ཀླུ་ཆུ་རྫོང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་ཁང་ནས།
2021-04-24


ཀླུ་ཆུ་རྫོང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་འཚོགས་པ།


2021碌曲书法研讨会.jpg





      ཟླ༤ཚེས་༢༣ཉིན་གྱི་འཛམ་གླིང་གི་དཔེ་ཀློག་ཉིན་མོའི་གོ་སྐབས་དང་བསྟུན་ནས་ཀླུ་ཆུ་རྫོང་རིག་གནས་ཁང་དང་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༡༠༠ལོན་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་རྫོང་རིག་གནས་ཐོག་ཁང་ནས་གཟབ་རྒྱས་ངང་འཚོགས། བགྲོ་གླེང་ཚོགས་འདུ་དང་ཡིག་གཟུགས་འགྲེམ་སྟོན་གྱི་བྱེད་སྒོ་གཉིས་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོ་དང་རིག་གནས་དཔེ་མཛོད་ཐོག་ཁང་གི་སྒོ་འབྱེད་མཛད་སྒོ་ལ་ནང་དོན་གསར་བ་བསྣན།



2021碌曲书法研讨会 (24).jpg


     བགྲོ་གླེང་ཚོགས་འདུའི་ཐོག་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པའམ་བོད་ཀྱི་ཡིག་མཁན་སངས་རྒྱས་ཚེ་རིང་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་མཛེས་རྩལ་སློབ་གླིང་ཏང་ཙུའུ་ཧྲུའུ་ཅི་དང་། དགེ་རྒན་ཆེན་མོ་གཞོན་པ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་དང་བད་མ་ཚེ་རིང་། གཙོས་ཤེས་རབ་རྒྱ་མཚོ་སོགས་བོད་ཀྱི་རིག་གཞུང་ཆེད་མཁས་རྣམ་ཚོགས་ཞུགས་མཛད།



2021碌曲书法研讨会 (1).jpg


ཀླུ་ཆུ་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུང་རེན་མགོན་པོ་དབང་འདུ་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་ལ་ཤིས་ཚིག་འབུལ་བཞིན་པ།



2021碌曲书法研讨会 (2).jpg


ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་སངས་རྒྱས་ཚེ་རིང་ལགས་ཀྱིས་ཡིག་གཟུགས་འབྲི་སྦྱོང་སྐོར་གྱི་བགྲོ་གླེང་གནང་བཞིན་པ།



2021碌曲书法研讨会 (3).jpg


ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་སློབ་སྦྱོང་དང་བརྩམས་ཆོས་འབྲི་བཞེངས་མཉམ་མྱོང་སྐོར་གྱི་བགྲོ་གླེང་གནང་བཞིན་པ།



2021碌曲书法研讨会 (14).jpg


གཙོས་དགོན་པའི་དགེ་བཤེས་སམ་བོད་ཀྱི་རིག་གཞུང་ཞིབ་འཇུག་པ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཡིག་ཐམ་གྱི་བྱུང་བ་དང་།རིགས་དང་དབྱིབས། ཐམ་ག་འགོད་ལུགས་སོགས་ཀྱི་སྒོ་ནས་བགྲོ་གླེང་གནང་བཞིན་པ།



2021碌曲书法研讨会 (10).jpg


གཞན་ཨ་ནུ་སྐལ་བཟང་བཀྲ་ཤིས་སོགས་ཀྱིས་བོད་ཀྱི་ཡིག་གཟུགས་ཐོན་ལས་ཅན་དང་། མང་ཚོགས་རང་བཞིན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་སོགས་ལ་བགྲོ་གླེང་མང་པོ་གནང་བཞིན་པ།



2021碌曲书法研讨会 (12).jpg


ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་རྒྱ་སྐད་གཉིས་སློབ་གླིང་གི་སློབ་དཔོན་ཆེན་མོ་གཞོན་པའམ་འབུམ་རམས་ཞིབ་འཇུག་པ་བད་མ་ཚེ་རིང་ལགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡིག་གཟུགས་སྒྱུ་རྩལ་དར་རྒྱས་གནས་ཚུལ་དང་བོད་ཀྱི་ཡིག་གཟུགས་སྐོར་ལ་གསུང་གླེང་གནང་བཞིན་པ།


2021碌曲书法研讨会 (22).jpg


     དེ་བཞིན་སྤུན་ཟླ་རྫོང་དང་གྲོང་ཁྱེར་གྱི་ཡིག་གཟུགས་མཐུན་ཚོགས་ཀྱི་འགན་འཁུར་བ་དང་སྐུ་ཚབ། གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་སྦྱིན་བདག་ཨ་ནུ་སྐལ་བཟང་བཀྲ་ཤིས་སོགས་བགྲོ་གླེང་ཚོགས་འདུར་ཕེབས། ཚོགས་ཐོག་ཏུ་ཁོང་རྣམ་པས་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་གྱི་འཕེལ་རྒྱས་དང་ད་ལྟའི་གནས་བབ་ལ་དམིགས་ནས་བོད་ཀྱི་ཡིག་གཟུགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། རྨང་གཞིའི་སྦྱོང་བརྡར། གསར་རྩོམ་མྱོང་ཚོར། ཐོན་ལས་འཕེལ་རྒྱས་བཅས་དང་། དེ་མིན་ཡིག་གཟུགས་འབྲི་སྦྱོང་གི་གོ་རིམ་དང་འབྲི་སྟངས། སྣག་ཚ་དང་ཐམ་ག་སྤྱོད་ཚུལ་སོགས་ཀྱི་ཐད་བགྲོ་གླེང་གྲོས་བསྡུར་ཧུར་ཐག་བྱས་ཏེ། ཡང་དག་པའི་རིན་ཐང་ལྟ་བར་བརྟེན་ནས་སྲོལ་རྒྱུན་དང་དུས་རབས་གསར་བའི་དགོས་མཁོར་གཞི་ཚུགས་ཏེ་བླ་ན་མེད་པའི་བསམ་ཚུལ་དང་རིག་རྩལ་བློ་སྦྱོང་གི་སྟེང་ནས་སྤྱི་ཚོགས་ཀྱི་དྲང་བདེན་དང་ཡ་རབས་ཚུལ་ལྡན་གྱི་མི་གཤིས་སྐོར་ལ་ཁྲིད་སྟོན་བྱས་ཏེ་ཀླུ་ཆུ་ཡིག་གཟུགས་འཕེལ་རྒྱས་ལ་བྱེད་སྒོ་གསར་པ་སྤེལ་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།



2021碌曲书法研讨会 (15).jpg


ཡིག་མཁན་ཚོས་འགྲེམ་སྟོན་ཡུལ་དངོས་སུ་བོད་ཀྱི་ཡིག་གཟུགས་སོགས་ཀྱི་སྐོར་ནས་རང་མོས་གཏམ་གླེང་མཛད་པའི་གནས་ཚུལ།



2021碌曲书法研讨会 (8).jpg


ཞིང་ཆེན་དཔེ་མཛོད་ཁང་ཞིབ་འཇུག་མཛུབ་ཁྲིད་པུའུ་ཡི་ཀྲུའུ་རེན་དང་ཀྲུང་གོའི་གནའ་དཔེ་སྲུང་སྐྱོབ་མཐུན་ཚོགས་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོན་ཡན་དང་ཁུལ་རིམ་པའི་མགོ་ཁྲིད་ལ་ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱི་གནས་ཚུལ་དང་བརྩམས་ཆོས་གནས་ཚུལ། བྱ་འགུལ་གྱི་གནས་ཚུལ་སོགས་མཚམས་སྦྱོར་བྱེད་བཞིན་པའི་གནས་ཚུལ།



      ནུབ་བྱང་མི་རིགས་སློབ་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྟ་མགྲིན་སྐྱིད་ཀྱིས་སློབ་མདེ་རིང་འདི་ལྟ་བུའི་སྒོ་དབྱེའི་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཞིག་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་རིང་གི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་ཁྱད་ཆོས་ཟབ་མོ་ལྡན་པས་ཀླུ་ཆུའི་རིག་གནས་འཚོ་བ་དབྱར་མཚོ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་མཐོང་བྱུང་ཞེས་བཤད། ལྷག་དོན་དུ་བགྲོ་གླེང་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་དང་དགེ་རྒན་ཚོས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ནས་ལྷན་རྒྱས་དང་མཉམ་དུ་ཡིག་གཟུགས་ཀྱི་ཐོག་མའི་སྦྱོང་གཞི་དང་ཡིག་གཟུགས་གསར་རྩོམ་གྱི་རྒྱུ་རྐྱེན་གཙོ་བོ་སོགས་ཐད་ཀྱི་རྩ་ཆེའི་ཉམས་མྱོང་མཉམ་སྤྱོད་བྱས་པས་རང་ཉིད་ལ་བློ་སྒོ་ཆེན་པོ་ཕྱེ་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་ཐོབ་ཡོད་ཅེས་བཤད།



2021碌曲书法研讨会 (7).jpg


ཞིང་ཆེན་དཔེ་མཛོད་ཁང་གི་མགོ་ཁྲིད་དམ་གདན་ཞུའི་སྐུ་མགྲོན་ལ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་གནས་ཚུལ་དང་ལན་ཝར་ཡིག་མཛོད་དང་གནའ་དཔེ་འཚོལ་སྡུད་ཁྲོད་ཀྱི་གཞི་གྲངས་ཅན་གྱི་བྱ་བའི་སྐོར་གྱི་གནས་ཙུལ་མཚམས་སྦྱོར་བྱེད་བཞིན་པ།



    ཚོགས་འདུ་གྲོལ་རྗེས་ཚོགས་འདུར་ཞུགས་མཁན་མི་སྣ་ཡོངས་ཀྱིས་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་རྣམ་པས་འབྲི་བཞེངས་གནང་བའི་ས་སྐྱ་ལེགས་བཤདཀྱི་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་སྐོར་མཛད་ཅིང་། ཕན་ཚུན་སློབ་སྦྱོང་དང་གསར་རྩོམ་སྤེལ་རེས་བྱས། གཞན་ཡུལ་དངོས་གསར་རྩོམ་ཁྲོད་ཡིག་གཟུགས་མཁས་ཅན་ཚོས་སྤྲོ་སེམས་ཆེན་པོས་རླབས་ཆེན་མེས་རྒྱལ་ལ་བསྔགས་བརྗོད་དང་བདེ་སྐྱིད་འཚོ་བར་བསྔགས་བརྗོད་བྱེད་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ནས་ལྟ་སྐོར་དང་མྱོང་རོལ་བྱེད་པར་ཡོང་མཁན་ཡིག་གཟུགས་དགའ་ཞན་པའི་མིག་གི་ལོངས་སྤྱོད་དང་ཡིད་སེམས་ཀྱི་རོལ་མྱོང་ཕུན་སུམ་ཚོགས་པ་བྱུང་པ་མ་ཟད། རྒྱ་ཆེའི་སློབ་མ་ཚོར་བོད་ཀྱི་ཡིག་གཟུགས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་རྒྱུས་ལོན་བྱུང་ཞིང་བོད་ཀྱི་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ཚོའི་སྤྲོ་སེམས་འཕེལ་བར་བྱས་ཡོད་དོ།།



2021碌曲书法研讨会 (18).jpg


གདན་ཞུའི་དགེ་རྒན་སངས་རྒྱས་ཚེ་རིང་ལགས་ཀྱིས་ཡུལ་དངོས་ཕྱག་བྲིས་གནང་བཞིན་པ།



2021碌曲书法研讨会 (17).jpg


གདན་ཞུའི་དགེ་རྒན་བསོད་ནམས་ཚེ་རིང་གིས་འགྲེམ་སྟོན་ཡུལ་དངོས་སུ་ཕྱག་བྲིས་གནང་བཞིན་པ།




2021碌曲书法研讨会 (11).jpg


འགྲེམ་སྟོན་བརྩམས་ཆོས་ཀྱི་གནས་ཚུལ་ཟུར་བཀོད།


2021碌曲书法研讨会 (29).jpg










2021碌曲书法研讨会 (16).jpg



阅读 2114
分享
写下你的评论吧