ཁམས་པའི་བརྙན་འཕྲིན་གྱིས་བོད་ཀྱི་ཡིག་མཁན་ཁག་གི་བརྩམས་ཆོས་འགྲེམ་སྟོན་སྤེལ་བ།
ཟླ༤་པའི་ཚེས་༣༠ཉིན་ཡིག་གཟུགས་དུས་ཆེན་དུ་གཏན་ཁེལ་བྱེད་དགོས་པའི་རྒྱུ་མཚན་ནི།བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་སོ།།
བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཚོགས་རྟགས་འགྲེལ་བཤད་བརྒྱད་རིས་ཀྱི་བརྡ་དོན།
ཚོགས་རྟགས་འདི་༢༠༡༧ལོའི་ཟླ་༤པའིཚེས་༡༦ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད། སྐྱ་སེར་གཉིས་མེད་ཀྱི་ཡིག་མཁན་དང་དགེ་སློབ་བརྒྱ་དང་སུམ་ཅུ་ལྷག་གིས་དམངས་གཙོའི་ལམ་ནས་དུས་ཆེན་གྱི་མིང་དང་ཟླ་ཚེས་ལ་འོས་ཤོག་འཕངས་པ་ལས༼བོད་ཀྱི་ཡིག་གཟུགས་དུས་ཆེན།༽ཞེས་པའི་མིང་འདོགས་དང་། སྤྱི་ཟླ༤པའི་ཚེས༣༠ཉིན་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱུང་རྗེས། བོད་ཀྱི་ཡིག་གཟུགས་དུས་ཆེན་རྩོམ་སྒྲིག་ཚན་ཆུང་གིས་ཕུལ་དུ་བྱུང་བའི་ཡིག་རིས་འཆར་བཀོད་པ་ཀླུ་རྒྱལ་དོན་གྲུབ་ལགས་ལ་མངགས་བཅོལ་བྱས་པ་བཞིན། ཁོང་གིས་ཚོགས་རྟགས་འདི་ཆེད་དུ་བཟོས་པ་ཡིན་ལ།
ཚོགས་རྟགས་ནི་མཚོན་དོན་བཀྲ་ཤིས་གྲངས་ལྡན་གྱིས་མཚོན་པ་ཡིན་པས་དེ་དག་རེ་རེ་ནི།
༡༽ ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།
༢༽ ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།
༣༽ སྨུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།
༤༽ བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཀྱི་ཆོལ་ཁ་མཚོན།
༥༽ ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།
༦༽ སྨྱ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོལ་ཁ་མཚོན།
༧༽ དེ་གསུམ་རྟེན་འབྱུུང་ལྷན་དུ་འདུས་པའི་ཡི་གེ༼བོད༽ཅེས་པས་བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ། སྙིང་སྟོབས་བཅས་མཚོན།
༨༽ ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནས་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ།།
སྤྱི་ཟླ་བཞི་པའི་ཚེས་སུམ་ཅུའི་ཉིན་མོ་ནི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་རེད། དུས་ཆེན་འདིའི་དགོས་པ་རང་བཞིན་གྱི་ན་བ་ཙམ་མ་ཡིན་པར་སློབ་གསོ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྟེགས་བུ་ཞིག་ཡིན། ཡིག་གཟུགས་ལ་དགའ་པོ་བྱེད་མཁན་གྱི་ཁྱད་ཆོས་མངོན་པ་དང་། བྲིས་རྩལ་བྱང་བའི་སྨྱུག་འཛིན་དག་ལ་གཟེངས་བསྟོད་གུས་འདུད་བླ་ན་མཐོ་བའི་བྱ་འགུལ་སྤེལ་ཐོག ཡིག་གཟུགས་དང་རི་མོའི་སྙིང་སྟོབས་དར་སྤེལ་གཏོང་བའི་སྟེགས་བུ་ཞིག་ཀྱང་ཡིན། ད་ཐེངས་རྒྱལ་ཡོངས་ཡིག་གཟུགས་དུས་ཆེན་གྱི་བྱེད་སྒོའང་སྔོན་དང་འདྲ་བར་ཁམས་པའི་བརྙན་འཕྲིན་ཁང་གི་རྩོམ་སྒྲིག་པས་པར་རིས་དང་བརྙན་ཐུང་གི་ལམ་ནས་བོད་ཁུལ་གྱི་བྲིས་པ་རྣམ་པ་དང་ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་ཚོའི་བརྩམས་ཆོས་བསྡུ་རུབ་བྱེད་ཡོད་པས། བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་ཡིག་གཟུགས་སྒྱུ་རྩལ་དང་། སྲོལ་རྒྱུན་གྱི་རིན་ཐང་ལྟ་བ་རྒྱུན་འཛིན་བྱེད་པ། བྲིས་གཟུགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་ལ་ནུས་པ་ཆེན་པོ་འདོན་རྒྱུ་རེད།
བོད་ཀྱི་ཡིག་གཟུགས་ཉིན་མོར་བྲིས་མཁན་རྣམ་པས་ཕུལ་བའི་ལེགས་སྐྱེས།
དགེན་དབང་རྒྱལ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།
བོད་ཀྱི་ལྷ་རིས་པ་དང་ཡིག་མཁན་བསྟན་འཛིན་རྒྱ་མཚོ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།
དགེ་རྒན་ཆེན་མོ་དཔག་བསམ་དོན་འགྲུབ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་འཕུལ་བའི་ལེགས་སྐྱེས།
དགེ་རྒན་ཆེན་མོ་དཔག་བསམ་དོན་འགྲུབ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་འཕུལ་བའི་ལེགས་སྐྱེས།
སྨྱག་འཛིན་པ་བསྟན་ཆོས་སམ་སྨྱུག་མིང་ལ་གཙང་པ་ཨ་བསྟན་ལས་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།
བྲིས་ལ་དགའ་ཞེན་གྱི་ཆུ་མིག་རྡོལ་བའི་དཀར་མཛེས་འཆི་མེད་མགོན་པོ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།
དགེ་རྒན་ཆེན་མོ་རྟ་མགྲིན་མགོན་པོ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་ལ་འཕུལ་བའི་ལེགས་སྐྱེས།
བྲིས་པ་སྐལ་བཟང་རྡོ་རྗེ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།
གཟི་སྨྱུག་ཨ་འཇམ་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།
བསྟན་འཛིན་དབང་ལགས་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།