ཚེ་རིང་དབང་རྒྱལ་གྱིས།
སྨྱུ་གུ་བཟོ་བྱེད་སྨྱུག་མ་ནི་ལོ་མང་སོང་བའི་སྨྱུག་སྐམ་སྲ་མཁྲེགས་ཅན་ཏེ་སྨྱུ་གུ་བྱེད་མཆོག་གྱུར་དེ་ཡིན་ལ་ལ་ལའི་ཁ་སྐད་དུ་སིབ་ཀྱང་ཟེར་འདུག སྦོམ་ཕྲ་རིང་ཐུང་སོགས་སྨྱུ་གུའི་ཚད་ལྟར་གཞོག་ནས་དུད་ཁ་ཡུན་རིང་བཏགས། དེ་ནས་མར་རྙིང་དང་ཟོག་གི་རྐང་མར་གང་རུང་དང་བུལ་ཏོག་བསྲེས་ཏེ་བྱུག ལྕི་བའི་མྱེ་སྒང་ཚ་ངར་རན་པ་ལ་བརྟེན་ཅིང་སྣུམ་ཁུ་སིབ་སིབ་ཏུ་འཐུང་བཅུག་སྟེ་ངར་ཐེངས་གསུམ་ཙམ་བླུད་ནས་སྦྲ་ཆད་སོགས་ཀྱིས་ཡག་བྱས་ན་ཤིན་ཏུ་བཟང་བས་དེ་ལུགས་བྱའོ།