སྙེ་བྲིས་དཔེ་ཁྲིད།

ལྷུན་གྲུབ་རྒྱ་མཚོ།
2018-05-03

        ཡུལ་མདོ་སྨད་ཀྱི་སྙེ་བྲིས་པ་ལྷུན་གྲུབ་རྒྱ་མཚོ་ནི་སི་ཁྲོན་རྔ་བ་རྫོང་རྔ་སྨད་དགེ་ལི་སྡེ་བར་སྐྱེས།སྔ་རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དང་ལྷ་སའི་སྐད་ཡིག་ལམ་བཟང་སློབ་གྲྭ། རྭ་རྒྱ་ཤེས་རིག་གླིང་སོགས་སུ་སློབ་སྦྱོང་བྱས། རྭ་རྒྱ་ཤེས་རིག་གླིང་ནས་སློབ་མཐར་ཕྱིན་ཁར་<   letters from a   father   to his daughter>ཡབ་ཆེན་གྱིས་སྲས་མོར་སྤྲངས་པའི་འཕྲིན་ཞེས་པ་བསྒྱུར་བསྒྲིགས་བྱས་ཤིང་དྲིས་ལན་ཆེད་དེབ་སྒེར་གྱི་དོགས་གཞི་དང་སོ་སོའི་ལྟ་ཚུལ་ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། བོད་ཀྱི་ཡིག་གཟུགས་ཆེད་མཁས་དགེ་རྒན་མང་བོ་སྤྱི་བོས་བཀུར་ཏེ་ཡིག་དཀར་ནག་ཀུན་ལ་སྦྱང་བ་ཚད་ལྡན་བྱས་ཤིང་ལྷག་དོན་དབུ་ཅན་སྙེ་བྲིས་ལ་མཚོན་ལ་དགེ་རྒན་བཀའ་དྲིན་ཅན་ཕོ་བྲང་པོ་ཏ་ལའི་བྲིས་པའམ་སྙེ་བྲིས་རྒྱུད་འཛིན་པ་སྙེ་འཕྲིན་ལས་རྒྱལ་མཚན་མཆོག་གི་དམིགས་བསལ་ཁྲིད་སྐྱོང་འོག་དགེ་རྒན་མཆོག་གི་ཕྱག་རྒྱུན་གཙང་མར་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཐོབ་པས་ད་ལྟ་གྲུབ་འབྲས་བཟང་བའི་ན་གཞོན་བྲིས་པའི་གྲས་སུ་ཚུད་ཡོད་པ་མ་ཟད་ཙོང་ཁ་བཀའ་བསྟན་གསེར་བྲིས་ཁང་གི་ཡིག་གཟུགས་དགེ་རྒན་དང་ཁམས་དུང་དཀར་ཤེས་རིག་བྱམས་བརྩེའི་སློབ་གྲྭ་སོགས་སུ་སློབ་མ་མང་བོ་བསྐྱང་དང་སྐྱོང་བཞིན་མཆིས་སོ།།


勒智加措.jpg





阅读 18348
分享
写下你的评论吧