འགྲན་བསྡུར་ཆེན་མོའི་ཁ་གསབ་བརྡ་ཡིན།

འགྲན་བསྡུར་རྩ་འཛུགས་ཚོགས་ཆུང་གིས
2021-04-25

ཐོན་མིའི་ཡིག་རྒྱུན་སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ལམ་འགྲན་སྡུར་དང་འགྲེམ་སྟོན་ཆེན་མོའི་

ཁ་གསབ་བརྡ་ཡིན།


      ཉིན་འདི་འགར་རྩོམ་སྒྲིག་ཁང་ལ་ཁ་པར་ལམ་ནས་འགྲན་ཞུགས་སྐོར་ལ་དྲི་བ་ཆེ་མང་བ་ནི་བརྩམས་ཆོས་སྐུར་བའི་དུས་བཅད་སྐོར་ཡིན་པས་འདི་ནས་ཁ་གསབ་གསལ་བཤད་བྱ་རྒྱུར།

      ༡.ཐེངས་འདིའི་འགྲན་བསྡུར་གྱི་དུས་བཅད་སྐོར་ནས་སྔར་ལུགས་ལྟར་ན་ཟླ་༥ཚེས་༡ཉིན་སྡུད་མཚམས་འཇོག་རྒྱས་བྱས་ཡོད་མོད།   ས་ཐག་རིང་ནས་བརྩམས་ཆོས་སྐུར་ན་ལམ་བར་ནས་ཉིན་བཅུ་ཕྲག་གཅིག་ཙམ་འགོར་བའི་གནས་ཚུལ་ཡོད་སྲིད་པས། ཟླ༥ཚེས་༢༠བར་དུ་དུས་བཅད་ཕྱིར་བསྲིང་བྱས་ཡོད།

     ༢.དཔེར་ན། ཁྱེད་ཀྱིས་ཟླ༥པའི་ཚེས༢༠ཉིན་བརྩམས་ཆོས་ཚང་མ་བྲིས་ཚར་ཙམ་ཡིན་ན། ད་ནི་འགོར་སོང་སྙམ་ནས་བརྩམས་ཆོས་སྐུར་མཚམས་འཇོག་དགོས་པ་མ་རེད། རྒྱུ་མཚན་ནི་ཟླ་༥བའི་ཚེས་༢༠ཉིན་བརྩམས་ཆོས་ཚང་མ་སྦྲག་སྲིད་ནས་སྐུར་དུས་སུ་སྐུར་ཐོའི་སྟེང་དུ་བཀོད་པའི་སྦྲག་སྲིད་ཁང་གི་ཐམ་གའི་ངོས་སུ་སྐུར་ཉིན་གྱི་ལོ་ཟླ་ཚེས་གྲངས་དང་དུས་ཚོད་སོགས་ཁ་གསལ་དུ་བཀོད་ཡོད་པས། ང་ཚོས་དུས་བཅད་ལས་འདའ་ཡོད་མེད་ཤེས་ཐུབ། སྐུར་ཡིག་གི་ཟླ་ཚེས་དུས་བཅད་ལས་མ་ཡོལ་ན་འགྲན་བསྡུར་གྱི་རྗེས་ཟིན་ཡོད་པ་ཡིན་པའི་གནད་འདི་ང་ཚོས་ཅིག་གྱུར་བྱས་པ་ཀུན་གྱིས་ཐུགས་ལ་ངེས་རོགས་ཞུ།


阅读 1630
分享
写下你的评论吧