བོད་ཀྱི་ཡིག་མཁན་ཆེན་མོ་ཀོག་པོ་བ་བསྟན་འཛིན་ཆོས་འཕེལ་གྱི་རྗེས་ཤུལ་འཚོལ་བ།

མཚམས་སྤྲིན་ནམ་བསྟན་འཛིན།
2021-04-20


བོད་ཀྱི་ཡིག་མཁན་ཆེན་མོ་ཀོག་པོ་བ་བསྟན་འཛིན་ཆོས་འཕེལ་གྱི་རྗེས་ཤུལ་འཚོལ་བ།   

     ཀོག་པོ་བ་བསྟན་འཛིན་ཆོས་འཕེལ་ནི་མགྲོན་གཉེར་ཆེན་མོ་དང་། རྗེས་སུ་སྤྱི་ཁྱབ་མཁན་པོའི་གོ་གནས་བཞེས་མྱོང་། ཡོངས་གྲགས་བོཀྱི་ལོ་རྒྱུས་སུ་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་ཀྱི་གཞུང་ཞབས་སེར་སྐྱ་ཡོངས་ཀྱི་ནང་ནས་ཡིག་གཟུགས་ཆེས་ཡག་ཤོས་སུ་གཏན་འཁེལ་གནང་བ་མ་ཟད།    ཁོང་གི་ཡིག་གཟུགས་དེ་བོད་ཁམས་ཡོངས་ཀྱི་དཔེ་གཞི་བྱས་ནས་ཁྱབ་གདལ་གཏོང་དགོས་པའི་བཀའ་གཏན་གནང་བའི་བོད་ཀྱི་ཡིག་མཁན་ཆེན་མོ་མགྲོན་གཉེར་ཆེན་མོ་ཀོག་པོ་བ་བསྟན་འཛིན་ཆོས་འཕེལ་ནི་སྟག་རྩེ་རྫོང་ཁོངས་ཐང་དཀར་དུ་སྐུ་འཁྲུངས་ཞེས་གསལ་བ་ལྟར རང་ཉིད་ཁོང་གི་བྲིས་རབས་བཞི་པ་ཞིག་གི་ངོས་ནས།   མ་སྐུལ་དང་བླངས་ཀྱིསའགན་འཁྲི་ཕྲག་ཏུ་ཁུར་ཏེ་ཁོང་གི་ཕ་ཡུལ་དུ་བཞུགས་གནས་དང་ཁྱིམ་གཞིས་སོགས་རྒྱུས་ལོན་བྱེད་དུ་ཕྱིན་པ་ཡིནསྟབས་ལེགས་པ་ཞིག་ལ་རང་གི་ལས་རོགས་སྟག་རྩེ་ཐང་དཀར་ནས་ཡིན་པ་ཁོང་ཡང་ཀོག་པོ་བའི་ཁྱིམ་རྒྱུད་ཀྱི་ཉེ་འབྲེལ་ཡིན་སྟབསཁོང་གིས་ཕྱག་རོགས་གནང་ནསཀོག་པོ་བའི་ཁྱིམ་རྒྱུད་རྩད་གཅོད་བྱེད་སྐབསཀོག་པོ་བའི་ཁྱིམ་རྒྱུད་མི་ཚང་བཅུ་གྲངས་ཤིག་འདུག་ཀྱང་ དེའི་ནང་ནས་ཆེས་ན་སོམཐོ་ཤོས་ཀོག་པོ་བའི་ཚ་མོ་དགུང་ལོ་དགུ་བཅུར་ཕེབས་པ་ཞིག་ལྷ་སར་བཞུགས་ཡོད་པ་ཤེས་རྟོགས་བྱུང་རྗེས་སྤྲོ་བས་ཡོངས་སུ་ཁེངས་ནས་ཁོང་མཇལ་བར་བསྐྱོད།   


1.jpg


    ཁོང་ནི་མགྲོན་གཉེར་ཆེན་མོ་མཆོག་གི་གཅུང་པོ་བགྲེས་པ་འཇམ་དབྱངས་ཕུན་ཚོགས་མཆོག་གི་སྲས་མོ་གཞོན་པ་བདེ་ཆེན་པད་སྒྲོན་ལགས་རེད ཁོང་ནི་ཐུགས་གཤིས་འཇམ་ལ མཇལ་སྤྲོ་བབྱམས་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་བརླན་པཉིན་ཞག་ཕྲུགས་གཅིག་དགེ་སྦྱོར་གྱི་ལས་ལ་བརྩོན་པའི་མིང་དོན་མཚུངས་པའི་ཆོས་ལྡན་གྱི་ཁྱིམ་པ་ཞིག་རེད་འདུག ཁོང་གིས་གསུངས་པརཀོག་པོ་ཞེས་པ་ནི་ཁྱིམ་བརྒྱུད་ཀྱི་མིང་ཡིན་པ་དངཁོང་གིས་དྲན་དུས་ཀོག་པོ་ཁྱིམ་ཚང་ནང་ཕ་ཁུ་མིང་སྲིང་བཞི་ཡོད་པ་ནས།   མགྲོན་ཆེན་མོ་ཀོག་པོ་བ་བསྟན་འཛིན་ཆོས་འཕེལ་ནི་བུ་རྒན་པ་དང་།   བུགཉིས་པ་ཁོང་གི་པཱ་ལགས་འཇམ་དབྱངས་ཆོས་འཕེལ་ཡིན་ལ་ཁོང་གིས་ཀོག་པོ་བའི་གཞིས་ཀ་བསྐྱངསདངཁོང་ལ་འཕན་པོ་གྲུ་རྒྱལ་བདེ་སྐྱིད་ཁང་གསར་ཚང་གི་སྲས་མོ་བགྲེས་པ་ཕུན་ཚོགས་ཆོས་སྐྱིད་ལགས་མནའ་མར་བསུས་རྗེས་ཁོང་ལ་ཕྲུ་གུ་མ་བྱུང་སྟབས་སླར་ཡང་སྲས་མོ་གཞོན་པ་རྣམ་རྒྱལ་སྒྲོལ་དཀར་ལགས་མནའ་མར་བསུས་པས་ཁོང་ལ་རིམ་བཞིན་བུ་མོ་རྒན་པ་ཡེ་ཤེས་ཆོས་སྒྲོན་དང་ཆུང་ད་ལྟ་བཞུགས་བཞིན་པ་བུ་མོ་ཆུང་བ་བདེ་ཆེན་པད་སྒྲོན་གཉིས་བྱུང་བ།    ཁོང་གི་པཱ་ལགས་འཇམ་དབྱངས་ཆོས་འཕེལ་ནི་ཁོང་དགུང་ལོ་ཆུང་དུས་ནས་གྲོངས་ཟིན་འདུག་པས་ཞལ་རས་དྲན་གྱི་མི་འདུག་གསུངས་པ་ལྟར་ན་ཕལ་ཆེར་ཁོང་གི་བུ་མོ་ཆུང་བ་བདེ་ཆེན་པད་སྒྲོནསྐྱེས་མ་ཐག་ཙམ་ནས་གྲོངས་ཡོད་པ་ཤེས་ཐུབ་ལ།   དེ་སྐབས་ཁོང་གི་པཱ་ལགས་དགུང་ལོ་སུམ་ཅུ་ཡང་ཟིན་མེད་ཚོད་འདུག   བུགསུམ་པ་འཇམ་དབྱངས་གྲགས་པ་ནི་ཆུང་དུས་སུ་གདན་ས་ཆེན་པོ་འབྲས་སྤུངས་སུ་ཆོས་ཞུགས་གནང་བ་དངརྗེས་སུ་ཁོང་གི་གཅེན་པོའཇམ་དབྱངས་ཆོས་འཕེལགྲོངས་རྗེས་བུ་མོ་གཉིས་ལ་ཕ་ཡར་བྱུང་ན་འགྲིག་གི་མ་རེད་ཟེར་ནས་སྡོམ་པ་འབུལ་དུ་བཅུག་ནས་ཀོག་པོ་བའི་ཕ་གཞིས་འཛིན་དུ་བཅུགརྗེས་གཞིས་ཀ་ཡང་གསར་རྒྱག་གནང།    ཁོང་མི་བབས་ཧ་ཅང་ལེགས་པ་དང་གཤིས་རྒྱུད་ཤིན་ཏུ་ལེགས་པོ་ཡོད་པས་ནང་མི་དང་འཁོར་གཡོག་བཞི་བཅུ་ལྷག་ཙམ་ཡོད་པ་ཐམས་ཅད་བྱམས་ཀྱིས་བསྐྱངས་གསུངས།    ཁོང་ཡང་དགུང་ལོ་བཞི་བཅུ་ལྷག་ཙམ་ལས་བཞུགས་མེད་ཚོད་འདུག   ཁོང་གྲོངས་སྐབས་དབུ་སྐྲ་དཀར་པོ་མེད་གསུང་གི་འདུག   ཁོང་ལ་ཡང་བུ་མོ་གསུམ་བྱུང་བ་ནས་ཆེ་བར་བསོད་ནམས་བདེ་སྐྱིད་ཞུ་བ་དེ་ཀོག་པོ་རང་དུ་བཞུགས་པ་དང་།   འབྲིང་བ་འཆི་མེད་ནོར་སྒྲོན་ལགས་ཕྱིས་སུ་གཡུ་ཐོག་ཤར་ལ་མནའ་མར་སྟེར་བ།   ཆུང་བར་བདེ་ཆེན་སྒྲོལ་དཀར་ལགས་ཀྱང་རྗེས་སུ་སྨིན་དྲུག་ནོར་ལ་མནའ་མར་སྟེར།    རྗེས་སུ་སླར་ཡང་བུ་ཞིག་འཁྲུངས་སྐབས་སྐྱེ་མ་ཐུབ་པར་མ་བུ་གཉིས་ཀ་གྲོངས།   སྐབས་དེར་ཁོང་གི་ཨ་མ་རྣམ་རྒྱལ་སྒྲོལ་དཀར་ལགས་དགུང་ལོ་སུམ་ཅུ་ཐམ་པ་ཡིན་གསུངས།   བཞི་པ་བུ་མོ་དབྱངས་སྒྲོན་ལགས་ནིཆུང་དུས་ནས་ལྷ་སའིནེའུ་ཆུང་རི་བཙུན་དགོན་དུ་བཙུན་མ་གནང་བ་དང་ཕལ་ཆེར་དགུང་ལོ་བདུན་ཅུ་ལྷག་ཙམ་བཞུགས་ཡོད་འདུག   ཁོང་གི་དྲན་གསོ་གནང་བ་ལྟར་ནཁོང་ཆུང་དུས་སུ་ནང་གཡོག་གཉེན་ཉེ་ཡིན་པཨ་མ་དབྱངས་འཛོམསལགསདང་མཉམ་དུ་སྐུ་ངོམགྲོན་གཉེར་ཆེན་མོ་མཆོག་ནོར་བུ་གླིང་ཁར་བཞུགས་པའི་སྐབས་ཤིག་ལ་མཇལ་བར་ཕེབས་མྱོང་ཡོད་པ་དང་།   སྐུ་ངོ་མཆོག་ནི་སྐུ་གཟུགས་རིང་སྐུ་ཤ་འབྱོར་ཙམ་བཞིན་རས་ཅུང་ཟད་ནར་དབྱིབས་ཅན་ཞལ་ར་ཅུང་ཙམ་ལྡན་པ་མི་བབས་ཤིན་ཏུ་རྫིགས་པོ་ཞིག་འདུག་ལ།    སྐུ་ངོ་མཆོགགིས་ཚ་མོ་ཁོང་གི་མགོ་བོར་བྱིལ་བྱིལ་གནང་ནས་ཤིན་ཏུ་གཅེས་པའི་ཚུལ་གནང་བ་དྲན་གསུངས།    ཁོང་གི་སྐུ་ངོ་མགྲོན་གཉེར་ཆེན་མོའི་བཞུགས་ས་ནི་ནོར་བུ་གླིང་ཁའི་ནང་གི་ལྷོ་ངོས་ཀྱི་གཟིམ་ཤག་ཐོག་གཅིག་མཞིག་ཏུ་བཞུགས་འདུག་གསུངསཔ་ལྟར་ན་ཕལ་ཆེར་སྐལ་བཟང་ཕོ་བྲང་ཡིན་ཚོད་འདུག   སྤྱིར་ཀོག་པོ་ཁྱིམ་ཚང་ནི་གནའ་སྔ་མོ་ནས་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་འདྲ།   གང་ཡིན་ཟེར་ན་ཐང་དཀར་ཁུལ་དུ་ཁྱིམ་ཚང་མང་པོ་ཞིག་ཡོད་ཀྱང་ཐོག་སོ་ཉིས་ཅན་གྱི་ཁང་པ་གསུམ་བཞི་ཙམ་ལས་མེད་པས་དེ་དག་ཚང་མ་ནི་ཐང་དཀར་གཞིས་ཀདང།    བྱ་རྫི་ཀོག་་་་་་སོགས་སྐུ་དྲག་གི་ཁྱིམ་གཞིས་དང་མི་ཚང་ཆེ་ཁག་དག་ཡིན།   ཀོག་པོ་ཡང་ཐོག་སོ་གཉིས་ཅན་གྱི་ཁང་པ་ཞིག་ཡོད་པ་དང་།   ཁང་པའི་མདུན་དུ་མཚེའུ་ཆེཆུང་གསུམ་ཡོད་པ་།    ཁང་པ་ཁ་ལྷོ་བལྟ་སྟེ་གདན་ས་ཆེན་པོ་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་དགོན་དུ་ཕྱོགས་པ་དང་ས་བབས་ཤིན་ཏུ་ཉམས་དགའ་བ་ཞིག་ཡོད་གསུངས།   དེང་སྐབསརང་ཉིད་དེར་བསྐྱོད་སྐབས་ས་ཆ་སྐམ་ཤས་ཆེ་རུ་ཕྱིན་པའིསྟབས་ཀྱིས་མདུན་གྱི་མཚེའུ་དེ་ནི་འདམ་ར་ཞིག་ཏུ་འགྱུར་འདུག་ལ་མཐའ་འཁོར་དུ་ནེའུ་གསིང་དང་ལྕང་མས་ཁེངས་འདུག   བདེ་ཆེན་པད་སྒྲོན་ལགས་ཆུང་དུས་སུ་ཁོང་གི་གཅེན་མོ་ཡེ་ཤེས་ཆོས་སྒྲོན་དང་གཡོག་པོ་མལ་གྲོ་ནས་ཡིན་པ་བློ་བཟང་སྐལ་ལྡན་བཅས་མགྲོན་གཉེར་ཆེན་མོས་བཀའ་བཀོད་བཞིན་ལྷ་ས་ཁུལ་དུ་སྒེར་གཉེར་སློབ་གྲྭ་མང་པོ་ཡོད་པ་ནས་གཡུལ་ཁ་སྒང་དུ་ཁོང་གི་སློབ་མ་ཡིན་པ་ཇོ་ལགས་ལྷ་དབང་ཚེ་རིང་ལགས་ཀྱི་སར་ཡི་གེ་སློབ་པར་ལོ་གསུམ་ཙམ་བཏང་ནས་ཡིག་རྒྱུན་འཛིན་དུ་བཅུག་པ་དང་གཡོག་པོ་དེ་ཡང་ཡི་གེ་ལེགས་པར་ཤེས་ནས་ཕྱིས་སུ་མལ་གྲོ་ཁུལ་དགོན་པ་ཞིག་གི་དྲུང་ཡིག་བྱས་པར་གྲགས་གསུངས།   


2.jpg


       དེང་སྐབས་ཀོག་པོ་བའི་ཁྱིམ་གཞིས་གཙོ་བོ་སྐྱོང་མཁན་དགུང་ལོ་དགུ་བཅུར་ཕེབས་པ་རྨོ་བོ་བདེ་ཆེན་པད་སྒྲོན་ལགས་ལ་བུ་མོ་གཉིས་ཡོད་པ་ནི་ཀོག་པོ་བའི་མི་ཐོག་གསུམ་པའི་གྲས་ཡིན་ཞིང་རྒན་པ་བསོད་ནམས་ལགས་ཁྱིམ་ཚང་ལོགས་སུ་བཞུགས་པ་དང་།    ཆུང་བ་ཚེ་རིང་བདེ་སྐྱིད་ལགས་ཁོང་དང་མཉམ་དུ་ཀོག་པོ་ཁྱིམ་གཞིས་སྐྱོང་བཞིན་འདུག    ཁོང་གི་བུ་ལྷུན་གྲུབ་ཆོས་ལྡན་ཞུ་བ་དེ་ཀོག་པོ་བའི་མི་ཐོག་བཞི་པ་དེ་རེད།    ཁོང་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་དང།   བུའི་མིང་ལ་ལྷུན་ལྡན་ལུང་རིག་ཞུ་བ་དང།    བུ་མོའི་མིང་ལ་ཀུན་གསལ་ལྷ་མཛེས་ཟེར་ཞིང་ཁོང་གཉིས་ནི་ཀོག་པོ་བའི་མི་ཐོག་ལྔ་པ་རེད།   


3.jpg


        ད་ལྟ་ཁྱིམ་ཚང་དེར་མི་རབས་བཞི་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིསགཞན་ཡང་ཀོག་པོ་བའི་ཁྱིམ་རྒྱུད་གཞན་ནི་ཀོག་པོ་བའི་བུ་རྒན་པ་འཇམ་དབྱངས་ཆོས་འཕེལ་གྱི་ལ་བུ་མོ་གཉིས་ཡོད་པ་ནས་རྒན་པ་ཡེ་ཤེས་ཆོས་སྒྲོན་འདས་ཟིན་ལ་ཕྲུ་གུ་གསུམ་ཡོད་ཅིང་རྒན་པར་ཚེ་བརྟན་སྒྲོལ་དཀར་ཞུ་ཞིང་།   ཁོང་ལ་ཕྲུ་གུ་བཞི་ཡོད་པ་ནས་རྒན་པར་པ་སངས་བསྟན་འཛིན་དང་།   གཉིས་པ་འཛོམས་སྐྱིད།   གསུམ་པ་བདེ་སྐྱིད་སྒྲོལ་དཀརབཞི་པ་བསྟན་པ་དར་རྒྱས་བཅས་ཡིན།   འབྲིང་བ་འཆི་མེད་ལགས་ལ་ཕྲུ་གུ་བཞི་ནས་རྒན་པ་བུ་མོ་ཨི་ཆུང་དང གཉིས་པ་མཚམས་ལགས།   གསུམ་པ་སྒྲོལ་དཀར།   བཞི་པ་ཚེ་རིང་གཡུ་སྒྲོན་བཅས་ཡིནཆུང་བ་བསྟན་འཛིན་ལགས་ལའང་ཕྲུ་གུ་བཞི་ཡོད་ཅིང་རྒན་པར་བློ་བཟང་དཔལ་འབྱོར་དང་།   གཉིས་པ་ཉི་མ་ནོར་བུ།    གསུམ་པ་བུ་མོ་ཆུང་བཟངབཞི་པ་ཕུན་ཚོགས་ཡར་འཕེལ་བཅས་སོ།    བུ་མོ་གཞོན་པ་བདེ་ཆེན་པད་སྒྲོན་ལ་བུ་མོ་གཉིས་ཡོད་པ་ནས་རྒན་པ་བསོད་ནམས་ལགས་ལ་ཕྲུ་གུ་གཉིས་ཡོད་པ་ནས་རྒན་པར་བུ་མོ་རྣམ་གྲོལ་ལགས་དང་།   ཆུང་བར་བསྟན་འཛིན་ལགས་ཟེར།    བུ་མོ་གཞོན་པ་ཚེ་རིང་བདེ་སྐྱིད་ཀྱི་ཁྱིམ་རྒྱུད་ནི་གོང་དུ་ཞུས་ཟིན་ནོ།།   ཀོག་པོ་བའི་བུ་གཞོན་པ་འཇམ་དབྱངས་གྲགས་པར་བུ་མོ་གསུམ་ཡོད་པ་ནས་བུ་མོ་རྒན་པ་བསོད་ནམས་བདེ་སྐྱིད་འདས་ཟིན་ལ་ཕྲུ་གུ་གསུམ་ཡོད་པ་ནས་རྒན་པར་དབྱངས་ཅན་ལགས་ཞུ་བ་དང་འབྲིང་བར་བློ་བཟང་ཉི་མ་ལགས།   ཆུང་བར་ཕུན་ཚོགས་དབང་ཕྱུག་ལགས་ཟེར།   བུ་མོ་འབྲིང་བ་འཆི་མེད་ནོར་སྒྲོན་འདས་ཟིན་ལ་བུ་གཅིག་ཡོད་པའི་མཚན་ལ་བསྟན་ཆོས་ལགས་ཟེར།   བུ་མོ་ཆུང་བ་བདེ་ཆེན་སྒྲོལ་དཀར་ལ་ཕྲུ་གུ་བུ་མོ་གཅིག་ཡོད་པ་དེར་བདེ་སྐྱིད་གཡུ་སྒྲོན་ཟེར་རོ།།   འདི་ཡང་བོད་ཀྱི་ཡིག་གཟུགས་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར་བྲིས་གྲོགས་རྣམས་ལ་དཔྱད་གཞིར་ཕུལ་བ་ལགས་སོ།།   

བསྟན་འཛིན་ནམ་མཚམས་སྤྲིན་པས་ལྷ་ལྡན་ནོར་འཛིན་ལྟེ་བར།   

སྤྱི་ལོ༢༠༢༡ལོའི་ཟླ༤ཚེས༢༠ཉིན་ལ།   


阅读1645
分享
写下您的评论吧