སྣག་ཚ་རྒྱུགས་པར་ཕན་ཐབས་ཕྲན་བུ།

བཀྲ་ཤིས་དོན་གྲུབ། 
2024-02-27

༄༅།།སྣག་ཚ་རྒྱུགས་པར་ཕན་ཐབས་ཕྲན་བུ།


      སྣག་ཚ་རྒྱུགས་པར་ཕན་ཐབས་ཤེས་ཚོད་ཅིག་སྨྲ་བ་ལ།   གཙོ་བོ་སྣག་ཚའི་ནང་ལ་ཆུ་དང་དམ་ཁའི་སྐོར་བསྲེས་པ་མང་ན་གནོད། སྣག་ཚ་སྤུས་བཟང་སྣག་ཤེད་ཅན་གྱི་རིགས་ཡིན་ན་ལེགས། དེ་ལྟའི་སྣག་ཚ་བུམ་པ་ལྟོ་བ་ལྡིར་བ་ཅུང་ཆེ་བ་ཁ་གཅོད་བཟང་བ་ཞིག་གི་ནང་ལ་འགྱིག་རིགས་མིན་པའི་སྣག་རྫོང་བྱས་ལ་ཡུན་རིང་བོར་ཉར་ཐུབ་ན་འབྲི་ཚེ་སྣག་ཤེད་ལྡན་ལ་རྒྱུགས་པར་ཕན། དགུན་དུས་སོགས་སུ་འཁང་བའམ་སྐམ་མཁྲེགས་སུ་སོང་ན་རྩ་བ་ནས་ལད་སོང་བ་རེད།   དེ་འདྲ་མ་ཡིན་པར་དྲོ་ས་ཞིག་ལ་བཞག་ན་བཟང་ལ་སྐམ་པོར་མི་འགྲོ་བའི་ཆེད་དུ་ནམ་རྒྱུན་བཀོལ་སྤྱོད་བྱེད་ཀི་མེད་ནའང་སྣག་ཚ་འོས་འཚམ་རེ་བསྣན་གི་བསྡད་ན་བཟང་། དེ་ལྟར་ངས་རང་ཉིད་ཀྱི་ཉམས་མྱོང་ཕྲན་བུ་ཞིག་དོགས་འཛེམས་མེད་པར་སྨྲས་སོང་བས་མ་འགྲིགས་ས་ཡོད་ངེས་ལ་དགོངས་དག་ཞུ།

阅读169
分享
写下您的评论吧