༄༅།།གནའ་དེང་བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གི་ལག་ལེན།

ཧེ་རམ་པ།
2015-04-14

  ཡི་གེ་ཡོད་པའི་མི་རིགས་ཞིག་ཡིན་ན་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་འབྲི་སྦྱོང་གི་ཐབས་ལམ་ཞིག་ཡོད་པ་གོར་མ་ཆག  དེ་བས་བོད་མི་རིགས་ལ་རང་གི་སྔོན་རབས་མཁས་པ་ཚོས་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རང་མི་རིགས་ཀྱི་ཡིག་གཟུགས་དང་།  ཡུལ་དུས་གནས་སྐབས་ལ་བསྟུན་དེ་ཡིག་གཟུགས་ཁྲིད་སྦྱོང་གི་སྲོལ་བཏོད་ཅིང་།  ཡིག་ཆས་སྣ་ཚོགས་པ་ཞིག་ཀྱང་རིམ་བཞིན་བྱུང་པ་རེད།  དེ་བས་འདིར་བཀོད་པ་ནི་གནའ་དེང་བོད་ཡིག་འབྲི་སྦྱོང་ལ་གཞན་དྲིང་མི་འཇོག་པའི་བྲིས་གཞི་ཐུན་མོང་མ་ཡིན་པ་སྟེ།  བྱང་ཤིང་ངམ་སྦྱང་ཤིང་དུ་འབོད་པ། གཞན་ཀ་ཤིང་གི་མིང་དུ་འབོད་པའི་ཡིག་ཆས་འདི་གསར་ཏུ་གཏོད་ཀྱང་དར་ཁྱབ་ཏུ་སོང་བ་ད་ལྟའང་བཀོལ་སྦྱོད་བྱ་བཞིན་པ་གཤམ་ལྟར།

阅读 796
分享
写下你的评论吧