༄༅། །གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་བྱས་པའི་༢༠༢༠ལོའི་རླབས་ཆེན་མི་སྣར་
གཟེངས་བསྟོད་དང་ལོ་མཇུག་སྨྱུག་ཚོགས་མཛད་སྒོ་གཙོས་སུ་ཚོགས།
༢༠༢༡ལོའི་ཟླ་༡པོའི་ཚེས་༢༦ཉིན་གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་བྱས་པའི《༢༠༢༠ལོའི་རླབས་ཆེན་མི་སྣར་གཟེངས་བསྟོད་དང་ལོ་མཇུག་སྨྱུག་ཚོགས་མཛད་སྒོ་》ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་གངས་ལྗོངས་ཉི་གཞོན་གསོལ་ཁང་དུ་འཚོགས། ཚོགས་འདུའི་ཐོག་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྐལ་བཟང་དོན་གྲུབ་ཀྱིས་ཚོགས་འདུར་འགོ་འཛིན་མཛད་པ་དང་། གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་ཨ་ནུ་སྐལ་བཀྲ་དང་ཁོང་གི་ལྕམ་མོ་གསང་བདག་འཚོ་རྣམ་གཉིས་ཀྱིས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་ཀྱག་ཀྱོག་གི་བཞུད་ལམ་དང་དཀའ་སྡུག་གི་བརྒྱུད་རིམ་གླེང་སྟེ། ཚོགས་ཐོག་ནས་ཟམ་ཚ་ཚེ་རིང་དོན་གྲུབ་ལགས་དང་ལྡོང་ཚེ་རིང་དོན་གྲུབ་རྣམ་གཉིས་ལ་ས་གནས་རིག་གནས་དར་སྤེལ་ལ་མཛད་རྗེས་ཆེ་བའི་ཐད་ནས་གཟེངས་བསྟོད་ཀྱི་བྱ་དགའ་ཕུལ། བོད་ཀྱི་བྲིས་པ་རྒན་རྡོར་བྷ་དང་ཆོས་འཁོར་བསྟན་འཛིན། གཙོས་ཤེས་རབ་རྒྱ་མཚོ། བདེ་གཤེགས་སྐྱབས། བསོད་ནམས་རབ་བརྟན། སྐལ་བཟང་དོན་གྲུབ་བཅས་བོད་ཀྱི་བྲིས་པ་དྲུག་ལ་ཡིག་གཟུགས་དར་སྤེལ་ཐད་མཛད་རྗེས་ཆེ་བའི་གཟེངས་བསྟོད་ཀྱི་བྱ་དགའ་ཕུལ་བ་དང་། ཚོགས་འདུའི་སྟེང་དུ་རྒན་རྡོར་བྷ་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་བརྒྱུད་འཛིན་དང་དར་སྤེལ་ཐད་ནས་གཏམ་བཤད་གནང་ཞིང་། ལྡོང་ཚེ་རིང་དོན་གྲུབ་ལགས་ཀྱིས་ས་གནས་དམངས་སྲོལ་རིག་གནས་དར་སྤེལ་དང་བརྒྱུད་འཛིན་ཐད་ནས་གཏམ་བཤད་གལ་ཆེན་གནང་། མཇུག་མཐར་ཡུལ་དངོས་ནས་བྲིས་པ་ཚོས་རང་རང་གི་སོར་རྩལ་ལས་བྱུང་བའི་ཡིག་གཟུགས་སྣ་ཚོགས་བྲིས་ཏེ་ཚོགས་འདུ་བདེ་བླག་ངང་གྲོལ།
ཀན་ལྷོ་ཡིག་མཁན་མཐུན་ཚོགས་ཀྱི་དྲུང་ཡིག་སྐལ་བཟང་དོན་གྲུབ་ཀྱིས་མདོ་འཛིན་མཛད།
རྒན་རྡོ་བྷ་ལགས་ཀྱིས་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་ཐད་ཀྱི་གཏམ་བཤད་གནང་བཞིན་པ།
ལྡོང་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།
ཚོགས་རའི་ཟུར་ཙམ།
རྒན་རྡོ་བྷ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།
རྒན་ཆོས་འཁོར་བསྟན་འཛིན་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།
གཙོས་ཤེས་རབ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།
ཁ་གྱ་འཇིགས་མེད་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།
ཡིག་མཁན་ལྷན་རྒྱས་ཀྱི་མཉམ་པར།