འགྲན་སྡུར་མཇུག་འབྲས་ཁྱབ་བསྒྲགས།

རྩོམ་སྒྲིག་ཚོགས་པས།
2021-08-14


3.jpg


      ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བས་གཙོ་སྒྲུབ་དང་མཛད་པའི་ཐོན་མིའི་ཡིག་རྒྱུན་རྟགས་མའི་སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ལམ་འགྲན་སྡུར་དང་འགྲེམས་སྟོན་ཆེན་མོའི་ནང་དུ་བརྩམས་ཆོས་༤༠༠ལྷག་འབྱོར་བ་ལ་རྟེན་ནས་རྟོགས་ཐུབ་པ་ནི་བོད་ཀྱི་ཡིག་གཟུགས་རིག་གནས་རྒྱུན་འཛིན་དང་དར་རྒྱས་ལ་མདོ་དབུས་ཁམས་གསུམ་ན་ཧ་ལས་པའི་ཤུགས་སྣོན་དང་། བྲིས་པ་ཚོའི་བརྩོན་པ། མཐུན་ཚོགས་སོ་སོ་དང་ཚོགས་པ་སོ་སོས་ཀྱང་ནུས་པ་ཆེན་པོ་འདོན་དང་འདོན་བཞིན་པ་གསལ་ལེར་མཐོང་ཐུབ། ལྷག་པར་དུ་ད་ལོའི་འགྲན་སྡུར་ལ་བྲིས་རྩལ་ཐད་ནས་ངོ་མཚར་བའི་འཕེལ་རྒྱས་བྱུང་ཡོད་པ་དང་། དེ་བཞིན་དུ་ཡིག་གཟུགས་སྒྱུ་རྩལ་ལ་བགྲོད་ལམ་ཇེ་ལེགས་ནས་ཇེ་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་དགའ་འོས་པ་ཞིག་མཐོང་ཡོད།

      ཟླ་ངོ་བཞི་ཙམ་ཀྱི་ལས་ཀའི་ཁྲོད་ནས་དེ་རིང་ང་ཚོས་འགྲན་སྡུར་གྱི་མཇུག་འབྲས་གསལ་པོ་ཞིག་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྒྱལ་ཁབ་ཏང་སྲིད་སྡེ་ཁག་གི་མགོ་ཁྲིད་སྤྱི་དང་། སྒོས་སུ་རྒྱལ་ཕྱི་ནང་ཀུན་གྱི་ཤེས་ཡོན་པ་དང་། རོང་འབྲོག་མང་ཚོགས་དགའ་མོས་ཅན་ལ་ལེགས་སྐྱེས་ཤིག་གི་ཚུལ་དུ་གསལ་བསྒྲགས་བྱས་པ་གཤམ་ལྟར།


第二届书法赛评分表(最终版)-1.jpg





第二届书法赛评分表(最终版)-2.jpg


第二届书法赛评分表(最终版)-3.jpg


第二届书法赛评分表(最终版)-4.jpg

གསལ་བཤད།   འདིར་བཀོད་པའི་ཨང་རིམ་ལ་༨༢ལས་མེད་ནའང་དེ་ནི་བསྐྱར་བཟློས་ལས་བྱུང་བ་ཡིན། དོན་དངོས་སུ་ཐོག་མའི་བརྡ་ཡིག་ཁྲོད་བརྩམས་ཆོས་༡༠༠འགྲེམ་སྟོན་བྱ་རྒྱུ་བྱས་ཡོད་མོད། བསྐྱར་བཟློས་སོགས་ཀྱི་དབང་གིས་དངོས་སུ་འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་༡༣༥ཡོད་པ་མ་ཟད། གོང་གཤམ་སོགས་ཚང་མ་ལེགས་འགྲུབ་བྱུང་ནས་ནད་ཡམས་ཀྱི་བཀག་རྒྱ་གྲོལ་རྗེས་དུས་ཚོད་བཀོད་སྒྲིག་བྱས་ནས་བྱ་དགའ་སྤྲོད་པ་དང་འགྲེམས་སྟོན་བྱེད་པའི་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན།   བཀྲ་ཤིས་ཞུ།

阅读11433
分享
写下你的评论吧