༄༅།། 2021ལོའི་ཟླ་བ་2པའི་ཚེས་14སྟེ་བོད་ལོ་ལོ་གསར་གྱི་ཚེས་གསུམ་ཉིན་ཤག་ཆུ་གྲོང་རྡལ་གྲོང་ཚོ་དྲུག་པས། ཏང་དབུ་བརྙེས་ནས་བགྲང་བྱ་བརྒྱ་འཁོར་བར༼ ལོ་ངོ་བརྒྱ་ཡི་འཁྲུངས་སྐར་བསུ༽ཞེས་པའི་མི་གྲངས་མང་ཤོས་ཀྱི་ཡིག་གཟུགས་འགྲན་བསྡུར་སྤེལ་བའི་མཛད་སྒོ།
2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་བཀྲ་ཤིས་དུས་བཟང་གི་ལོ་ཡིན་པས། འདི་ལོའི་བོད་ཟླ་དང་པོའི་ཚེས་གསུམ་ཉིན་ངེད་ཤག་ཆུ་གྲོང་རྡལ་གྲོང་ཚོ་དྲུག་པའི་ལས་མང་ཡོངས་ནས། ཏང་གི་བཀའ་དྲིན་དྲན་ཞིང་རྒྱལ་གཅེས་ཀྱི་བསམ་བློ་མཐོར་འདེགས་དང་། ཁ་བྱང་༼ ལོ་ངོ་བརྒྱ་ཡི་འཁྲུངས་སྐར་བསུ།༽ཞེས་པའི་ཡིག་གཟུགས་འགྲན་བསྡུར་ཞིག་ཤག་ཆུ་ཁ་གྲོང་ཚོ་དྲུག་པའི་ཚོགས་ཁང་ནང་དུ་སྤེལ་བས་འགྲན་ཞུགས་པ་མི་གྲངས་ལྔ་བརྒྱ་ལས་བརྒལ་བ་དང་། ལྟད་མོ་བ་སྟོང་ཕྲག་ཟུང་ཡས་མས་ཀྱིས་ཚ་ཚ་འུར་འུར་གྱིས་ཡིག་གཟུགས་ལ་མྱོང་རོལ་བྱས།
གཙོ་གཉེར་ཚན་པ་ཤག་ཆུ་གྲོང་ཚོ་དྲུག་པའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུ་རེན་རྒན་པ་ཟླ་བ་རྡོ་རྗེ། ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་སྐལ་བཟང་དོན་གྲུབ། ཨུ་ཡོན་འང་བུ་ ཚེ་དབང་རིག་འཛིན། ཚེ་རིང་ནོར་བུ། གྲགས་བརྟན་ འབྲོང་རྒྱ། སྒྲིག་གཤེར་བ་རྡོ་རྗེ་དང་ནོར་འཕེལ བཅའ་སྡོད་ལས་དོན་ནག་ཆུ་གྲོང་ཁྱེར་སྤྱི་བདེ་མངགས་གཏོང་ཁང་གི་རུ་དཔོན་ཆོས་རྒྱལ་ལགས་སོགས་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་ཐེངས་འདིའི་གཙོ་སྐྱོང་གནང་།
ཁྱབ་ཁོངས་ནི་ཤག་ཆུ་གྲོང་རྡལ་མངའ་ཁོངས་ཀྱི་གྲོང་ཚོ་ཡོངས་ཀྱི་མི་སྣ།
ཡིག་གཟུགས་བྲི་བྱ་ནི།
ཏང་གི་སྲིད་བཟང་རྟ་བདུན་དབང་པོ་ཡི།།
དྲོད་སྐྱིད་འོད་ཟེར་ཞིང་འབྲོག་ཡོངས་ལ་ཁྱབ།།
རླབས་ཆེན་ཏང་གི་དགུང་ལོ་བརྒྱ་བཞེས་ཉིན།།
དབྱངས་གསལ་སོ་བཞིའི་གཟུགས་ཀྱིས་བསུ་བ་ཞུ།།
ཞེས་པ་དེ་མཉམ་བྲིས་ཀྱིས་འགྲན་བསྡུར་བྱས་པ་རེད།
དཔྱད་འདེམ་པ་ནི་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་དང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་རིག་པའི་རལ་གྲི་འམ་གཅུང་བསླབ་གསུམ་དང་། རྒན་ཀརྨ་ལྷུན་འགྲུབ། རྒན་འཆི་མེད་ནོར་བུ། མེ་རོ་འམ་བསྟན་པ། བཅའ་སྡོད་ལས་དོན་ཆོས་རྒྱལ། ཧྲུའུ་ཅི་ཟླ་བ་རྡོ་རྗེ། ཨུ་ཡོན་འ་པུ་སོགས་ཀྱིས་ཐོག་མའི་ཀུན་སློང་ནས་འགོ་བཟུང་ནས་ཉེ་དགའ་ཕྱོགས་ལྷུང་མེད་པར་དྲང་བདེན་དང་ཀུན་སྙོམས་ཀྱི་སྒོ་ནས། སོ་སོའི་བློ་གྲོས་ཀྱིས་དཔོག་ཚོད་ནན་ཏན་གྱིས་དཔྱད་འདེམས་ལེགས་པར་བྱེད་བཞིན་པ།
ཨང་རིམ་དབྱེ་སྟངས། བུ་བཅོལ་ཁང་དང་ལོ་རིམ་དང་པོ་མཉམ་དུ་རིམ་པ་གཅིག ལོ་རིམ་གཉིས་པ་ནས་སློབ་ཆེན་སློབ་མའི་བར་རིམ་པ་གཅིག གཞན་ཁྱིམ་བདག་རྣམས་མཉམ་དུ་རིམ་པ་གཅིག་བཅས་གོ་རིམ་གསུམ་དུ་དབྱེ་ནས་རེ་རེར་ཨང་དང་པོ་གསུམ། གཉིས་པ་དྲུག གསུམ་པ་དགུ། ཁྱོན་བསྡོམས་བྱ་དགའ་གྲངས་54དང་དེ་འཕྲོའི་འགྲན་ཞུགས་པ་ལྔ་བརྒྱ་ལྷག་ཆ་ཚང་ལ་ཕུལ་བྱུང་གི་བྱ་དགའ་གནང་བཞིན་པ།
གོ་རིམ་གསུམ་གྱི་ནང་ཨང་དང་པོ་ཐོབ་མཁན་གྱི་བརྩམས་བྱ་ཁག
ཨང་རིམ་དབྱེ་རྗེས་བརྩམ་བྱ་རྣམས་འགྲེམས་སྟོན་དང་ཡུལ་དངོས་སུ་ཡིག་མཁན་རྣམས་ཀྱིས་ཡིག་གཟུགས་ལོ་གསར་ཤིས་ཚིག་དང་སྨོན་ཚིག་བརྒྱ་ཕྲག་མང་པོ་གསེར་བྲིས་དང་སྣག་བྲིས་བྱས་ནས། དབུ་ཁྲིད་དང་མང་ཚོགས་རྣམས་ལ་ལེགས་སྐྱེས་འབུལ་བཞིན་པ།