ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་གཙོས་གྲོང་ཁྱེར་ནས་འཚ

གསར་འགོད་པ་བཀྲ་ཤིས་ཚེ་རིང་། ཡིག་བསྒྱུར་བ་རྟ་མགྲིན
2019-12-20


ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་

གཙོས་གྲོང་ཁྱེར་ནས་འཚོགས་པ།



    


           2019ལོའི་ཟླ་12ཚེས་18ནས་19ཉིན་བར།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཞི་པདུས་བཅད་ལྟར་འཚོགས་ཤིང་། ཚོགས་ཞུགས་འཐུས་མི་བརྒྱ་དང་ཉི་ཤུའི་ཁྲོད་དུ་ཁུལ་རིམ་པའི་འཐུས་མི་10དང་། མཐུན་ཚོགས་ཁག་གི་འཐུས་མི་50།   རྫོང་དང་གྲོང་ཁྱེར་ཁག་གི་འཐུས་མི་49། ཁུལ་རིག་རྩལ་ལྷན་ཚོགས་ཁང་གི་འཐུས་མི་10ལས་རིགས་རིག་རྩལ་ལྷན་ཚོགས་ཀྱི་འཐུས་མི་1བཅས་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་འཐུས་མི་99སྤྱིའི་འཐུས་མིའི76%ཟིནབུད་མེད་ཀྱི་འཐུས་མི་26སྤྱིའི་འཐུས་མིའི21%ཟིན་ཡོད་པ་རེད། འཐུས་མིའི་ཆ་སྙོམས་ལོ་ཚད་41ཡིན་པ་དང་། ཁུལ་ཡོངས་ཀྱི་གྲོང་ཁྱེར་གཅིག་དང་རྫོང་བདུན་ནས་ཐོན་པའི་འཐུས་མི་ཡིན་པས་རྒྱ་ཁྱབ་རང་བཞིན་དང་འཐུས་ཚབ་རང་བཞིནན་གཞོན་རང་བཞིན་དང་སྣེ་མང་རང་བཞིན་དུ་འགྱུར་བཞིན་པའི་རྣམ་པ་གསར་བ་ཞིགམངོན་ཡོད། ཐེངས་འདིའི་ཚོགས་ཆེན་ལ་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝང་ཀྲེ་མའོ་དང་། ཁུལ་མི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུང་། ཁུལ་སྲིད་གྲོས་ཀྲུའུ་ཞི་ཞུས་ཆང་དང་དེ་བཞིན་དབྱང་ཁྲང་ཏེ་དང་། ཝང་ཧྥང་། ཀྲའོ་ཧུང་ཚའེ་སོགས་འགོ་ཁྲིད་རྣམས་མཉམ་དུ་ཚོགས་འདུར་ཞུགས་ཤིང་ཁུལ་ཨུད་གཙོ་བྱས་པའི་ཚན་ཁག་ཆེན་པོ་བཞིས་ཐེངས་འདིའི་ཚོགས་ཆེན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཚད་མེད་གནང་།


    

ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝང་ཀྲེང་མའོ་ཡིས་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་གསུང་བཤད་གནང་བཞིན་པ


    

ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུ་གིསཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ནས་གསུང་བཤད་གནང་བ།



            ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཡུང་ཅའུ་ཡིས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་སྐབས་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེདུས་རབས་བསྟོད་གླུ་དང་མི་དམངས་ལ་དུང་སེམས་བཅངས་ནསཆོད་སེམས་དང་ཡིད་ཆེས་སྔར་བས་ཆེན་པོ་ཀན་ལྷོའི་རིག་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོསཞེས་པའི་ལས་དོན་སྙན་སྒྲོན་གནང་། རིག་རྩལ་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ཚུན་གྱི་ལོ་ལྔའི་ལས་དོན་ལ་ཕྱིར་བལྟས་དང་། ལས་ཀའི་མྱོང་ཚོར་དང་བློ་བསྐྱེད སླད་ཕྱིན་རིག་རྩལ་ལྷན་ཚོགས་ཀྱི་ལས་དོན་གྱི་བསམ་བློའི་མཛུབ་སྟོན་དང་ཁ་ཕྱོགསདམིགས་ཚད་བཅས་ལ་མཛུབ་ཁྲིད་ཀྱི་ནུས་པ་ཐོན་པའི་བཀོད་སྒྲིག་ནན་མོ་བྱས། སྤྲོ་སེམས་རབ་ཏུ་འཁོལ་བའི་སྙན་སྒྲོན་གྱིས་ཚོགས་ཆེན་ལ་མཐོ་རླབས་ཡང་ཡང་བསྐྲུན་པ་མ་ཟད ཚོགས་ཞུགས་འཐུས་མིསྤྲོ་སེམས་ཀུན་ནས་འཁོལ་ཞིང་རེ་བས་ཡོངས་སུ་ཁེངས་པར་བྱས སྙན་ཞུར་ཉན་མཁན་ཚོའི་ཐལ་མོའི་རྡེབ་སྒྲཚོགས་རའི་ཐག་མཐའ་བར་གསུམ་དུ་ཡང་ཡང་མཆེད་པས་ཚོགས་འདུའི་ཁ་དབུགས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད།


    

ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཡུང་ཅའོ་ཡིས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་སྐབས་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས《ལས་དོན་སྙན་སྒྲོན》 ཞུ་བཞིན་པ།



    

མཐུན་ཚོགས་ཁག་གི་མཉམ་པར།


    

མཐུན་ཚོགས་ཁག་གི་མཉམ་པར།


    

མཐུན་ཚོགས་ཁག་གི་མཉམ་པར།


    

མཐུན་ཚོགས་ཁག་གི་མཉམ་པར།



    

མཐུན་ཚོགས་ཁག་གི་མཉམ་པར།



    

གདན་ཞུའི་མཚན་འཛིན་ཨུ་ཡོན་གྱི་མཉམ་པར།


            ཚོགས་ཆེན་འདིས་ཚགས་དམ་པའི་སྒོས་ཉིན་གཅིག་དང་ཕྱེད་ཀྱི་དུས་ཚོད་ནང་གྲ་སྒྲིག་གྲོས་ཚོགས་དང་། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས། ཚོ་ཆུང་གྲོས་བསྡུར་ཐེངས་གཉིས། ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་ཚོགས་བཅས་བརྒྱུད་དེ ཚོགས་འདུས་གཏན་འཁེལ་བྱས་པའི་བྱེད་སྒོ་དང་བྱ་བའི་ནང་དོན་34ལེགས་འགྲུབ་བྱུང་པ་དང་།   ཚོགས་ཆེན་གྱི་འདེམས་བསྐོའི་བྱེད་ཐབས་གཞིར་བཟུང་ནས་སྐབས་བཞི་པའི་རིག་རྩལ་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་31དང་། གདན་ཞུའི་ཀྲུའུ་ཞི་གཞོན་པ་10ཀྲུའུ་ཞི་1ཀྲུའུ་ཞི་གཞོན་པ་2དྲུང་ཆེ་1དྲུང་ཆེ་གཞོན་པ་2བཅས་བདམས་པ་རེད། འཐུས་མི་ཡོངས་ནས་སྐབས་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་བྱས་ཤིང་རིག་རྩལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་བཟོ་བཅོས་བརྒྱབ་པ་མ་ཟད། སྐབས་བཞི་པའི་ཨུ་ཡོན་ལྷན་ཁང་གིས་གྲོས་འདོན་དང་འཐུས་མི་ཡོངས་ཀྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གཞན་ཁུལ་ཡོངས་ཀྱི་སྒྱུ་རྩལ་པ་རྒན་གྲས་21ཆེད་དུ་གདན་དྲེན་ཞུས་ནས་སྐབས་བཞི་པའི་རིག་རྩལ་ལྷན་ཚོགས་ཀྱི་མཚན་འཛིན་ཨུ་ཡོན་ལ་བསྐོ་གཞག་བྱས་ཤིང་སྐབས་བཞི་པའི་རིག་རྩལལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཡུང་ཅའོ་ལགས་ཀྱིས་མཚན་འཛིན་དཔང་ཡིག་སྤྲད།


ཚོགས་ཆེན་གྱི་འདེམ་བསྐོའི་རྒྱུད་རིམ་ཟུར་བཀོད།



微信图片_20191220103202.jpg

འདེམ་ཤོག་འཕེན་བཞིན་པའི་ཡུལ་དངོས།




            ཐེངས་འདིའི་ཚོགས་ཆེན་ནི་ཕུན་སུམ་ཚོགས་པའི་ཚོགས་ཆེན་ཞིག་དང་གྲུབ་འབྲས་མངོན་དུ་གསལ་བའི་ཚོགས་ཆེན་ཞིག་ཡིན་པ་མ་ཟད། འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ཚུན་གྱི་ལོ་ལྔའི་རྗེས་ཀྱི་འདུ་འཛོམས་ཆེན་མོའམ། ཁུལ་ཡོངས་ཀྱི་རིག་རྩལ་ལྷན་ཚོགས་ཀྱི་གོང་འོག་མཉམ་འབྲེལ རིག་རྩལ་ལས་རིགས་ཁག་གི་བསམ་བློ་བརྗེས་རེསསྒྱུ་རྩལ་པ་དང་། རྩོམ་པ་པོ། སྙན་ངག་པ་རྒན་དར་གཞོན་གསུམ་དབར་ཀྱི་སྙིང་གཏམ་མོལ་རེས་སོགས་ཀྱི་ཚོགས་འདུ་ཞིག་ཡིན་པས།   དེང་ཕྱིན་གྱི་ཀན་ལྷོའི་རིག་རྩལ་བྱ་གཞག་ལ་ནུས་པ་གལ་ཆེན་འདོན་ངེས་པ་དང་། མ་འོངས་ལས་དོན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་དང་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པཆོད་སེམས་བརྟན་པོ་བཙུགས་ཡོད་པ་རེད།


微信图片_20191220103328.jpg


ཐེངས་འདིའི་ཚོགས་ཆེན་གྱི་སྐབས་སུ་སྤེལ་བའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ལ་གཟིགས་ན་འདི་མནོན།


    


གསར་འགོད་པ།ཀན་ལྷོའི་ཉིན་རེ་ཚགས་པར་ཁང་།

ཡིག་བསྒྱུར་བ་རྟ་མགྲིན་མགོན་པོ།

པར་ལེན་པ།ཀན་ལྷོའི་ཚགས་པར་ཁང་གི་བཀྲ་ཤིས་ཚེ་རིང་དང་

རྟ་མགྲིན་མགོན་པོ་སོགས།


阅读 2634
分享
写下你的评论吧