པིར་རྩེ་ལས་འཁྲུངས་པའི་ཨེ་བྲིས་ཀྱི་ཉམས་འགྱུར།

དཔྱད་འདེམ་དགེ་རྒན་གྱིས་འོས་སྦྱོར་བྱས་པ།
2021-04-20

པིར་རྩེ་ལས་འཁྲུངས་པའི་ཨེ་བྲིས་ཀྱི་ཉམས་འགྱུར།

      གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དགའ་ཆེན་རྡོ་རྗེ་ཚེ་རིང་མཆོག་གི་མི་སྒེར་གྱི་ཡིག་གཟུགས་འགྲེམས་སྟོན་དེ་སྤྱི་ལོ་༢༠༢༡ལོའི་ཟླ་༤ཚེས་༡༧ཉིན་ལྷོ་ཁ་རྟེན་རྫས་བཤམས་མཛོད་ཁང་ནང་གྲ་རྒྱས་ངང་ལེགས་འགྲུབ་བྱུང་།


2.jpg



5.jpg



3.jpg



6.jpg



7.jpg


8.jpg



9.jpg



10.jpg



10-1.jpg




12.jpg



13.jpg





11.jpg




ཡིག་མཁན་ངོ་སྤྲོད།

རྡོ་རྗེ་ཚེ་རིང་།   པིར་མིང་། དགའ་ཆེན་པ་རྡོ་རྗེ་ཚེ་རིང་།   

         ༡༩༨༡ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཨེ་ཆུ་མདོ་རྒྱང་དུ་སྐྱེས།༢༠༡༠ལོར་བོད་ལྗོངས་སློབ་ཆེན་བོད་ཀྱི་རྩོམ་རིག་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ་ནས་སློབ་མཐར་བྱས།   ད་ལྟ་ལྷོ་ཁ་མཐོ་འབྲིང་གཉིས་པར་བོད་ཡིག་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།   

           བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་དང་ལྷོ་ཁའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།   གྲོང་ཁྱེར་རིམ་པའི་ཨེ་བྲིས་ཡིག་གཟུགས་ཀྱི་རྒྱུན་འཛིན་པ།   ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་།   ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།   བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།   ལྷོ་ཁའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།   བོད་རང་སྐྱོང་ལྗོངས་རིག་གཞུང་ལག་རྩལ་སྣེ་ཁྲིད་མི་སྣ།   རང་སྐྱོང་ལྗོངས་སློབ་གྲྭ་ཆུང་འབྲིང་གི་སྐབས་དང་པོའི་རིག་གཞུང་སྣེ་ཁྲིད་མི་སྣ།   ལྷོ་ཁ་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན་དང་རིག་གཞུང་སྣེ་ཁྲིད་མི་སྣ་སོགས་ཡིན།

གྲོང་ཁང་ཚེ་རིང་ཆོས་རྒྱལ་དང་ཨོ་རྒྱན་བསྟན་པ།   གཉལ་གཞུང་བཀྲ་ཤིས་རྒྱལ་མཚན།   སློབ་དཔོན་ཡོན་ཏན་བཀྲ་ཤིས།   བྱམས་པ་བསྟན་འཛིན་སོགས་ཀྱི་དྲུང་ནས་ཨེ་བྲིས་གཙོར་བྱས་པའི་ཡིག་གཟུགས་ལ་སྦྱངས།    ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི་ཡིག་གཟུགས་འགྲན་བསྡུར་ནང་དུ་བྱ་དགའ་ཐེངས་མང་ཐོབ།

བརྩམས་ཆོས་སུ་ཡིག་གཟུགས་དེབ་<<ཨེ་བྲིས་ཡིག་གཟུགས་མེས་པོའི་ཞལ་རྒྱུན>>དང་།   བརྩམས་སྒྲུང་ཕྱོགས་སྒྲིག་<<ཚེ་རིང་སེང་གེ>>སོགས་ཡོད།


书法家简介:

多吉次仁   笔名:尕庆.多吉次仁

1981年出生在曲松县邱多江,2010年毕业于西藏大学文学院,硕士研究生,党员,高级教师,现任职于山南市第二高级中学。

       西藏书法家协会、山南书法家协会会员,市级埃赤体书法非物质文化遗产传承人,中国作家协会、中国少数民族作家协会、西藏作家协会、山南作家协会会员,西藏自治区学术技术带头人,西藏自治区首批中小学学科带头人,山南市学科带头人、骨干教师。

       曾问学于冲康.次仁曲杰、乌金丹巴、聂雄.扎西江村、云丹扎西、强巴旦增等书法大师,学习了埃赤体为主的各种藏文字体,在自治区级、市级书法大赛中荣获多个奖项。

出版著作有书法作品集《埃赤体藏文书法》,文学作品集《次仁森格》等。


阅读 79
分享
写下你的评论吧