རླབས་ཆེན་གྱི་མི་རིགས། ངོ་མཚེར་བའི་མཛད་རྗེས།

གསར་འགོད་པ། ཐུབ་བསྟན་རྡོ་རྗེ།
2019-11-25


རླབས་ཆེན་གྱི་མི་རིགས། ངོ་མཚེར་བའི་མཛད་རྗེས།




      2019ལོའི་ཟླ་11པའི་ཚེས21ཉིན། གསེར་བཟང་ལྷད་མེད་ཀྱིས་བྲིས་པའི་འཛམ་གླིང་སྟེང་ཆེས་ཆེ་བའི་ལམ་སྔགས་གསེར་བྲིས་ཆེན་མོའམ་ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག་བཞེངས་པ་ལེགས་གྲུབ་བྱུང་བར་མ་ཟད། འཛམ་གླིང་ཟིན་ཐོ་དཔང་སྤྲོད་ལས་ཁུངས (WRCA) ཀྱིས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད་མཐར། འཛམ་གླིང་ཟིན་ཐོར་བརྒལ་བ་ངོས་ལེན་བྱས་ཏེ་དཔང་ཡིག་གནང་བའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དུ་བསྡུས།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ་དང་གཅན་ཚ་རྫོང་མི་དམངས་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པ་ནོར་བུ་བསམ་འགྲུབ།གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལི་ལིས་ཁོ། ལམ་སྔགས་གསེར་བྲིས་ཆེན་མོའི་གྲོས་འགོ་འདོན་མཁན་དགེ་འདུན་མཆོག་གྲུབ། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་བརྩོན་འགྲུས། ད་དུང་འཛམ་གླིང་ཟིན་ཐོ་དཔང་སྤྲོད་ལས་ཁུངས་ཀྱི་ལས་མི་བཞི་བཅས་མཛད་སྒོའི་སྟེང་ཞུགས་པ་རེད།


    


ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག


     

       ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག་ཅེས་པ་འདི་ནི་ཞེང་ལ་ལི་རྨི་63དང་སྲིད་ལ་ལི་རྨི་142.5ཤོག་ངོས་རེར་ཐིག་ཕྲེང་12དང་། ཐིག་ཕྲེང་རེའི་ཆེ་ཆུང་གི་ཚད་ལི་རྨི་3 ཤོག་ལྷེ་རེར་ཆ་སྙོམས་ཡིག་འབྲུ་སྟོང་གཅིག་ལྔ་བརྒྱ་ལྷག་ཡོད་ལ། ཁྱོན་བསྡོམས་ཡིག་འབྲུ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་ལྷག་ཡོད་པ་རེད།

གྲངས་ཚད་ནི། ལམ་རིམ་ལ་ཤོག་གྲངས་393དང་། སྔགས་རིམ་ལ་ཤོག་གྲངས་377 ཁྱོན་བསྡོམས་ཤོག་གྲངས་770ཡོད། སྤྱིའི་འགྲོ་སོང་ལ་སྒོར་ས་ཡ་བཞི་དང་འབུམ་གསུམ་ཁྲི་གསུམ་སྟོང་གསུམ་བརྒྱད་བརྒྱ་(4333800)བཏང་ཡོད་པར་མ་ཟད། གསེར་བྲིས་པ་མི་བཅུས་ལམ་སྔགས་གཉིས་ཟླ་བ་བཅུ་ལྷག་ལ་བྲིས་ཤིང་། ཞུ་དག་པ་གྲྭ་བ་གཉིས། ལྷ་བཟོ་གསུམ། བོད་ཤོག་ལས་སྣོན་པ་བཞི།གསེར་འདུལ་བ་བཞི་བཅས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འབྲི་བཞེངས་བྱས།

       མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་གི་འགན་འཛིན་པ་བརྩོན་འགྲུས་ཀྱིས་ཀསྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ནས་བཤད་རྒྱུར། ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག་གི་ཕོན་ཆེ་ཆུང་དང་ཤོག་བུའི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་སྔར་བཞེངས་མྱོང་མེད་ལ་འདི་ནི་རྒྱལ་བའི་གསུང་རབ་གསེར་བྲིས་མ་ཆེས་ཆེ་བ་དང་། གླེགས་བམ་གཅིག་གི་ངོས་ནས་ཆེས་བམ་མཐུག་པོ་ཅན་དེ་ཡིན་ངེས་རེད་ཅེས་བཤད།

       ད་དུང་ཤོག་བུའང་བོད་རང་གི་གནའ་བོའི་ཤུལ་འདས་རིག་གནས་ཀྱི་ལག་རྩལ་དངོས་སྤྱད་དེ་བཟོས་པ་ཡིན་པས་ཆུ་དང་འཕྲད་ཀྱང་རུལ་དཀའ་བའི་ཁྱད་ཆོས་ལྡན་ཞིང་། རྙིང་ཐེག་པས་ལོ་ག་ཚོད་ཅིག་འགོར་ཡང་སྔར་བཞིན་བརྟན་ཆགས་སུ་གནས་ཐུབ་པར་མ་ཟད། བཀླག་ན་མིག་ལ་བདེ་ཞིང་ཉར་ན་རིན་ཐང་ཆེ་བའི་སྔར་མེད་ཀྱི་ཁྱད་ཆོས་འབུར་ཐོན་མང་པོ་ལྡན་པ་རེད།


    

ཐེངས་འདིར་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།


    

ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིགགི་གྲོས་འགོ་འདོན་མཁན་དགེ་བཤེས་དགེ་འདུན་མཆོག་གྲུབ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།


    

མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་གི་འགན་འཛིན་པ་བརྩོན་འགྲུས་ཀྱིས་གཏམ་བཤད་གནང་བཞིན་པ།


    

འཛམ་གླིང་ཟིན་ཐོའི་དཔང་ཡིག་གནང་བཞིན་པ།


    

མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་གི་ལས་བཟོ་བ་ཡོངས་ཀྱི་མཉམ་པར།



གསར་འགོད་པ། ཐུབ་བསྟན་རྡོ་རྗེ།


阅读 1000
分享
写下你的评论吧