མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭའི་ཡིག་གཟུགས་ཆེད་སྒྲིག
ཡིག་གཟུགས་པ་འཇམ་པོ།
འཇམ་པོ་ནི་༡༩༩༧་ལོར་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་ཕ་མ་གཉིས་ཀྱི་བཀའ་དྲིན་ལ་བསྟེན་ནས་སློབ་གྲྭ་ཆུང་འབྲིང་སོགས་འགྲིམས་པའི་སྐལ་བ་ལྡན། དགའ་འོས་པ་ཞིག་ལ་༢༠༡༨ལོའི་ཟླ་༡༠་པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ། རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་གཙོས་དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་ཀྱིན་ཡོད།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
ཡིག་གཟུགས་པ་མཛེས་སྐྱིད།
མཛེས་སྐྱིད་ནི་༡༩༩༧་ལོར་མགོ་ལོག་དགའ་བདེའི་འབྲོག་ཁུལ་ཞིག་ཏུ་སྐྱེས། རིམ་བཞིན་སློབ་གྲྭ་ཆུང་འབྲིང་བཏོན་རྗེས་༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་དགེ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་འབུངས་བྱེད་ཀྱིན་ཡོད།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནས་བླངས་བའི《ཞེ་བློ་བདེ་བའི་མགུར》
སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་བཞུགས་སོ།།
ཡིག་གཟུགས་པ་ལྷ་མཛེས།
ལྷ་མཛེས་ནི་༡༩༩༧་ལོར་མགོ་ལོག་དགའ་བདེ་རྫོང་གཙང་ཞོལ་མ་རུ་སྐྱེས།རིམ་བཞིན་སློབ་ཆུང་དང་དམའ་འབྲིང་མཐོ་འབྲིང་སོགས་བཏོན་རྗེས་༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་དགེ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབུང་གིན་ཡོད།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
ཤེས་བྱའི་མཁའ་དབྱིངས་མ་བཞུགས་སོ།།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་མཛད་པའི《འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ》བཞུགས་སོ།།
ཡིག་གཟུགས་པ་ཀླུ་ཕྱུག
སློབ་བུ་ཀླུ་ཕྱུག་ནི་༡༩༩༨་ལོར་མགོ་ལོག་དགའ་བདེའི་འབྲོག་ཁུལ་ཞིག་ཏུ་སྐྱེས། རིམ་བཞིན་སློབ་གྲྭ་ཆུང་འབྲིང་བཏོན་རྗེས་༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་ངེས་དོན་གྱི་ཡིག་མཁན་ཆེན་མོ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་ཀྱིན་ཡོད།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་གུང་ཐང《སློབ་གཉེར་བསླབ་བྱ》ཚན་བཤུས།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་མཛད་པའི《འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ》 བཞུགས་སོ།།
ཐུ་བྷོད་སྙན་ངག་མཁན་པོ་འཇུ་སྐལ་བཟང་གི་བརྩམས་ཆོས《དུང་སེམས་རླབས་ཀྱི་ཟེགས་མ》ཚན་བཤུས།
ཡིག་གཟུགས་པ་ཐུབ་བསྟན་ཚེ་རིང་།
ཐུབ་བསྟན་ཚེ་རིང་ནི༡༩༩༧་ལོར་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་འབྲོག་ཁུལ་ཞིག་ཏུ་སྐྱེས། རིམ་བཞིན་སློབ་གྲྭ་ཆུང་འབྲིང་བཏོན་རྗེས་༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་ཀྱིན་ཡོད།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག་གིས་མཛད་པའི《མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》ཚན་བཤུས།
《ཡོན་ཏན་གཞིར་གྱུར་མ》རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཇོ་བོའི་སྐུ་འདྲ་དབུ་ཡོན་མའི་སྤྱན་སྔར་ཡུན་རིང་པོར་གསོལ་བ་བཏབ་པས་ལམ་རིམ་གྱི་བླ་མ་རྣམས་ཀྱི་ཞལ་གཟིགས་བྱུང་དུས་བརྩམས་པ་ཡིན་པར་གྲགས།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་མཛད་པའི《འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ》བཞུགས་སོ།།
སྐྱབས་འགྲོ་བཞུགས་སོ།།
ཡིག་གཟུགས་པ་ལམ་བཟང་སྐྱབས།
སློབ་བུ་ལམ་བཟང་སྐྱབས་ནི་༡༩༩༧་ལོར་མགོ་ལོག་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། རིམ་བཞིན་སློབ་གྲྭ་དམའ་འབྲིང་བཏོན་རྗེས། ༢༠༡༦ལོར་རྒན་སེང་གེ་དར་རྒྱས་ཀྱི་མདུན་ནས་སྡེར་ནང་ས་བྲིས་ཀྱི་ཡིག་ཆེན་སློབ་པའི་སྐལ་བ་ཅུང་ཙམ་ལྡན། དེ་ནས། ༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ། རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་ཡང་སྨྱུ་གུ་གཅོད་ཚུལ་དང་སྨྱུ་གུ་ཕབ་ཚུལ། ཡིག་གཟུགས་ལེགས་པོ་བྲིས་པའི་ཕན་ཡོན་དང་ཡིག་གཟུགས་ལེགས་པོ་མ་བྲིས་པའི་ཉེས་དམིགས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་ཀྱིན་ཡོད།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
བསམ་པ་མྱུར་འགྲུབ་མ།
རྗེ་རིན་པོ་ཆེས་མཛད་པའི《དབྱངས་བསྟོད་ཆུ་འཛིན་དཀར་པོ》
དགའ་ལྡན་ལྷ་བརྒྱ་མ་བཞུགས་སོ།།
ཡིག་གཟུགས་པ་ངག་ཚེ།
ངག་ཚེ་ནི་༡༩༩༨ལོར་མགོ་ལོག་དགའ་བདེའི་འབྲོག་ཁུལ་ཞིག་ཏུ་སྐྱེས། རིམ་བཞིན་སློབ་གྲྭ་ཆུང་འབྲིང་བཏོན་རྗེས་༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་ཀྱིན་ཡོད།
སློབ་དཔོན་ཆེན་པོ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པའི《འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ》ཞེས་བྱ་བ།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར།
པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཡུལ་མགོ་ལོག་ལ་ཕུལ་བའི་བསྟོད་ཚིག
པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་་འདས་པའི་མགོ་ལོག་ལ་ཕུལ་བའི་བསྟོད་ཚིག
ཡིག་གཟུགས་པ་འཇམ་པོ།
ཨ་སྐྱབས་ནི་༡༩༩༦ལོར་་མགོ་ལོག་དར་ལག་རྫོང་གསང་རི་མ་སྡེ་བར་སྐྱེས།སློབ་གྲྭ་ཆུང་འབྲིང་སོགས་རིམ་བཞིན་འགྲིམས་ཏེ་༢༠༡༧ལོར་མགོ་ལོག་མི་རིགས་མཐོ་རིམ་སློབ་འབྲིང་ནས་མཐར་ཕྱིན།ཕྱིས་སུ་རྒྱུ་རྐྱེན་གང་མང་གིས་མུ་མཐུད་དུ་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་ན་ཡང་།༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་ད་ལྟའི་བར་སྡེར་ནང་ས་བྲིས་ཀྱི་བྲིས་རབས་བརྒྱད་པ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སྦྱོང་བཞིན་ཡོད།ཞོར་དུ་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་པ་བྱེད་ཀྱིན་ཡོད་པར་མ་ཟད།སུམ་རྟགས་དང་སྙན་ངག་སོགས་ལ་ཡང་སྐབས་དང་བསྟུན་ཏེ་དགེ་རྒན་གཞན་དག་གི་དྲུང་ནས་སློབ་གཉེར་བྱེད་ཀྱིན་ཡོད།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
སྡེར་ནང་ས་བྲིས་ཀྱི་གཟུགས་སུ་བཀོད་པའི་དབྱངས་གསལ་དང་། སློབ་དཔོན་ཐོན་མིས་མཛད་པའི་བྱ་དཀའ་བའི་སྙན་ངག
མ་ཎིའི་གཡང་འབོད་བཞུགས་སོ ། །
ཡིག་གཟུགས་པ་ལྕགས་བོད།
ལྕགས་བོད་ནི་མགོ་ལོག་སྡེར་ནང་ས་བྲིས་ཀྱི་ལྟེ་བ་སྡེར་ནང་ཞེས་པའི་འབྲོག་སྡེ་རུ་༡༩༩༣་ལོར་སྐྱེས། སློབ་ཆུང་ལོ་གསུམ་བཏོན་རྗེས་ཧཱུཾ་ཀར་རྡོ་རྗེ་མི་རིགས་མཐོ་རིམ་སློབ་འབྲིང་དུ་ཞུགས། མཐོ་འབྲིང་མཐར་ཕྱིན་རྗེས་སློབ་ཆེན་བཏོན། ༢༠༡༨ལོའི་ཟླ ༡༠ བར་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་ཡིག་གཟུགས་སློབ་མགོ་བརྩམས།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
སྟོན་པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་འདི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད།
སློབ་དཔོན་ཆེན་པོ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པའི《འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ》ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིསགས་རྩོམ་སྒྲིག་ཁང་།