ཐོན་མི་གསེར་བྲིས་གླིང་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།

2021-04-30


ཐོན་མི་གསེར་བྲིས་གླིང་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།


      ༢༠༢༡ལོ་ཟླ་༤་བའི་ཚེས་༣༠ཉིན་སི་ཁྲོན་ཞིང་ཆེན་ཐོན་མི་གསེར་བྲིས་རིག་གནས་སྒྱུ་རྩལ་གླིང་དུ་ལྷ་ཐོག་རྗེ་དྲུང་བསྟན་པའི་རྒྱལ་མཚན་མཆོག་དང་རྫ་ས་སྐྱ་སྤྲུལ་སྐུ་བཀྲ་ཤིས་མགོན་པོ་རྣམ་གཉིས་དབུ་བཞུགས་ཐོག་མཁན་པོ་དང་ཡིག་མཁན་ལྷ་རིས་པ་སོགས་ལས་རིགས་འདྲ་མིན་གྱི་ཆེད་མཁན་མི་སྣ་སུམ་ཅུ་ལྷག་གདན་ཞུས་བྱས་ཏེ་ལས་ཁུངས་ནང་དུ་ཡིག་གཟུགས་གཙོ་བོར་བྱས་ཏེ་གཞན་བོད་ཤོག་དང་དཔར་ཤིང་སོགས་བཤམ་སྟོན། ཡུལ་དངོས་ནས་ཡིག་གཟུགས་འབྲི་བ། ཡིག་གཟུགས་དུས་ཆེན་གྱི་གལ་ཆེན་རང་བཞིན་དང་བྱུང་རིམ་ངོས་སྤྲོད། ཡིག་གཟུགས་དང་འབྲེལ་བའི་གལ་ཆེན་གནད་དོན་གྱི་སྐོར་ལ་བགྲོ་གླེང་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་བྱས་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལེགས་པར་བསུས།


吞弥金字艺术成都 (2).jpg


吞弥金字艺术成都 (1).jpg


吞弥金字艺术成都 (3).jpg


吞弥金字艺术成都 (4).jpg


吞弥金字艺术成都 (5).jpg


吞弥金字艺术成都 (6).jpg


吞弥金字艺术成都 (7).jpg


吞弥金字艺术成都 (8).jpg


吞弥金字艺术成都 (9).jpg


吞弥金字艺术成都 (10).jpg


       སི་ཁྲོན་ཁྲེན་ཏུའུ་ཐོན་མི་གསེར་བྲིས་གླིང་ནི་སྙེ་བྲིས་གཙོ་བོར་བྱས་པའི་ཡིག་གཟུགས་སྣ་ཚོགས་ཀྱིས་བཀའ་དང་བསྟན་བཅོས་བསླབ་བྱ་དང་སྨོན་ཚིག །   གཟུངས་དང་མཚན་སྔགས་སོགས་གསེར་དངུལ་གཙོ་བྱས་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་འབྲི་བཞེངས་བྱ་ཡུལ་ཞིག་དང་། གཞན་དཔར་རྐོ་བ་དང་ཐང་ཁ་འབྲི་བ་བོད་ཤོག་བཟོ་བ་བཅས་ལས་རིགས་ཆེན་པོ་བཞིས་གྲུབ་པའི་སྤྱི་གཉེར་ཁང་ཞིག་ཡིན། ད་སྐབས་དགེ་སློབ་བཞི་བཅུ་ཙམ་གྱིས་བྱ་བ་སྒྲུབ་ཀྱིན་ཡོད།






阅读217
分享
写下您的评论吧