ༢༠༢༡ལོའི་ཟླ་༧པར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་སྦྱངས་འབྲས་ཚད་ལྡན་ལོན་པའི་གཟི་བརྗིད་དཔང་ཡིག་གཉིས་ཐོབ།   ༢༠༢༡ལོའི་ཟླ་༨པར་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་གནང་བའི་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།      མིག་སྔར་སྡེར་ནང་ས་བྲིས་ཀྱི་བྲིས་གཟུགས་ཐོག་ནས་༼སློབ་ཆུང་དག་ཡིག༽ཆ་ཚང་དང་༼ཤིང་གི་བསྟན་བཅོས༽ཆ་ཚང་༼དགེ་ལྡན་ལེགས་བཤད༽ཆ་ཚང་༼ཚངས་དབྱངས་རྒྱ་མཚོའི་མགུར་གླུ༽ཆ་ཚངས་བཤུ་འབྲི་བྱས།   མིག་སྔར༼ བྱང་ཆུབ་སྤྱོད་འཇུག་ཆེན་མོ༽བཤུ་འབྲི་བྱེད་མུས་སུ་མཆིས།    བུ་ཆུང་ཁོང་གི་ཡིག་གཟུགས་དྲ་སྟེང་དུ་སྤེལ་བ་འདིས་ཁོ་རང་ཉིད་ལ་རྟིང་སྐུལ་དང་ན་མཉམ་གྱི་གྲོགས་པོ་ཆུང་ཆུང་དག་ལ་སྐུལ་མའི་ཚུལ་དུ་བཀོད་པ་ལགས།    ད་ལྟ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་ལྟེ་བའི་སློབ་ཆུང་ལོ་རིམ་ལྔ་པའི་ནང་དུ་སློབ་གཉེར་བྱེད་མུས་སུ་མཆིས།


旦玛则尼 (2).jpg


旦玛则尼 (1).jpg


旦玛则尼 (3).jpg


旦玛则尼 (5).jpg


旦玛则尼 (4).jpg


旦玛则尼 (6).jpg


旦玛则尼 (7).jpg


旦玛则尼 (8).jpg


旦玛则尼 (10).jpg


旦玛则尼 (9).jpg


旦玛则尼 (11).jpg


旦玛则尼 (12).jpg





阅读515
分享
写下您的评论吧