ཐོན་མིའི་ཡིག་རྒྱུན་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཡིག་གཟུགས་དྲ་ལམ་འགྲན་སྡུར་ཆེན་མོའི་བརྡ་ཡིག

དྲ་ཚིགས་རྩོམ་སྒྲིག་ཁང་།
2021-04-04

微信图片_20190426145513.jpg


ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཐོན་མིའི་ཡིག་རྒྱུན་སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ལམ་འགྲན་སྡུར་དང་འགྲེམ་སྟོན་ཆེན་མོའི་བརྡ་ཡིག


བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་པ་ཡོངས་ལ།

    སྐབས་དང་པོའི་༼ ཐོན་མིའི་ཡིག་རྒྱུན ༽ རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་དང་འགྲེམ་སྟོན་ཆེན་མོ་གངས་ཅན་ཁ་བའི་ལྗོངས་ཀྱི་ཡིག་མཁན་དང་དཔྱད་འདེམས་དགེ་རྒན།སྒྲུབ་འགན་ལས་ཁུངས་སོ་སོ་དང་ལས་མི་ཡོངས། གཟིགས་མོ་བ་ལྷན་རྒྱས་བཅས་ཀྱི་རྒྱབ་སྐྱོར་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་དང་བཅས་ལོ་ལྔའི་ལོ་རྒྱུས་སུ་བསྟིམས། ད་ལོའི་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་འབྲེལ་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཆེད། ཀྲུང་ཧྭ་ཕུལ་བྱུང་རིག་གནས་རྒྱུན་འཛིན་ལས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་གྱི་གྲུབ་འབྲས་ལ་ཕྱི་མིག་དང་། བོད་ཀྱི་ཡིག་མཁན་ཚོའི་སྨྱུག་རྩལ་གྱིས་ཏང་གི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་བའི་གོ་སྐབས་དང་བསྟུན་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་གིས་འདས་ཟིན་ལ་སྤྱི་སྡོམ་དང་མ་འོངས་ལ་རེ་བས་སྐྱོད་པ་ཅེས་པའི་༼ ཐོན་མིའི་ཡིག་རྒྱུན ༽ སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་སྡུར་དང་འགྲེམ་སྟོན་ཆེན་མོ་སྤེལ་རྒྱུ་ཡིན་པས་འབྲེལ་ཡོད་ནང་དོན་སྐོར་ལ་བརྡ་སྦྱོར་བྱས་པ་གཤམ་ལྟར།

གཅིག   བྱ་འགུལ་གྱི་མིང་།

ཏང་གི་ལོའི་བརྒྱའི་འདས་ཟིན་ལ་ཕྱིར་མིག་དང་།མ་འོངས་དར་རྒྱས་ལ་རེ་བས་སྐྱོད་པ་ཅེས་པའི་༼ ཐོན་མིའི་ཡིག་རྒྱུན ༽སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་སྡུར་དང་འགྲེམ་སྟོན་ཆེན་མོ།

གཉིས། བྱ་འགུལ་རྩ་འཛུགས་ལས་ཁུངས།

གཙོ་སྒྲུབ་ལས་ཁུངས།   ཀྲུང་གུང་ཀླུ་ཆུ་རྫོང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ།   ཀྲུང་གུང་ཀླུ་ཆུ་རྫོང་ཨུའི་དྲིལ་སྒྲོག་པུའུ། ཀླུ་ཆུ་རྫོང་རིག་གནས་ཁང་།

འགན་སྒྲུབ་ལས་ཁུངས།   ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། ཀླུ་ཆུ་རྫོང་ཡིག་གཟུགས་མཐུན་ཚོགས། ཀླུ་ཆུ་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས།

རོགས་སྒྲུབ་ལས་ཁུངས། ཀླུ་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་དང་ཡུལ་སྐོར་ཅུས།

ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས།

ཀྲུང་གུང་ཀླུ་ཆུ་རྫོང་གུང་གཞོན་ཚོགས་པ།

ཀླུ་ཆུ་རྫོང་བཟོ་ཚོགས། ཀླུ་ཆུ་རྫོང་བུད་མེད་ལྷན་ཚོགས།

གསུམ། བྱ་འགུལ་གྱི་དུས་བཅད།

    ༡.བརྩམས་ཆོས་བསྡུ་ཡུན།   ཟླ་གཅིག་ཡིན།༢༠༢༡ལོའི་ཟླ་༤ཚེས༡ཉིན་ནས་ཟླ༥ཚེས་༡ཉིན་པར་ཡིན།

    ༢.དཔྱད་བསྡུར་དང་དཔྱད་འདེམ་དུས་ཡུན།ཟླ་གཅིག་ཡིན།༢༠༢༡ལོའི་ཟླ་༥ཚེས༢ནས་ཟླ༦ཚེས་༢བར་ཡིན།

  ༣.བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་མཐའ་རྒྱན་སྤྲོས་པ་དང་འགྲེམ་སྟོན་ལ་གྲ་སྒྲིག་བྱ་རྒྱུ།ཟླ་ཕྱེད།༢༠༢༡ལོའི་༦ཚེས་༣ནས་ཟླ༦ཚེས་༡༨བར་ཡིན།

  ༤.བྱ་དགའི་གནས་ཚུལ་ཕྱིར་བསྒྲག་དང་དྲ་ལམ་འགྲེམ་སྟོན། ༢༠༢༡ལོའི་ཟླ༧ཚེས༡ཉིན།

  ༥.ཡུལ་དངོས་འགྲེམ་སྟོན་དང་བྱ་དགའ་སྟེར་བའི་མཛད་སྒོ། ༢༠༢༡ལོའི་ཟླ༨ཚེས༡༠ཉིན་ཀྲུང་གོའི་སྐོར་བྲོའི་ཕ་ས་ཀླུ་ཆབ་སྔོན་མོའི་འགྲམ་ངོགས།

བཞི།   འགྲན་ཞུགས་པས་དོ་སྣང་བྱ་ཡུལ།

    ༡. བརྩམས་ཆོས་ཀྱི་ནང་དོན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་དགོས་ལ། སྤྱི་ཚོགས་ཡར་སྐུལ་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་སོགས་སྲོལ་བཟང་དར་སྤེལ་རང་བཞིན་ལྡན་པའི་ནང་དོན་ཡིན་དགོས།

   ༢. ཡིག་གཟུགས་གྱི་ཆ་ནས་ངེས་པར་དུ་རྒྱུད་ལྡན་བོད་ཀྱི་ཡིག་གཟུགས་ཡིན་དགོས་པ་མ་ཟད། འགྲན་ཞུགས་པ་མི་གཅིག་ལ་ངེས་པར་དུ་དབུ་ཅན་བརྩམས་ཆོས་གཅིག་དང་དབུ་མེད་བརྩམས་ཆོས་གཅིག་ཚང་དགོས། འགྲན་ཞུགས་མི་སྣ་གཅིག་གིས་ཡིག་གཟུགས་རིགས་གཅིག་ལ་བརྩམས་ཆོས་གཅིག་རེ་ལས་བརྒལ་མི་རུང་།

   ༣. འབྲི་གཞིའི་ཆ་ཚད་ལ་ཅིག་གྱུར་གྱི་ཚད་ལྡན་ཤན་ཤོག་ཡིན་ཚེ་ཁྲི་ཙེ་བཞི་ཅན་སྲི་ལ་ལི་རྨི་༡༣༧དང་ཞེང་ལ་ལི་རྨི༦༩ཅན་ལས་མི་ཆུང་བ་དང་། བོད་ཤོག་ཡིན་ཚེ་སྲིད་ལ་ལི་རྨི་༦༦་དང་ཞེང་ལ་ལི་རྨི་༡༣༠་ལས་ཆུང་མི་རུང་།

   ༤.འགྲན་ཞུགས་བརྩམས་ཆོས་ཚང་མ་རང་ཉིད་ཀྱིས་དངོས་སུ་གསར་རྩོམ་བྱས་པ་ལས་གཞན་གྱི་བརྩམས་ཆོས་སམ་པར་དབང་རྩོད་གཞི་ཡོད་པ་ཡིན་ཚེས་རང་བཞིན་གྱིས་འགྲན་ཞུགས་དབང་ཆ་ཤོར་བ་ཡིན།

   ༥.འགྲན་ཞུགས་བརྩམས་ཆོས་ཚང་མ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བར་དབང་བ་ཡིན་པས་ཕྱིར་སྐུར་བྱ་རྒྱུ་མིན།

   ༦.འགྲན་ཞུགས་བརྩམས་ཆོས་སྦྲགས་སྲིད་བརྒྱུད་དེ་སྐུར་དགོས་པ་དང་། བརྩམས་ཆོས་དང་མཉམ་དུ་འགྲན་ཞུགས་པའི་མིང་དང་། པིར་མིང་། ཁ་པར་ཨང་གྲངས། ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས། ཞིང་ཆེན་དང་ཁུལ།རྫོང་།ལས་ཁུང་གི་གོ་རིམ་བཞིན་བྲིས་པའི་སྡོད་གནས་ས་མིང་ཁ་གསལ་དུ་བརྩམས་ཆོས་རྒྱབ་ལོགས་ཀྱི་གཡས་ངོས་འོག་ཟུར་དུ་འབྲི་དགོས།   གལ་ཏེ་བརྩམས་ཆོས་ནང་དོན་མང་ནས་འབྲི་ས་མེད་ན་ཤོག་དཀར་གཞན་པའི་སྟེང་ལ་བྲིས་ནས་བརྩམས་ཆོས་གཡས་ངོས་འོག་ཟུར་དུ་སྦྱར་ནས་སྐུར་ནའང་ཆོག   བརྩམས་ཆོས་མང་པོ་མཉམ་དུ་སྐུར་ན་རྩོམ་པ་པོ་དང་བརྩམས་ཆོས་གཉིས་བར་གྱི་འབྲེལ་བ་མི་འཁྲུལ་བ་བྱེད་དགོས།

   ༧.བརྩམས་ཆོས་ཟླ༥ཚེས་༡གི་ཕྱི་དྲོ་ནས་བསྡུ་མཚམས་འཇོག་རྒྱུ་ཡིན་པ་གོང་ནས་བཤད་ཟིན་མོད་དུས་བཅད་དེ་སྦྲགས་ཐོའི་ཟླ་ཚེས་དུས་ཚོད་གཞིར་འཛིན་རྒྱུ་ཡིན།

དྲུག   བྱ་དགའི་རྣམ་གྲངས།

      ཐེངས་འདིའི་འགྲན་སྡུར་ཁྲོད་ཁྱད་འཕགས་བྱ་དགའ་༡། ཨང་དང་པོ་༢།   ཨང་གཉིས་པ་༤།   ཨང་གསུམ་པ་༨། ཕུལ་བྱུང་བྱ་དགའ༣༠། འགྲེམ་སྟོན་དུ་ཚུད་པའི་བྱ་དགའ་༥༥བཅས་སྡོམ་པས་མི་༡༠༠ལ་བྱ་དགའི་བཟང་རྟགས་གནང་རྒྱུ་དང་བརྩམས་ཆོས་འགྲེམ་སྟོན་བྱ་རྒྱུ།

བདུན། དཔྱད་འདེམ་པའི་རྩ་འཛུགས་དང་དཔྱད་འདེམ་རྩ་དོན།

     བྱ་འགུལ་གྱི་དཔྱད་འདེམ་རྩ་འཛུགས་ནི་བོད་ལྗོངས་དང་།མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ནས་གདན་ཞུ་བྱས་པའི་ཡིག་གཟུགས་ཆེད་མཁས༢༥ལས་གྲུབ་པའི་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་བརྩམས་ཆོས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་ཚད་གཞི་དང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་བརྩམས་ཆོས་དཔྱད་འདེམས་སྲོལ་ཡིགགི་དགོངས་དོན་གཞིར་བཟུང་ནས་ཅིག་གྱུར་དཔྱད་འདེམས་བྱ་རྒྱུ། དཔྱད་འདེམ་བྱ་བའི་ཐོག་མཐའ་བར་གསུམ་དུ་གཟབ་ནན་ཏན་ཏིག་དང་དངོས་ཐོག་བདེན་འཚོལ། རྒྱུ་འབྲས་ལུགས་མཐུན།ཤན་འབྱེད་དྲང་བདེན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ།

བརྒྱད། བརྩམས་ཆོས་སྐུར་ཡུལ།

བརྩམས་ཆོས་སྐུར་ཡུལ། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཀུན་འདུས་སྨྱན་སྦྱོར་ལྟེ་གནས།   དཔལ་མགོན་ཚེ་རིང་། ཁ་པར། 13893945552

སྦྲག་ཨང་། ༧༤༧༢༠༠

甘肃省甘南藏族自治州碌曲县融媒体中心    华贡才让    13893945552

邮编:747200


阅读 6045
分享
写下你的评论吧