ལེ་ཚན་གསར་སྤེལ་བརྡ་སྦྱོར།

རྩོམ་སྒྲིག་ཚོགས་པས།
2019-05-05

བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་དང་འབྲེལ་ཡོད་ཀྱི་ལས་ཁུངས་སམ་ཚོགས་པ་རྣམས་ལ་ཞུ་དོན།

   དེང་འདིར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དར་རྒྱས་སུ་གཏོང་བའི་མཛད་པ་དང་འཕྲིན་ལས་རྒྱ་ཆེར་དར་བཞིན་པའི་སྐབས་སུ།   ངེད་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་གཞན་དང་ཐུན་མོང་མ་ཡིན་པའི་བོད་རང་གི་ཡིག་གཟུགས་སྒྱུ་རྩལ་གྱི་ལས་དོན་ལ་སྲི་ཞུ་གང་ལེགས་བསྒྲུབ་ཕྱིར།   དྲ་ཚིགས་ཀྱི་འོས་སྦྱོར་ལེ་ཚན་ལ་སྔར་ཡོད་མི་སྣ་འོས་སྦྱོར་གྱི་རྨང་གཞིའི་སྟེང་སྡེ་ཁག་འོས་སྦྱོར་ཞེས་པའི་ལེ་ཚན་གསར་བ་ཞིག་ཁ་སྣོན་བྱས་ཡོད།

   ལེ་ཚན་འདི་ནི་བོད་ཀྱི་ཡིག་གཟུགས་ལས་དོན་དོན་དུ་གཉེར་བའི་ཐུན་མོང་རྩ་འཛུགས་འོས་སྦྱོར་བྱ་ཡུལ་ཞིག་ཡིན་པས།   རྣམ་པ་ཚོས་མི་སྒེར་མ་ཡིན་པའི་ཡིག་གཟུགས་སྐོར་གྱི་རྩ་འཛུགས་ཆེ་ཆུང་གང་རུང་གི་གནས་ཚུལ་རྣམས་ཞིབ་དག་གསལ་གསུམ་གྱི་སྒོ་ནས་ཡི་གེར་འགོད་པ་དང་། ཞུ་དག་ནན་མོ་བྱས་རྒྱས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་dzgb@163.com ཡིག་སྒམ་མམ་རྩོམ་སྒྲིག་པའི་སྐད་འཕྲིནddv5237ལ་སྐུར་ན་གོ་རིམ་བཞིན་དྲ་འགོད་བྱ་རྒྱུ་ཡིན་པས་ཡུལ་ཕྱོགས་སོ་སོའི་ཡིག་གཟུགས་མཐུན་ཚོགས་དང་ཞིབ་འཇུག་སྡེ་ཁག་སོགས་ཚོགས་པ་སོ་སོའི་མི་སྣ་དང་ཨུ་ཡོན་ཚོས་དེའི་དོན་དགོངས་འཇགས་ཡོང་བར་མཁྱཻན།

ཞེས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས།                 

༢༠༡༩ལོའི་ཟླ༥ཚེས༥ཉིན།                     


阅读 374
分享
写下你的评论吧