རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩ་འཛུགས་ཚན་ཆུང་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་གླིང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུའི་ཐོག་ཐག་བཅད་བྱུང་བ་བཞིན། གཤམ་གྱི་མཁས་དབང་ལྔ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩ་འཛུགས་ཚན་ཆུང་གི་སྐབས་དང་པོའི་མཚན་འཛིན་ཚོགས་གཙོ་རུ་གདན་ཞུ་ཞུས་པ་ཡིན།
全国藏文书法日组委会与青海民族大学藏学院联合主办的首届全国藏文书法研讨会会议决定,聘请以下五位著名藏学大师为中国藏文书法日组委会第一届名誉主席。
༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ།
༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། ། སྐྱེས་པ། བོད་རིགས། ཕ་ཡུལ་མཚོ་སྔོན་རེབ་གོང་བ། 1962ལོའི་ཟླ་6པར་ལས་ཀར་ཞུགས། ཁོང་ནི་བོད་རིག་པ་མཁས་ཅན་དང་སློབ་གསོའི་ལས་དོན་བཞེས་མཁན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་དང་དགེ་རྒན་ཆེན་མོ་བཅས་ཡིནལ། ད་ལྟ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ལས་འགན་བཞེས་ཡོད།
赛仓·洛桑华丹,男,藏族,青海同仁人,1962年6月参加工作,著名藏学家,教育工作者,系享受国务院特殊津贴专家,教授,现任甘南藏族自治州政协副主席。
༧གཟན་དཀར་ཐུབ་བསྟན་ཉི་མ་མཆོག
༧གཟན་དཀར་ཐུབ་བསྟན་ཉི་མ་མཆོག་ནི་དགུང་ལོ་བཞི་ལ་སོན་སྐབས་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་བྱས། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི《བཀའ་བསྟན་འགྱུར》གྱི་རྩད་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན། བརྩམས་ཆོས་གལ་ཆེན་ལ《ཐེག་ཆེན་མདོར་བསྟན་》སོགས་བཅུ་ཕྲག་འགའ་ཡོད་ཅིང་། 《བོད་རྒྱའི་ཚིག་མཛོད་ཆེན་མོ》དང་བོད་ཡིག་གི《བཀའ་བསྟན་ཆེན་མོ》བཟོ་བཅོས་གཏན་འཁེལ་ལ་མདོ་འཛིན་མཛད། ཉེ་བའི་ལོ་ཤས་རིང་གདན་ཞུས་ལྟར་དབྱིན་ཇིར་བསྐྱོད་དེ《བོད་དབྱིན་ཚིག་མཛོད་ཆེན་མོ》རྩོམ་འབྲི་དང་ཞིབ་བཤེར་གཏན་འབེབས་བྱེད་པར་ཐེངས་མང་ཞུགས་ཡོད། སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་བཅས་སོ།།
土登尼玛活佛 4岁被认定为转世活佛。现为中国藏学研究中心《大藏经》对勘局副局长。论著有《九乘简论》等数十部;主持校订《藏汉大词典》、藏文《大藏经》。近年多次应邀访英参与编写、审定《藏英大词典》。第九届全国人民代表。
༧ དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན།
༧ དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན། ཨ་མདོ་དཔའ་རིས་མཆོད་རྟེན་ཐང་དགོན་པའི་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཡིན།ཁོང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་ཆེད་ལས་མཁས་ཅན་དང་། བོད་ལྗོངས་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ་སོགས་སྤྱི་ཚོགས་ཀྱི་གོ་གནས་སྣ་ཚོགས་གཅིག་ལྕོགས་སུ་བཞེས། གངས་ལྗོངས་སུ་དེང་སྐབས་ཀུན་གྱིས་རེ་ལྟོས་བྱེད་ཡུལ་དུ་གྱུར་པའི་མཁས་དབང་དང་སློབ་གསོ་བ་ཡིན་ནོ།།
多识仁波切·洛桑图丹琼排,安多华锐藏区天堂寺第六世转世活佛,西北民族大学藏语言文化学院教授,博士生导师,系享受国务院特殊津贴专家。兼任西藏大学客座教授等多种社会职务。雪域当代深受众望的学者和教育工作者。
༧ བསྟན་འཛིན།
བསྟན་འཛིན་ལགས། ཕོ། བོད་རིགས། 1946ལོའི་ཟླ་12པར་སྐྱེས། བོད་ལྗོངས་ཀྱི་མི་ཡིན། ཧྥུ་ཏན་སློབ་གྲྭ་ཆེན་མོའི་གསར་འགྱུར་ཚན་ཁག་གི་གསར་འགྱུར་ཆེད་ལས་ནས་སློབ་མཐར་ཕྱིན། ད་ལྟ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་ཡོད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་མཚན་འཛིན་ཨུ་ཡོན། 2005ལོ་དང་2006ལོར་ཀྲུང་གོའི་རིག་གནས་ཐོན་ལས་ཀྱི་མི་སྣར་བསྟུད་མར་བདམས་པ་མ་ཟད། 2007ལོའི་ཀྲུང་གོའི་གསར་གཏོད་ཐོན་ལས་ཀྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཡང་ཐོབ་པ་རེད། བསྟན་འཛིན་གྱིས་བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་མྱོང་བ་དང་། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་ཀྲུང་དབྱང་ཨུ་ཡོན་སོགས་ཡིན།
丹增,男,藏族,1946年12月出生,西藏比如人。复旦大学新闻系新闻专业毕业。现任中国文联副主席。中国作协原副主席。中国文学艺术界联合会第十届荣誉委员。在2005、2006年接连被评为中国文化产业人物,并荣获2007年中国创意产业杰出贡献奖。丹增曾任西藏自治区、云南省委副书记,是中央候补委员、中央委员。
༧ཤར་ཚང་བསྟན་འཛིན་འཇིགས་མེད་སྐལ་ལྡན
༧ཤར་ཚང་བསྟན་འཛིན་འཇིགས་མེད་སྐལ་ལྡན་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལུང་རོང་བོ་དགོན་ཆེན་དང་དེའི་ཁོངས་གཏོགས་དགོན་སྡེ་39ཡི་སྤྱི་ཁྱབ་གཙོ་སྐྱོང་གནང་མཁན་ཡིན།
夏日仓•丹增久美噶丹 中国佛教协会常务理事、青海省黄南藏族自治州人大常委会副主任、隆务大寺及所属39座寺院总主持。