གངས་ལྗོངས་ཨ་ནུ་ཡིག་ཆས་ཀུང་སིས་གསར་བཟོ་གནང་པའི་སྣག་ཆུ་རང་འབབ་གྱི་འབྲི་སྨྱུག་འདི་ནི་དུས་རབས་ཀྱི་དགོས་མཁོ་དང་བསྟུན་གསར་བཟོ་མཛད་པའི་འབྲི་སྨྱུག་ཞིག་ཡིན་ལ། ཉེ་པའི་ཉིན་འདི་འགར་ས་ཆ་སོ་སོའི་བྲིས་པ་ཚོས་མངགས་ཉོ་དང་རྒྱུས་ལོན་བྱེད་པའི་སྐབས་སུ་ངེད་བོད་ཀྱི་ཡིག་གཟུགས་དྲ་བས། དུས་ལྟར་འབྲི་སྨྱུག་གི་གནས་ཚུལ་རགས་རིམ་ཞིག་བྲིས་པ་ཚོའི་མིག་ལམ་དུ་ཕུལ་བ་འདི་ཡིས་རྣམ་པ་ཚོར་རྒྱུས་ལོན་གྱི་ནུས་པ་ཅུང་ཟད་ཐོན་ཐུབ་པར་སྨོན།
སྨྱུ་གུ་ཆ་ཚང་གཅིག་ལ་སྨྱུ་གུ་ཆེ་འབྲིང་ཆུང་གསུམ་ཡོད་ལ། དབུ་ཅན་དང་དབུ་མེད། ལཉྫ་དང་ཝརྟུ་སོགས་འབྲི་ནུས།
ཆ་ཚང་གཅིག་ནི་སྒམ་ཆུང་གཅིག་ཏུ་བསྒྲིགས་ཐུབ་པ།
སྨྱུ་གུའི་རིང་ཚད་ལ་ལི་རྨི་24.5ཡོད་པ་དང་། སྨྱུག་མགོའི་ཚངས་ཕྱེད་ལ་ལི་རྨི2.5ཡོད