བོད་ལྗོངས་འབྲི་རུ་རྫོང་སློབ་ཆུང་དང་པོར་ཡིག་གཟུགས་སློབ་གསོའི་རྟེན་གཞི་བཙུགས་པ།

འདན་ཚ་འཇིགས་མེད་ཆོས་དར།
2021-07-17

ད་ལྗོངས་འབྲི་རུ་རྫོང་སློབ་ཆུང་དང་པོར་ཡིག་གཟུགས་སློབ་གསོའི་རྟེན་གཞི་བཙུགས་པ།



幽比如县一小书法基地揭牌 (2).jpg


       ཟླ་༧ཚེས་༡༥ཉིན་འབྲི་རུ་རྫོང་སློབ་ཆུང་དང་པོའི་ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་དགེ་སློབ་ཚང་མ་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས། ང་ཚོས་མི་ཚོགས་ཁྲོད་ནས་མིག་དབང་སློབ་གྲྭའི་ལུས་རྩལ་ཐང་ལ་བལྟས་ཚེས།   དེ་གར་སྒོ་བྱང་ཕྱེ་བའི་མཛད་སྒོ་ཞིག་གཟབ་རྒྱས་ངང་འཚོག་བཞིན་ཡོད། ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་གཞོན་པ་རྒྱལ་མཚན། ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཛུབ་སྨྱོན·ལྷག་པ་ཚེ་རིང་། ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་། ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་ཧོའུ་ཧྭ་ཧྲེང་དང་། བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་འདན་ཚ·འཇམ་དབྱངས་ཆོས་དར་སོགས་དང་། རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། རིམ་བཞིའི་བརྟག་ཞིབ་པ་རིན་ཆེན་བསམ་འགྲུབ་སོགས་འགོ་ཁྲིད་དང་ལས་རིགས་ཆེད་མཁས་བཅས་མཉམ་དུ་འབྲི་རུ་རྫོང་སློབ་ཆུང་དང་པོའི༼ བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཡིག་གཟུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི   ༽ སྒོ་བྱང་བཀལ་བའི་མཛད་སྒོར་ཞུགས་པ་རེད།


幽比如县一小书法基地揭牌 (1).jpg


     མཛད་སྒོའི་ཐོག་ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ་བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཞོན་པ་རྒྱལ་མཚན་དང་འབྲི་རུ་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་འམ་ཅུས་ཀྲང་། རིམ་བཞིའི་བརྟག་ཞིབ་པ་རིན་ཆེན་བསམ་འགྲུབ་གཉིས་ཀྱིས་སྒོ་བྱང་བཀལ།


幽比如县一小书法基地揭牌 (10).jpg


       དུས་ཡུན་ཉིན་གཉིས་ཀྱི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོའི་ཁྲོད་སློབ་ཆུང་དང་པོར་ཡིག་གཟུགས་དང་། ལག་རྩལ། པར་རྒྱག་བཅས་དང་། དེ་བཞིན་རི་མོའི་བརྩམས་ཆོས་སོགས་འགྲེམས་སྟོན་བྱས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་ཡིག་གཟུགས་ཆེད་མཁས་མི་སྣས་འབྲི་རུ་རྫོང་སློབ་ཆུང་དང་པོར་ཡུལ་དངོས་སུ་ཕྱག་བྲིས་ཕུལ།


幽比如县一小书法基地揭牌 (4).jpg


      སྒོ་བྱང་ཕྱེ་བའི་མཛད་སྒོའི་ཐོག་ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ་བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཞོན་པ་རྒྱལ་མཚན་གྱིས་སློབ་གྲྭར་ཤིས་ཚིག་གསུངས་པ་རེད། ཁོང་གིས་འབྲི་རུ་རྫོང་སློབ་ཆུང་དང་པོའི་དགེ་སློབ་ཡོངས་ལ་ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པའི་མངགས་བཅོལ་གནང་བ་རེད། ཁོང་གིས་ཡིག་གཟུགས་སློབ་ཚན་ཡག་པོ་འཚོག་པའི་གལ་ཆེའི་རང་བཞིན་དང་ཡིག་གཟུགས་དགེ་རྒན་གྱི་ཆེད་ལས་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བའི་དགོས་གལ་རང་བཞིན་སོགས་ཀྱི་ཐད་ནས་རྒྱས་བཤད་ཞིབ་ཕྲ་གནང་བ་མ་ཟད། ད་དུང་འབྲི་རུ་རྫོང་སློབ་ཆུང་དང་པོའི་ཡིག་གཟུགས་ཁང་གིས་རྫོང་ཡོངས་སུ་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་རྒྱུའི་རེ་བ་ཡང་གནང་བ་རེད།



幽比如县一小书法基地揭牌 (5).jpg


幽比如县一小书法基地揭牌 (12).jpg


幽比如县一小书法基地揭牌 (11).jpg


      ད་ཐེངས་ཀྱི་སྒོ་བྱང་བཀལ་བའི་མཛད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ། འབྲི་རུ་རྫོང་སློབ་ཆུང་དང་པོའི་དགེ་སློབ་ཡོངས་ལ་བོད་ཀྱི་ཡིག་གཟུགས་ཀྱི་ཉམས་འགྱུར་མྱོང་ཚོར་ཐེངས་ཅིག་བྱེད་དུ་བཅུག་པ་མ་ཟད། ཕྲུ་གུ་ཚོར་མིག་དཔེ་བཟང་པོ་བསྟན་པ་དང་། དགེ་རྒན་གྲགས་ཅན་གྱི་ཤུགས་རྐྱེན་གྱིས་སྣེ་ཁྲིད་དཔེ་སྟོན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཁྱད་པར་དུ་དགེ་རྒན་ཚོར་ཡིག་གཟུགས་སྤེལ་རེས་ཀྱི་གར་སྟེགས་ཤིག་ཀྱང་མཁོ་འདོན་བྱས་ཡོད། སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སྐུལ་འདེད་འོག་མཛེས་སྡུག་རྣམ་པར་བཀྲ་བའི་དཔྱིད་དཔལ་དང་། མེ་ཏོག་མཉམ་བཞད་ཀྱི་དྲི་བསུང་གིས་ཁྱབ་པའི་ར་བ་གསར་བ་ཞིག་ཆགས་ངེས་རེད།


幽比如县一小书法基地揭牌 (7).jpg



幽比如县一小书法基地揭牌 (8).jpg

      དགེ་རྒན་ཧུའུ་ཧྭ་ཧྲེང་གིས་དམིགས་བསལ་དུ་སློབ་གྲྭ་ཡོངས་ཀྱི་སྐད་ཡིག་དང་གྲངས་རིག་དགེ་རྒན་ལ་ཕྱོགས་ཡོངས་ནས་གསོ་སྦྱོང་ཐེངས་གཅིག་བྱས་ཤིང་། ཇི་ལྟར་བྱས་ནས་རྒྱ་ཡིག་ལེགས་པོ་འབྲི་རྒྱུའི་ཐད་ཞིབ་ཕྲའི་འགྲེལ་བཤད་བྱས་ཡོད།


幽比如县一小书法基地揭牌 (13).jpg



幽比如县一小书法基地揭牌 (15).jpg



幽比如县一小书法基地揭牌 (14).jpg


      འབྲི་རུ་རྫོང་སློབ་ཆུང་དང་པོས་ཐོག་མཐའ་བར་གསུམ་དུ་སློབ་མའི་སྒྱུ་རྩལ་གྱི་མཛེས་དཔྱད་ལྟ་བ་གསོ་སྐྱོང་དང་།   ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་རིག་གནས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་།   ད་ཐེངས་ཀྱི ༼   བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཡིག་གཟུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི   ༽ སྒོ་བྱང་བཀལ་ནས་སློབ་ཆུང་དང་པོས་ཡིག་གཟུགས་སྒྱུ་རྩལ་སློབ་གསོའི་ཐད་ཀྱི་ཁག་ཐེག་ཞིག་ཡིན་པ་མ་ཟད། རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གིས་སླད་ཕྱིན་ཡིག་གཟུགས་སྒྱུ་རྩལ་སྤེལ་བ་དང་རྒྱུན་འཛིན་བྱ་རྒྱུར་དེ་བས་སྟབས་བདེ་དང་དགེ་མཚན་ལྡན་པའི་ཆ་རྐྱེན་མཁོ་འདོན་བྱས་ཡོད།


幽比如县一小书法基地揭牌 (3).jpg



幽比如县一小书法基地揭牌 (9).jpg


幽比如县一小书法基地揭牌 (16).jpg



       7月15日,比如县第一小学彩旗飘扬、欢声不断。让我们随着人潮的欢涌把目光投向学校操场,那里正在举行一场隆重的揭牌仪式。中国书法家协会理事、西藏书协副主席兼副秘书长江村,中国书协会员、西藏书协副主席祖牛·拉巴次仁,中国书协会员、西藏书协副主席旦增,中国书协会员、西藏书协理事侯华胜,西藏书协会员邓擦·江永曲达,比如县教育局党组副书记、局长、四级调研员仁青桑珠等领导和专家一同出席比如县第一小学“西藏自治区书法家协会书法教育示范基地”揭牌仪式。

      仪式上,中国书法家协会理事、西藏书协副主席兼副秘书长江村和比如县教育局党组副书记、局长、四级调研员仁青桑珠一同为第一小学“西藏自治区书法家协会书法教育示范基地”揭牌。

      在为期两天的校园文化艺术节活动中,第一小学进行了书法、手工、摄影及绘画作品展览。自治区书法专家为比如县第一小学进行了现场题字。

      在揭牌仪式上,中国书法家协会理事、西藏书协副主席兼副秘书长江村为学校致辞。他叮嘱比如县第一小学全体师生要不负党和人民的期望,听党话、跟党走。他从开好书法课程的重要性、提高一线书法教师专业教学水平的迫切性等方面进行了详细阐述,并希望比如县第一小学书法室在全县能起到引领示范作用。

      此次揭牌仪式的圆满成功,不仅让比如县第一小学的师生现场感受书法家的风采,也为孩子们树立了良好的典范,充分发挥了名师的提升、引领和示范作用,更为老师们提供了书法交流的平台,在校园文化艺术节的推动下,必将形成“一枝独秀不是春,百花齐放春满园”的独特风景。

      候华胜老师还有针对性地给全校语文和数学老师进行了全面培训,就如何写好汉字做详细讲解。

      一直以来,比如县第一小学始终将培养学生艺术审美情趣,传承和弘扬中华优秀传统文化作为学校文化建设的重要内容,此次“西藏自治区书法家协会书法教育示范基地”的揭牌,不仅是对第一小学在书法艺术教育上的肯定,也为我县各学校今后书法艺术的开展和传承提供了更加便捷有利的条件。




རྩོམ་སྒྲིག་པ། རིན་ཆེན་བསམ་གྲུབ་ཀྱིས།

主编:仁青桑珠

འགན་འཛིན་རྩོམ་སྒྲིག་པ།ཧོང་ཧྥུ་མེན། པེ་ཅུས་ཝེ།

责编:黄富明   白继威

རྩོམ་ཁུངས། འབྲི་རུ་རྫོང་སློབ་ཆུང་དང་པོ།

来源:比如县第一小学

ཡིག་བསྒྱུར། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་

རྩོམ་སྒྲིག་ཡིག་བསྒྱུར་ཁང་ནས།

翻译:中国藏族书法网编辑部、翻译室

阅读 776
分享
写下你的评论吧